རྒྱལ་བ་རིན་པོ་ཆེའི་བཀའ་སློབ

མ་སུ་རིར་བོད་ཕྲུག་སློབ་གྲྭ་དང་པོ་དབུ་འཛུགས་བསྐྱངས་པའི་ཐོག་སྩལ་བའི་བཀའ་སློབ།

འཛམ་གླིང་གི་འགྱུར་འགྲོས་དང་བསྟུན་ནས་གོམ་པ་སྤོ་མ་ཐུབ་པ་དང་ཤེས་ཡོན་གྱིས་མ་འདང་བས་དཀའ་ངལ་འདི་འཕྲད་པ་རེད།

མུ་མཐུད་ཀློག

སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་ཐེངས་གཉིས་པའི་ཐོག་སྩལ་བའི་གལ་ཆེའི་བཀའ་སློབ།

༄༅། །གྲོས་ཚོགས་ཀྱི་ཚོགས་གཙོ་བགྲེས་གཞོན་རྣམ་པ་གཉིས་དང༌། ཚོགས་མི་རྣམ་པ། འཛིན་སྐྱོང་གི་བཀའ་བློན་ཁྲི་པ་དང་བཀའ་བློན་རྣམ་པ། དེ་བཞིན་ཁྱེད་ཚོ་ལས་བྱེད་ཁག་མང་པོ་ཡོད་པ་བཅས་ལ་ཞུ་རྒྱུར། དེ་རིང་གི་གྲོས་ཚོགས་འདིའི་ནང་མི་རབས་གསར་པ་མང་པོ་ཞིག་སླེབས་ཡོད་པའི་སྐབས་སུ་ཚོགས་བཅར་ཐུབ་པར་ཧ་ཅང་དགའ་པོ་བྱུང༌།

མུ་མཐུད་ཀློག

བོད་ཕྱི་ནང་དུ་འཁོད་པའི་བོད་རིགས་ཡོངས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོའི་དམིགས་བསལ་གསུང་འཕྲིན།

༄༅། །བོད་ཕྱི་ནང་དུ་འཁོད་པའི་བོད་རིགས་ཡོངས་ལ་ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་འཚམས་འདྲི་དང་བཅས་གལ་ཆེའི་གནས་ཚུལ་འགའ་ཤས་བརྗོད་རྒྱུར། ངོས་རང་ཆུང་དུས་ནས་བོད་མིའི་འཕྲལ་ཕུགས་ཀྱི་བདེ་དོན་སླད་བོད་ཀྱི་ཆབ་སྲིད་མང་གཙོའི་ལམ་སྲོལ་དུ་བསྒྱུར་རྒྱུ་གལ་ཆེར་མཐོང་སྟེ་ཆོས་སྲིད་ཀྱི་འགན་ཁུར་བླངས་ནས་བཟུང་འབད་རྩོལ་གང་ཡོང་བྱས་པ་ཡིན། འོན་ཀྱང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཙན་གནོན་འོག་གྲུབ་འབྲས་ཐོན་ཐུབ་པ་མ་བྱུང་།

མུ་མཐུད་ཀློག