མདོ་སྨད་དུ་འཁྲུངས་བའི་སྨན་རིའི་མཁན་རབས་རིམ་བྱོན་གྱི་མཚན་གཞུང་།

སྨན་རིའི་མཁན་རབས་དང་པོ།

                                 རྗེ་རྒྱལ་བ་མཉམ་མེད་ཤེས་རབ་རྒྱལ་མཚན།

འཁྲུངས་ཡུལ་མདོ་སྨད།  

རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ནང་དམུ་རྡོ་གཡུང་དྲུང་ལྷ་གཉན་གྱི་ཉེ་འདབས།ཆུ་ཆེན་རབ་བརྟན་གྱི་མངའ་རིས་སུ་སྤྱི་ལོ། 1356ལོར་ཡབ་དཔྲ་རིགས་ཀླུ་རྒྱལ་དང་ཡུམ་རིན་ཆེན་སྨན་གཉིས་སུ་སྲས་སུ་སྐུ་འཁྲུངས།སྤྱི་ལོ་1415ལོར་དགོངས་པ་བོན་དབྱིངས་སུ་བསྡུས།

སྨན་རིའི་མཁན་རབས་གཉིས་པ།

གསང་འདུས་སྤྲུལ་བ་རྒྱལ་ཚབ་རིན་ཆེན་རྒྱལ་མཚན།

འཁྲུངས་ཡུལ་མདོ་སྨད།

ས་ཁྱི་ལོར་རྒྱལ་རོང་སྒོ་འཛུངས་ས་ཆ་རུ་ཡབ་བཀྲ་ཤིས་དང་ཡུམ་སྐལ་བཟང་ལྕམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།  ང་དགུ་མེ་སྤྲེལ་ལོར་གོང་མའི་གདན་ས་བཟུང་།གྱ་བརྒྱད་ཤིང་མོ་གླང་ལོར་བོན་དབྱིངས་སུ་གཤེགས།

སྨན་རིའི་མཁན་རབས་གསུམ་པ།

ལི་ཤུའི་རྣམ་སྤྲུལ་མཁན་ཆེན་ནམ་མཁའ་ཡེ་ཤེས།

འཁྲུངས་ཡུལ་མདོ་སྨད།ས་མོ་གླང་གི་ལོར་རྒྱལ་རོང་རྟའུ་རྦ་ཞབས་སུ་ཡབ་ཚེ་དབང་དང་།ཡུམ་ཡེ་ཤེས་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།དེ་ནས་དགུང་ལོ་སོ་བརྒྱད་མེ་ཕོ་སྟག་གི་ལོར་གོང་མའི་གདན་ས་བཟུང་།རེ་དྲུག་ཤིང་ཕོ་རྟ་ལོའི་ཧོར་ཟླ་གཉིས་པའི་ཚེས་བཅུ་དྲུག་ལ་དགོངས་པ་བོན་དབྱིངས་སུ་བསྡུས།

སྨན་རིའི་མཁན་རབས་བཞི་པ།

ཚེ་དབང་ཐུགས་སྤྲུལ་ཀུན་བཟང་རྒྱལ་མཚན།

འཁྲུངས་ཡུལ་མདོ་སྨད།

ཤིང་ཕོ་འབྲུག་གི་ལོར་རྒྱལ་རོང་རྫུ་ཡུལ་ཡབ་གནམ་བོན་ཀླུ་རྒྱས་དང་ཡུམ་རིན་ཆེན་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།དེ་ནས་དགུང་ལོ་ང་གཉིས་ཤིང་མོ་ལུག་གི་ལོར་གོང་མའི་གདན་ས་བཟུང་།རེ་གཅིག་ཤིང་འབྲུག་ལོར་དགོངས་པ་བོན་དབྱིངས་སུ་གཤེགས།

སྨན་རིའི་མཁན་རབས་ལྔ་པ།

སྟོང་རྒྱུང་སྤྲུལ་བ་རིན་ཆེན་རྒྱལ་མཚན།

འཁྲུངས་ཡུལ་མདོ་སྨད།

ལྕགས་མོ་ལུག་ལོར་རྒྱལ་རོང་སྤྲོད་ནང་ཡབ་གྲུབ་ཐོབ་ལྷ་འབུམ་དང་ཡུམ་གཡུང་དྲུང་མཚོ་གཉིས་སུ་སྲས་སུ་སྐུ་འཁྲུངས།སོ་ལྔ་ཤིང་མོ་སྦྲུལ་ལོར་གོང་མའི་གདན་ས་བཟུང་།རེ་གཅིག་ཤིང་འབྲུག་ལོར་དགོངས་པ་བོན་དབྱིངས་སུ་བསྡུས།

