དབུས་རྒྱུན་ལས་ཁང་།

བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ངོ་སྤྲོད་མདོར་བསྡུས།

༄༅།། བོད་ལྗོངས་མདོ་སྨད་ཆོལ་ཁ་ཞེས་པ་ནི་བོད་བཙན་པོའི་རྒྱལ་རྒྱུད་ཐོར་བཤིགས་སུ་སོང་བའི་རྗེས་ཀྱི་ཕྱི་ལོ་ ༡༢༤༦ ལོ་སྟེ་རྒྱ་ནག་སུང་ལྷོ་མ་མཇུག་མ་བསྒྲིལ་གོང་གི་ལོ་ངོ་སུམ་ཅུའི་སྔོན་དང་སོག་པོའི་ཡོན་རྒྱལ་རབས་མ་ཚུགས་གོང་གི་ལོ་ཉེར་ལྔའི་མཚམས་སུ་བོད་སོག་གཉིས་བར་མཆོད་ཡོན་ཞེས་པའི་ཐ་སྙད་འདི་དང་པོར་བྱུང་བ་དང་།
དེ་ལྟར་སོག་པོའི་མཛའ་འབྲེལ་སྟོབས་ཤུགས་ལ་བརྟེན་ནས་ཕྱི་ལོ
༡༢༦༧ ལོར་འགྲོ་མགོན་འཕགས་པར་བོད་རྒྱལ་ཁབ་ཆེན་པོའི་བདག་དབང་ཡོངས་རྫོགས་ཐོབ་སྟེ་བོད་རྒྱལ་ཁབ་འདི་ཉིད་གཅིག་གྱུར་སླར་གསོ་བྱུང་བའི་སྐབས་ཀྱི་མངའ་སྡེ་ཆེན་པོ་གསུམ་གྱི་ནང་ཚན་མི་རྟ་ཆོས་གསུམ་གྱི་མཚོན་བྱེད་བགོ་སྐལ་དུ་བྱས་པའི་ཆོལ་ཁ་གསུམ་གྱི་ཡ་གྱལ་མདོ་སྨད་རྟའི་ཆོལ་ཁ་ཞེས་ཡོངས་སུ་གྲགས་པ་དེ་ཡིན།
བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་འདིའང་ཕྱི་ལོ
༡༩༤༩ ལོར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་ས་ལྷ་སའི་བྱང་ཤར་མདོ་སྨད་ཁུལ་དུ་རྒྱ་ནག་དམར་པོའི་དམག་དཔུང་ཕོན་ཆེན་རིམ་འཛུལ་གྱིས་བཙན་གནོན་བྱས་ཏེ་ཕྱི་ལོ ༡༩༥༨ ལོར་ཕོ་ཟད་མོ་ལ་ཐུག་པར
ང་བརྒྱད་ལོཞེས་མདོ་སྨད་པ་ཡོངས་ཀྱིས་འཐབ་རྒོལ་གྱི་འཇིགས་སྣང་ཆེ་བའི་གཡུལ་འགྱེད་དེ་བྱུང་ཞིང་།
ཕྱི་ལོ ༡༩༥༩
ལོའི་ཟླཚེས ༡༠ ཉིན་རྒྱལ་ས་ལྷ་སར་ཆོལ་གསུམ་ཆིག་སྒྲིལ་གྱིས་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གཞི་རྒྱ་ཆེ་བ་དེར་ད་ལྟའི་བར་གསུམ་བཅུའི་དུས་དྲན་ཞེས་གཞུང་འབྲེལ་གྱིས་སྲུང་བརྩི་ཞུས་དང་ཞུ་བཞིན་པ་དང་།ཟླ་དེའི་ཚེས་ ༡༧ དགོང་མོར་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྟོན་འཁོར་ཧྲག་བསྡུས་བོད་གཞུང་བཀའ་ཤག་དང་བཅས་པ་ལྷ་ལྡན་ཡུལ་དང་ཁ་གྱེས་ཏེ་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ལ་མི་ཕེབས་ག་མེད་བྱུང་།ཕྱི་ལོ ༡༩༦༠ ལོར་༧གོང་ས་མཆོག་གི་དགོངས་གཞི་རླབས་ཆེན་གཞིར་བཟུང་མང་གཙོའི་ཀ་བ་གསུམ་དང་ལྡན་པའི་ལམ་སྲོལ་ཡང་དག་པ་བསྩལ་གནང་བྱུང་བ་དབུ་འཛུགས་གནང་སྟེ་བཙན་བྱོལ་བོད་གཞུང་གི་ལས་ཁུངས་མ་ལག་དང་བཅས་པ་བསྐྱར་བསྐྲུན་རྒྱ་བསྐྱེད་གནང་བ་དང་།
དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་སྐྱིད་སྡུག་ཁག་ཀྱང་གསར་འཛུགས་གནང་འགོ་ཚུགས་པར་།
བོད་རབ་ལོ ༢༠༩༠
ཟླ་ ༡༢ ཚེསཕྱི་ལོ ༡༩༦༣ ལོའི་ཟླཚེས ༢༨ ཉིན།
སྟོང་སྐོར་རིན་པོ་ཆེ་དང་།
ཀིརྟི་རིན་པོ་ཆེ། ཨ་མཆོག་རིན་པོ་ཆེ།

