༄༅།།བཀུར་འོས་བོད་ལྗོངས་མདོ་སྨད་ཆོལ་ཁའི་ས་གནས་རྒྱུན་ལས་དང་། ས་གནས་འབྲེལ་མཐུད་པ་རྣམ་པའི་དྲུང་དུ།                                                                                                       ཆེད་ཞུ།

༄༅།།བཀུར་འོས་བོད་ལྗོངས་མདོ་སྨད་ཆོལ་ཁའི་ས་གནས་རྒྱུན་ལས་དང་། ས་གནས་འབྲེལ་མཐུད་པ་རྣམ་པའི་དྲུང་དུ།

ཆེད་ཞུ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ ༧ གོང་ས་ ༸ སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་འགྲུབ་ཡོང་ཆེད།

བོད་ལྗོངས་མདོ་སྨད་ཆོལ་ཁའི་སྐབས་བཅུ་བཞི་བའི་དམིགས་བསལ་ཚོགས་ཆེན་སྐབས།༼ ༧ གོང་ས་ ༧ མཆོག་གི་བཀའ་གསུང་ཇི་ཕེབས་ལ་དམ་གཙང་ཤར་བསྐྱོད་དང་། ལོ་རེར་མདོ་སྨད་དབུས་ས་གཉིས་ཀྱིས་འཆར་ཅན་ཞབས་རིམ་གང་ཐུབ་བསྒྲུབས་ཏེ་སྒྲུབ་ཐོ་ཁག་ ༧ སྐུའི་འཁྲུངས་སྐར་སྔོན་གྱི་ཕྱི་ཟླ་ ༦ ཚེས་ ༡༥ ལས་མི་འགྱངས་པར་མདོ་སྨད་དབུས་རྒྱུན་ལ་ངེས་འབུལ་ཞུས་ཏེ་དབུས་རྒྱུན་ནས་དུས་ཐོག་སྒྲུབ་ཐོ་ཁག་ཕྱོགས་བསྡོམས་ཀྱིས་སྐུ་སྒེར་ཡིག་ཚང་སོགས་འབྲེལ་ཡོད་ལྷན་ཁང་ཁག་ལ་ངེས་འབུལ་ཞུ་རྒྱུ་དང་། མདོ་སྨད་དྲ་ཐོག་ཏུ་ཁྱབ་བསྒྲགས་གནང་རྒྱུ།༽ཞེས་གྲོས་ཆོད་ཕེབས་དོན་ལྟར་ལོ་རེར་འཆར་ཅན་ ༧ གོང་ས་ ༧ མཆོག་གི་སྐུའི་འཁྲུངས་སྐར་ཉིན་དགའ་ལྡན་ཕོ་བྲང་གི་སྲི་ཞུ་བ་ཡོངས་ལ་མདོ་སྨད་ངོས་ནས་ཐུགས་རྗེའི་ལེགས་གསོལ་ཆེད་གསོལ་ཚིགས་འབུལ་འདེགས་ཞུ་སྲོལ་ཡོད་པ་ལྟར་གསོལ་ཚིགས་འདེགས་འབུལ་དང་མཉམ་དུ་ཞབས་རིམ་གསོག་སྒྲུབ་ཀྱིས་གྲངས་ཐོ་དགའ་ལྡན་ཕོ་བྲང་ལ་འབུལ་འཆར་ཡོད་པ་ལགས་ན། ས་རྒྱུན་དང་འབྲེལ་མཐུད་པ་རྣམ་པས་རྒྱ་ཆེའི་མི་མང་ལ་བཀོད་ཁྱབ་གནང་སྟེ། སྤྱི་ནོར་ ༧ གོང་ས་ ༸ སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཞབས་རིམ་གང་ཐུབ་གསོག་སྒྲུབ་ཀྱིས་ཕྱིས་ཟླ་ ༦ ཚེས་༡༥ ལས་མི་འགྱངས་བར་མདོ་སྨད་དབུས་རྒྱུན་ལ་ངེས་འབུལ་གནང་སྐྱོང་ཡོང་བ་ཞུ།

བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས།

ཕྱི་ལོ་ ༢༠༢༡ ཟླ་ ༠༥ ཚེས་ ༠༣ ཉིན།

About རྩོམ་སྒྲིག་པ།