སྨན་རིའི་མཁན་རབས་དྲུག་པ།

ཚེ་དབང་སྤྲུལ་བ་ཚུལ་ཁྲིམས་རྒྱལ་མཚན།

འཁྲུངས་ཡུལ་མདོ་སྨད།

ཤིང་མོ་ལུག་ལོར་ཚ་རོང་དུ་ཡབ་སེང་གེ་རྒྱས་དང་ཡུམ་ས་ལྕམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།སོ་ལྔ་ཤིང་མོ་སྦྲུལ་ལོར་གོང་མའི་གདན་ས་བཟུང་།དྲུག་ཅུ་ལྕགས་རྟ་ལོར་དགོངས་པ་བོན་དབྱིངས་སུ་བསྡུས།

སྨན་རིའི་མཁན་རབས་བདུན་པ།

སྟག་ལའི་སྤྲུལ་བ་བསོད་ནམས་ཡེ་ཤེས།

འཁྲུངས་ཡུལ་མདོ་སྨད།

མེ་ཕོ་འབྲུག་གི་ལོར་རྒྱལ་རོང་སྒོ་འཛུང་ནས་ཡབ་ཚེ་དབང་སྐྱབས་དང་ཡུམ་ལྷ་མོ་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།སོ་བདུན་ཆུ་ཕོ་འབྲུག་གི་ལོར་གོང་མའི་གདན་ས་བཟུང་།དོན་དགུ་ཤིང་ཁྱི་ལོར་དགོངས་པ་བོན་དབྱིངས་སུ་བསྡུས།

སྨན་རིའི་མཁན་རབས་བརྒྱད་པ།

གཡུ་ལོའི་སྤྲུལ་བ་བསོད་ནམས་གཡུང་དྲུང་།

འཁྲུངས་ཡུལ་མདོ་སྨད།

མེ་བྱ་ལོར་མདོ་སྨད་ལྡོང་གི་རུས་ལ་ཁྲོམ་ར་ཡབ་བྷ་ལ་ལྷ་འབུམ་དང་ཡུམ་གཡུང་དྲུང་མཚོ་གཉིས་སུ་སྲས་སུ་སྐུ་འཁྲུངས།སོ་དགུ་ཤིང་ཕག་ལོར་གོང་མའི་གདན་ས་བཟུང་།དོན་གསུམ་ས་བྱ་ལོར་དགོངས་པ་བོན་དབྱིངས་སུ་བསྡུས།

སྨན་རིའི་མཁན་རབས་དགུ་པ།

འབྲུག་གསས་སྤྲུལ་བ་ཤེ་ཙུ་དྲུང་མུ།

འཁྲུངས་ཡུལ་མདོ་སྨད།

ལྕགས་འབྲུག་ལོར་རྒྱལ་རོང་རྫུ་ཡུལ་དུ་ལྕགས་འབྲུག་ཡབ་ཨ་མཁའ་བསོད་ནམས་འབུམ་དང་ཡུམ་གཡུང་དྲུང་ལྕམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།སོ་གཅིག་ལྕགས་ཁྱི་ལོར་གོང་མའི་གདན་ས་བཟུང་།རེ་དགུ་ས་བྱི་ལོར་དགོངས་པ་བོན་དབྱིངས་སུ་བསྡུས།

སྨན་རིའི་མཁན་རབས་བཅུ་པ།

དྲན་པའི་སྤྲུལ་བ་ཤེས་རབ་འོད་ཟེར།

འཁྲུངས་ཡུལ་མདོ་སྨད།

མེ་འབྲུག་ལོར་ཡབ་ཤེས་རབ་འབུམ་དང་ཡུམ་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།སོ་བཞི་ས་མོ་གླང་ལོར་གོང་མའི་གདན་ས་བཟུང་།ང་བརྒྱད་ཤིང་བྱ་ལོར་དགོངས་པ་བོན་དབྱིངས་སུ་གཤེགས།

སྨན་རིའི་མཁན་རབས་བཅུ་གཅིག་པ།

སྟོང་རྒྱུང་སྤྲུལ་བ་གཡུང་དྲུང་རྒྱལ་མཚན

འཁྲུངས་ཡུལ་མདོ་སྨད།

མེ་ཁྱི་ལོར་རྒྱལ་རོང་བྲག་སྟེང་ས་ཆ་རུ་ཡབ་གཡུང་དྲུང་ཐར་དང་ཡུམ་ཚེ་དབང་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།ཉེར་དགུ་ཤིང་ཕོ་སྟག་གི་ལོར་གོང་མའི་གདན་ས་བཟུང་།དྲུག་ཅུ་ཤིང་བྱ་ལོར་དགོངས་པ་བོན་དབྱིངས་སུ་བསྡུས།