ཅོག་རྩེ་ཁྲི་སྤྲུལ་རིན་པོ་ཆེ།
ཨ་ལགས་འཇིགས་མེད་རིན་པོ་ཆེ།

མཛོད་དགེ་རིན་པོ་ཆེ།
ཀླུ་འབུམ་སྤྲུལ་སྐུ།

མགོ་ལོག་རིན་པོ་ཆེ་སོགས་མདོ་སྨད་ཀྱི་བླ་ཆེན་ཁག་ཅིག་གཙོས་མི་གྲངས་ ༧༥༤
ཡིས།

རྒྱ་གར་བྱང་ཕྱོགས་རྡོ་རྗེ་གླིང་དུའཕགས་ཡུལ་མདོ་སྨད་ཆིག་སྒྲིལ་ལྷན་ཚོགསཅེས་པ་དབུ་འཛུགས་གནང་པའི་གསར་བསྒྲགས་བསྐྱངས་པ་དེ་བོད་གཞུང་མང་གཉིས་སྐྱབས་བཅོལ་དུ་གྱར་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཐོག་མ་དེ་ཡིན།དེའི་རྗེས་བོད་གངས་ཅན་གྱི་ལོ་རྒྱུས་སྟེང་ཆོལ་ཁ་གསུམ་དུ་དབྱེ་བའི་ཡ་གྱལ་མདོ་སྨད་རྟའི་ཆོལ་ཁ་འདི་ཉིད་ཕྱི་ལོ ༡༩༧༧ ལོར་བཞུགས་སྒར་དྷ་རམ་ས་ལར་མདོ་སྨད་ཀྱི་ངོ་ཚབ་ཡོངས་སུ་མཚོན་པའི་ཚོགས་ཆེན་ཐེངས་དང་པོ་སྐོང་ཚོགས་གནང་སྟེ་གྲོས་གཞི་གྲོས་ཆོད་ཀྱི་གཏན་འབེབས་གཞིར་བཟུང་བཙན་བྱོལ་སྤྱི་ཚོགས་ཀྱི་ལོ་ཟླའི་ནང་འཚར་ལོངས་བྱུང་ཞིང་།
ད་ལྟའི་བར
བོད་ལྗོངས་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁངཞེས་པའི་སྒྲིག་འཛུགས་གཅིག་གི་ཁྱབ་ཁོངས་སུ་ལུང་ཚན་བྱེ་བྲག་པའི་སྐྱིད་སྡུག་གི་དབྱེ་བ་མི་འདྲ་བ་གང་ཡང་མེད་པར་གནས་ཡོད།
བོད་ལྗོངས་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་འདི་ཉིད་ཀྱི་ཁོངས་སུ་གཏོགས་པའི་ཡན་ལག་ས་གནས་རྒྱུན་ལས་ཁང་དང་ས་གནས་འབྲེལ་མཐུད་པ་དག་ནི།
དྷ་ས་མདོ་སྨད་ས་གནས་རྒྱུན་ལས་ཁང་དང་། ལྡི་ལི་མདོ་སྨད་ས་གནས་རྒྱུན་ལས་ཁང་། བྷེལ་ཀོབ་ལུགས་ཟུང་བསམ་འགྲུབ་གླིང་། མོན་གྷོ་ཊི་འདོད་དགུ་གླིང་། ཧོང་སོར་རབ་རྒྱས་གླིང་། ཀོ་ལི་སྒར་དོན་ལྡན་གླིང་། ལྡེ་ར་ལྡུན་དོན་འགྲུབ་གླིང་། མཎ་པ་ཊི་ཕན་བདེ་གླིང་། བྷན་ངྷི་ར་ནོར་རྒྱས་གླིང་། ལ་དྭགས་བསོད་ནམས་གླིང་། ཀ་ལོན་སྤུག
རྡོ་རྗེ་གླིང་། སྒང་ཏོག  ར་རྗི་པུར།  བདེ་སྐྱིད་གླིང་། མི་ན་ལི།  སྦིར་གཞིས་ཆགས། དྷ་ལ་ཧའོ་སི།  སོ་ལན་བོན་གཞིས། སིམ་ལ། བྱང་ཨ་རི། ཧྥ་རན་སི། སྦེལ་ལྗམ། སུད་སི། ཨོ་གླིང་། ཁེ་ན་ཊ། ཧོ་ལན། ཨིན་ལན་ཊི།བལ་བོ་བཅས་ས་གནས་ཁག་སུམ་ཅུ་ལྷག་གིས་གྲུབ་ཅིང་།
ལོ་གསུམ་རེའི་མཚམས་སུ་ས་གནས་སོ་སོའི་མི་མང་གིས་མང་གཙོའི་འོས་བསྡུ་བརྒྱུད་ས་རྒྱུན་འོས་འདེམས་བྱ་དགོས།
འོས་ཐོན་ས་རྒྱུན་རྣམས་ས་གནས་ཀྱི་འཐུས་མི་ཡིན་པས་མདོ་སྨད་ཚོགས་ཆེན་ཐོག་གྲོས་གཞི་གྲོས་ཆོད་ཁག་གཏན་འབེབས་དང་མདོ་སྨད་དབུས་རྒྱུན་གསར་འདེམས་བྱས་ཏེ་ལས་དོན་ཚགས་ཚུད་རྒྱུན་འཁྱོངས་བྱེད་དགོས།
དེ་ལྟར་བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་འདི་ཉིད་བགྲང་བྱ་ལྔ་བཅུའི་རིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞིར་དབུ་འོག་དཔུང་འདེགས་དང་།
བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་ལ་གཡོ་སླད་མེད་པར་ཤར་བསྐྱོད་བྱས་དང་བྱེད་བཞིན་པ་དང་།
གཞིས་བྱེས་མདོ་སྨད་པ་ཡོངས་ཀྱི་ངོ་ཚབ་ཡོངས་སུ་མཚོན་ཐུབ་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དེ་ཡིན་པའི་ངོ་སྤྲོད་མདོར་བསྡུས་སུ།