གསལ་བསྒྲགས། 29-09-2020

༄༅།།གསལ་བསྒྲགས།

བཀུར་འོས་རྡ་སར་གནས་བཞུགས་མདོ་སྨད་རྒྱ་ཆེའི་མི་མང་ཡོངས་ལ་ཆེད་ཞུ།

བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ལས་ཁུངས་དང་ཚོགས་ཁང་ངམ་དཔེ་མཛོད་ཁང་། ལས་ཤག་བཅས་ཐོག་བརྩེགས་གསུམ་ཅན་གྱི་ཁང་བ་ཞིག་གསར་དུ་ཉོས་ཏེ་བཟོ་བཅོས་སོགས་ལེགས་གྲུབ་ཀྱིས་ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༠༢ དུས་བཟང་དགེ་བའི་ཉིན་བདེ་སྲུང་བཀའ་བློན་སྐུ་ངོ་འཕགས་པ་ཚེ་རིང་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ཐོག་དབུ་འབྱེད་མཛད་སྒོ་སྟབས་བདེ་ཞིག་དང་མཉམ་དུ་བོད་ལྗོངས་མདོ་སྨད་ཆོལ་ཁའི་དྲ་ཚིགས་གསར་བཟོ་ལེགས་གྲུབ་ཟིན་པར་ས་གནས་འགོ་འཛིན་སྐུ་ངོ་ཀུན་དགའ་ཚེ་རིང་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ཀྱིས་དབུ་འབྱེད་གཏན་ཁེལ་ཡོད་པ་ལགས་ན་རྒྱ་ཆེ་མི་མང་གང་མང་མང་ངེས་ཕེབས་གནང་སྐྱོང་ཡོང་བ་ཞུ།
ཟུར་རྗོད། རྒྱ་ནག་ཝུ་ཧན་ནས་མཆེད་པའི་ནད་ཡམས་ཀྱི་རྐྱེན་པས་མི་མང་རྒྱས་འཛོམས་གནང་བར་ཕྱོགས་གང་ཐད་ནས་སྟབས་བདེ་མིན་རྐྱེན་ཞོགས་པ་ཆུ་ཚོད་ ༡༠།༠༠ ནས་ ཕྱི་དྲོའི་ཆུ་ཚོད། ༥།༠༠ བར་དུས་ངེས་མེད་སྟེང་ཕེབས་རོགས་ཞུ།
ཚོགས་ཡུལ།

Dhomay Cholkha Association.
House No:1070
Tipa Road, Mcleod Ganj-176219
Dharamsala Distt:Kangra(H.P.)
INDIA.

བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས།
ཕྱི་ལོ་ ༢༠༢༠ ཟླ་ ༠༩ ཚེས་ ༢༩ ཉིན།

About ལས་འབྱེད།