སྨན་རིའི་མཁན་རབས་བཅུ་གཉིས་པ།

ཁྲི་ལྡེ་འོད་པོའི་སྤྲུལ་བ་ཤེས་རབ་བློ་གྲོས།

འཁྲུངས་ཡུལ་མདོ་སྨད།

ཆུ་བྱི་ལོར་རྒྱལ་རོང་ཁྲོ་སྐྱབས་ཕུར་དུ་ཡབ་ཤེས་རབ་རྒྱལ་དང་ཡུམ་ས་སྨོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།སོ་ལྔ་མེ་ཁྱི་ལོར་གོང་མའི་གདན་ས་བཟུང་།དྲུག་ཅུ་ལྕགས་མོ་ཕག་གི་ལོར་དགོངས་པ་བོན་དབྱིངས་སུ་བསྡུས།

སྨན་རིའི་མཁན་རབས་བཅུ་གསུམ་པ།

ཙོ་མིན་གྱེར་ཆེན་གྱི་སྤྲུལ་བ་ཤེས་རབ་འོད་ཟེར།

འཁྲུངས་ཡུལ་མདོ་སྨད།

མེ་ཁྱི་ལོར་རྒྱལ་རོང་འབྲུག་སྨན་ཡབ་བཀྲ་ཤིས་འབུམ་དང་ཡུམ་ཤེས་རབ་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།ཉེར་བདུན་ཆུ་བྱི་ལོར་གོང་མའི་གདན་ས་བཟུང་།སུམ་ཅུ་ཤིང་མོ་ཡོས་ལོར་དགོངས་པ་བོན་དབྱིངས་སུ་བསྡུས།

སྨན་རིའི་མཁན་རབས་བཅུ་བཞི་པ།

གཙུག་སྲས་རྨ་ལོའི་ཐུགས་སྤྲུལ་མཁན་ཆེན་གཙུག་ཕུད་འོད་ཟེར།

འཁྲུངས་ཡུལ་མདོ་སྨད།

ས་གླང་ལོར་སོག་པོ་སྒོ་ཚེ་ཡབ་ནམ་མཁའ་ཚེ་རིང་དང་ཡུམ་པད་མ་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།ཉེར་བརྒྱད་མེ་ཕོ་འབྲུག་གི་ལོར་གོང་མའི་གདན་ས་བཟུང་།ཞེ་དགུ་མེ་མོ་གླང་ལོར་དགོངས་པ་བོན་དབྱིངས་སུ་བསྡུས།

སྨན་རིའི་མཁན་རབས་བཅོ་ལྔ་པ།

རྒྱལ་གཤེན་མི་ལུས་བསམ་ལེགས་སྤྲུལ་བ་གཡུང་དྲུང་ཚུལ་ཁྲིམས།

འཁྲུངས་ཡུལ་མདོ་སྨད།

ཤིང་འབྲུག་ལོར་ཨ་མདོ་རུ་ཡབ་གཡུང་དྲུང་དང་ཡུམ་དར་སྨན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།སོ་ལྔ་ས་སྟག་ལོར་གོང་མའི་གདན་ས་བཟུང་།དྲུག་ཅུ་ཆུ་ཡོས་ལོར་དགོངས་པ་བོན་དབྱིངས་སུ་བསྡུས།

སྨན་རིའི་མཁན་རབས་བཅུ་དྲུག་པ།

ཞང་ཞུང་ཏིང་གསས་སྤྲུལ་བ་སྐུ་མདུན་བསོད་ནམས་གཡུང་དྲུང་།

འཁྲུངས་ཡུལ་མདོ་སྨད།

མེ་ལུག་ལོར་རྒྱལ་རོང་ས་ཆར་ཡབ་རྒྱ་ཚེ་རིང་དང་ཡུམ་གནམ་ལྕམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།ང་བརྒྱད་ཤིང་འབྲུག་ལོར་གོང་མའི་གདན་ས་བཟུང་།རེ་དགུ་ལོར་ཤིང་ཡོས་ལོར་དགོངས་པ་བོན་དབྱིངས་སུ་བསྡུས།

