༄༅།།བཀུར་འོས་བོད་ལྗོངས་མདོ་སྨད་ཆོལ་ཁོངས་ཀྱི་མཁྱེན་ཡངས་རྩོམ་པ་པོ་དང་ལོ་ཙཱ་བ་དག་ལ་ཆེད་ཞུ།

དཔེ་དེབ་ནི་སྐྱེ་བོ་རྣམ་དཔྱོད་ཅན་དག་གི་བློ་གྲོས་ཀྱི་སྙིང་བཅུད་ཐམས་ཅད་གཟུགས་ཅན་དུ་བསྒྱུར་པ་ཡིན་ཞིང་། དཔེ་དེབ་ལས་ཀློག་པ་པོ་རྣམས་ལ་ཤེས་རབ་ཀྱི་མིག་སྦྱིན་པར་བྱེད་པས་དཔེ་དེབ་ལ་གཅེས་སྐྱོང་དང་བདག་ཉར་བྱེད་པ་ནི། ཤེས་རིག་ལ་གཅེས་སྐྱོང་དང་བདག་ཉར་བྱེད་པ་ཡིན་པར་དམིགས་ཏེ། འདི་ག་བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་བཙན་བྱོལ་མདོ་སྨད་རྩོམ་པ་པོ་དག་གི་བརྩམས་ཆོས་དཔེ་དེབ་ཕྱོགས་བསྡུས་ཉར་ཚགས་དང་། ཀློག་པ་པོ་ཞིག་ལ་མཚོན་ན་རང་ཉིད་ཀྱི་དགོས་མཁོ་དང་། དགའ་ཕྱོགས་ལ་འཚམས་པའི་བརྩམས་ཆོས་དཔེ་ཀློག་བྱེད་པ་ནི། རང་ཉིད་ཀྱི་ཕུགས་འདུན་མངོན་གྱུར་འབྱུང་ཐབས་ཡག་ཤོས་ཡིན་པར་དམིགས་ཏེ། བཙན་བྱོལ་མདོ་སྨད་རྩོམ་པ་པོ་དག་གི་ལོ་རྒྱུས་དང་། བརྩམས་དེབ་ཁག་གི་མཚན་བྱང་དང་། བརྗོད་བྱ། དཔར་སྐྲུན་ལོ་ཚིགས། དཔེ་བསྐྲུན་ཁང་། ཕྱག་དེབ་དཔེ་རྟགས་བཅས་ཀྱི་གྲངས་ཐོ་བསྡུ་རུབ་ཀྱིས་དཀར་ཆག་ཅིག་བཟོས་ཏེ་རྒྱ་ཆེའི་ཀློག་པ་པོ་དག་གི་སྤྱན་སྔར་འབུལ་འཆར་ཡོད་པ་ལགས་ན་མཁྱེན་ཡངས་རྩོམ་པ་པོ་དག་གིས་དེ་མཐུན་གྱི་ཕྱག་དེབ་དང་དཀར་ཆག་འདི་ག་མདོ་སྨད་དབུས་རྒྱུན་ལ་བསྐུར་གནང་ཡོང་བའི་མཐུན་འགྱུར་རོགས་རམ་གནང་སྐྱོང་ཡོང་བ་མཁྱེན་མཁྱེན་ཞུ།

བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས།
ཕྱི་ལོ་ ༢༠༢༡ ཟླ་ ༠༨ ཚེས་ ༡༧ ཉིན།

About རྩོམ་སྒྲིག་པ།