སྨན་རིའི་མཁན་རབས་བཅུ་བདུན་པ།

འདོད་རྒུའི་སྤྲུལ་བ་རིན་ཆེན་ལྷུན་གྲུབ།

འཁྲུངས་ཡུལ་མདོ་སྨད།

མེ་འབྲུག་ལོར་རྒྱལ་རོང་བཙན་ལྷ་མ་ལོང་སྟེང་ཡབ་སྐལ་བཟང་དང་ཡུམ་བསོད་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།དྲུག་ཅུ་ཤིང་ཡོས་ལོར་གོང་མའི་གདན་ས་བཟུང་།གྱ་ལྔ་ས་ཡོས་ལོར་དགོངས་པ་བོན་དབྱིངས་སུ་བསྡུས།

སྨན་རིའི་མཁན་རབས་བཅོ་བརྒྱད་པ།

འོད་ཟེར་གནས་འཛིན་སྤྲུལ་བ་ཤེས་རབ་བསྟན་འཛིན།

འཁྲུངས་ཡུལ་མདོ་སྨད།

མེ་འབྲུག་ལོར་རྒྱལ་རོང་ཕོ་བྲང་སྟེང་ཡབ་གར་མགོན་ལྷ་འབུམ་དང་ཡུམ་བསོད་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།ང་བདུན་ལྕགས་འབྲུག་ལོར་གོང་མའི་གདན་ས་བཟུང་།དོན་གཉིས་ཤིང་ལུག་ལོར་དགོངས་པ་བོན་དབྱིངས་སུ་བསྡུས།

སྨན་རིའི་མཁན་རབས་བཅུ་དགུ་པ།

ཚེ་དབང་རིག་འཛིན་གསུང་གི་སྤྲུལ་བ་སྐུ་མདུན་ཤེས་རབ་དབང་རྒྱལ།

འཁྲུངས་ཡུལ་མདོ་སྨད།

མེ་སྟག་ལོར་རྒྱ་ནག་རྒྱ་ཡུལ་ལྕག་ཟམ་སྟོད་འགག་ས་ཆར་ཡབ་གཡུང་དྲུང་འབུམ་དང་ཡུམ་ཤེས་རབ་ལྕམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།སོ་གཅིག་མེ་སྤྲེལ་ལོར་གོང་མའི་གདན་ས་བཟུང་།ཞེ་གསུམ་ས་སྤྲེལ་ལོར་དགོངས་པ་བོན་དབྱིངས་སུ་གཤེགས།

སྨན་རིའི་མཁན་རབས་ཉི་ཤུ་པ།

དྲང་སྲོང་རྒྱལ་བའི་ཐུགས་སྤྲུལ་མཚུངས་མེད་གཡུང་དྲུང་དབང་རྒྱལ།

འཁྲུངས་ཡུལ་མདོ་སྨད།

ཆུ་བྱ་ལོར་རྒྱལ་རོང་ཕོ་བྲང་སྟེང་ཡབ་རྒྱལ་བསྟན་ཚེ་དབང་གཡུང་དྲུང་དང་ཡུམ་བཀྲ་ཤིས་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།དོ་བདུན་ས་བྱ་ལོར་གོང་མའི་གདན་ས་བཟུང་།ང་གཉིས་ཤིང་བྱི་ལོར་དགོངས་པ་བོན་དབྱིངས་སུ་བསྡུས།

སྨན་རིའི་མཁན་རབས་ཉེར་གཅིག་པ།

འ་ཞའི་ཐུགས་སྤྲུལ་སྨྲ་དབང་ཕུན་ཚོགས་རྣམ་རྒྱལ།

འཁྲུངས་ཡུལ་མདོ་སྨད།

ཡབ་ཤེས་རབ་འབུམ་དང་ཡུམ་རྣམ་རྒྱལ་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།ཞེ་བཞི་ཤིང་གླང་ལོར་གོང་མའི་གདན་ས་བཟུང་།ཞེ་བརྒྱད་ཤིང་གླང་ལོར་དགོངས་པ་བོན་དབྱིངས་སུ་བསྡུས།

སྨན་རིའི་མཁན་རབས་ཉེར་གཉིས་པ།

སྟོང་རྒྱུང་ཐུགས་སྤྲུལ་སྐུ་མདུན་བསོད་ནམས་བློ་གྲོས།

འཁྲུངས་ཡུལ་མདོ་སྨད།

ཤིང་འབྲུག་ལོར་རྒྱལ་རོང་རྫུ་ཡུལ་གནམ་བོན་རྒྱ་གར་རྗེའི་གདུང་གི་རྒྱར་ཚང་ལ་ཡབ་ཤཀྱ་བཀྲ་ཤིས་དང་ཡུམ་བསོད་ནམས་མཚོ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།ཉེར་བདུན་ལྕགས་རྟ་ལོར་གོང་མའི་གདན་ས་བཟུང་།

སྨན་རིའི་མཁན་རབས་ཉེར་བཞི་པ།

སྐུན་མདུན་བསོད་ནམས་ཕུན་ཚོགས།

འཁྲུངས་ཡུལ་མདོ་སྨད།

སྨན་རིའི་མཁན་རབས་ཉེར་དྲུག་པ།

བསྟན་འཛིན་ཚུལ་ཁྲིམས་དབང་རྒྱལ།

འཁྲུངས་ཡུལ་མདོ་སྨད།

སྨན་རིའི་མཁན་རབས་ཉེར་བརྒྱད་པ།

རྗེ་མཉམ་མེད་ཆེན་པོའི་རྣམ་སྤྲུལ་རྒྱལ་བ་བློ་གྲོས།

འཁྲུངས་ཡུལ་མདོ་སྨད་རྒྱལ་རོང་།

མཁན་རབས་ཉེར་དགུ་པ།

མཁན་ཆེན་བསྟན་པ་བློ་གྲོས།

འཁྲུངས་ཡུལ་མདོ་སྨད་རྒྱལ་རོང་ཁྲོ་སྐྱབས།

སྨན་རིའི་མཁན་རབས་སུམ་ཅུ་པ།

སྟག་སླག་སྐྱེ་སྤྲུལ་མཁན་ཆེན་ཉི་མ་དབང་རྒྱལ།

འཁྲུངས་ཡུལ་མདོ་སྨད་རྒྱལ་རོང་།

སྨན་རིའི་མཁན་རབས་སོ་གཅིག་པ།

སྐུ་མདུན་ཉི་མ་དབང་རྒྱལ།

འཁྲུངས་ཡུལ་མདོ་སྨད་རྒྱལ་རོང་།

སྨན་རིའི་མཁན་རབས་སོ་གསུམ་པ།

སྐུ་མདུན་ལུང་རྟོགས་བསྟན་པའི་ཉི་མ།

འཁྲུངས་ཡུལ་མདོ་སྨད་ཟིང་ཆུ།

མདོ་སྨད་ཅང་ཤེས་རྟའི་ཆོལ་ཁའི་ཁོངས་སུ་གཏོགས་པ་ཤར་ཟིང་ཆུ་བྱ་བ། གནས་ཆེན་མཁའ་འགྲོ་འུག་གདོང་གི་ཉེ་འདབས་བྲག་གཡུང་དྲུང་ཁ་ཡི་མདུན་ཞོལ་དུ་ཆགས་པ་ཁྲི་སྐྱང་སྟོད་པའི་ཁོངས་གཏོགས་སྐྱང་ཚང་བྱ་བའི་སྡེ་བར་ལྗོངས་ལྡོང་ཚང་ཞེས་དུད་ཁྱིམ་ཆེན་པོ་དེར། ཡབ་ལྗོངས་ལྡོང་རྒྱལ་ལོ་དང་ཡུམ་བར་རོང་བཟའ་མཚོ་མོ་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅུ་དྲུག་པའི་ས་མོ་སྦྲུལ་གྱི་༼ཕྱི་ལོ1929༽ཧོར་ཟླ་ལྔ་པའི་ཚེས་བཅོ་ལྔ་ཉིན་སྐུ་འཁྲུངས།དགུང་གྲངས་བཞི་བཅུའི་སྟེང་རྒྱལ་བ་མཉམ་མེད་ཆེན་པོའི་གདན་ས་བཟུང་།༼ཕྱི་ལོ་1969ལོའི་བོད་ཟླ་དང་པོའི་ཚེས་བཅོ་ལྔ།ཕྱི་ཟླ་3པའི་ཚེས4

དགུང་གྲངས་གྱ་དགུ་བཞེས་ཐོག་བོད་རབ་བྱུང་བཅུ་བདུན་པའི་མེ་མོ་བྱ་ལོའི་ཧོར་ཟླ་བདུན་པའི་ཚེས་ཉེར་བཞི་ཉིན་སྟེ།ཕྱི་ལོ་2017ལོའི་སྤྱི་ཟླ་9པའི་ཚེས14ཉིན་གྱི་ཕྱི་དྲོ་ཆུ་ཚོད་དྲུག་དང་སྐར་མ་ཉེར་ལྔའི་སྟེང་ཐུགས་དམ་གཡོ་བ་མེད་པའི་ཀློང་ནས་དགོངས་པ་བོན་དབྱིངས་སུ་བསྡུས་སོ།

About ལས་འབྱེད།