ཡིག་འབྲུ་ཁྲི་བདུན་མའི་ཞུ་ཡིག

པཎ་ཆེན་རིན་པོ་ཆེས < < ཡིག་འབྲུ་ཁྲི་བདུན་མའི་ཞུ་ཡིག > > སྔོན་དང་རྗེས།  འཇམ་དཔལ་རྒྱ་མཚོ།  བོད་ནང་སྒྲིག་པ་པོའི་གཏམ།

ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ཆོས་ཀྱི་རྒྱལ་མཚན་མཆོག་ནི་རེ་ཞིག་རང་ཅག་དང་བྲལ་ ནས་ཞིང་གཞན་དུ་གཤེགས་པའི་ཚུལ་མཛད་ མོད།འོན་ཀྱང་རླབས་ཆེ་བའི་རྒྱལ་གཅེས་རིང་ལུགས་པ་དང་རྒྱལ་ཡོངས་མི་རིགས་ཁག་གི་ མི་དམངས་ཀྱིས་གུས་ཤིང་བཀུར་བའི་རྒྱལ་ཁབ་ཀྱི་འགོ་ ཁྲིད་པ་ཁོང་གིས་མེས་རྒྱལ་གཅིག་གྱུར་དང་བོད་ལ་སྟོབས་འབྱོར་མངའ་ཐང་ལྡན་པ།མི་ རིགས་སོ་སོ་མཐུན་སྒྲིལ་དང་ཕྱུག་ཅིང་བདེ་སྐྱིད་ཀྱི་དཔལ་ ལ་རོལ་བའི་ཆེད་དུ།བཀག་འགོག་དང་དཀའ་ངལ་གང་ལའང་མ་འཛེམས་པར་ཏང་ཀྲུང་དབྱང་ལ

ཡིག་འབྲུ་ཁྲི་བདུན་མའི་ཞུ་ཡིགཕུལ་པ་ནི་སྨན་ བྱིན་པ་དུག་ཏུ་གྱུར་ནས།རྒྱལ་ཁབ་ལ་བློ་ལོག་མཁན་པཎ་ཆེན་ཚོགས་ཁགགི་འགོ་དཔོན་ གྱི་ཞྭ་མོ་དབུ་ལ་བསྐྱོན་ཞིང་བཙོན་ཁང་དུ་ལོ་ངོ་དགུའི་ རིང་ལ་བཞུགས་པ་དང༌། དེར་མ་ཟད་ལོ་ངོ་ཉེར་བཞིའི་རིང་ལ་མ་ཉེས་ཁ་གཡོག་ཁུར་གནང་མཛད་དགོས་པ་བྱུང༌། མི་བཞིའི་ཚོགས་ཁགརྡུལ་དུ་བརླགས་ནས་ཡོ་བསྲང་དྲང་བཅོས་རྗེས་ཀུན་གཟིགས་མཆོག་ གིས་སྔར་བཞིན་ཐུགས་རྒྱ་ཆེ་བ་ནམ་མཁའ་དང་མཉམ་ པའི་སྒོ་ནས་སྐུ་མྱ་ངན་ལས་འདའ་རེག་གི་བར་དུ་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དོན་ ལ་འབད་བརྩོན་ལྷོད་མེད་གནང་མོས་སུ་བཞུགས། རྩོམ་ཡིག་འདི་ནི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུའི་དྲུང་གི་ལོ་ཙཱ་པས་རང་ ཉིད་ཀྱི་མཐོང་ཐོས་མངོན་སུམ་པ་དང་ལོ་ངོ་མང་པོར་ འཚོལ་སྡུད་བྱས་པ་ལོ་རྒྱུས་ཀྱི་ཡི་གེར་བཀོད་པ་བཅས་ལ་བརྟེན་ནས་བྲིས་པ་ལགས་པས། སྐལ་ལྡན་སུ་ཞིག་གིས་བཀླག་པར་བྱས་ཀྱང་ཡིད་ཀྱི་བརྟན་པ་ ཅིག་ཅར་དུ་འཕྲོག་ནུས་པ་ཞིག་གོ།


 

༡༩༦༠ལོའི་ཟླ་༩བར། པཎ་ཆེན་རིན་པོ་ཆེ་པེ་ཅིན་དུ་ཕེབས་ཏེ་རྒྱལ་ཁབ་བཙུགས་ནས་ལོ་ངོ་བཅུ་གཅིག་འཁོར་ བའི་དགའ་སྟོན་དུ་ཞུགས་པའི་སྐབས་དང་བསྟུན་ནས། ཀྲོའུ་ཙུང་ལི་དང་ལི་ཝེ་ཧན་པུའུ་ཀྲང་རྣམ་གཉིས་ལ་ཁོང་གི་དགོངས་འཆར་ཞུས་པས་དེ་ ལ་ཀྲུང་དབྱང་གིས་གཙིགས་སུ་ཆེ་བ་བྱས། ལི་ཝེ་ཧན་དང་རིན་པོ་ཆེ་རྣམ་གཉིས་ཞལ་ཏ་རྒྱས་པ་ཐེངས་བཅུ་གསུམ་མཛད་ཅིང་དེའི་ དོན་རྣམས་ཡི་གེར་བཀོད་ཏེ་མིང་ལ < < ལི་ཝེ་ཧན་བློ་མཐུན་ དང་པཎ་ཆེན་ཨུ་ཡོན་ཀྲང་ཞལ་ཏ་གནང་བའི་ཟིན་བྲིས་གནད་བསྡུས > > ཞེས་བཏགས་པ་ཀྲུང་དབྱང་ལ་ཡར་ཞུར་ཕུལ།དེ་དང་དུས་མཉམ་དུ་ཀྲུང་ དབྱང་གིས་ལས་དོན་ཚན་ཆུང་སྟོབས་ཆེན་ཞིག་བྱ་བར་རྟོག་ཞིབ་བྱེད་པར་མངགས།༡༩༦༡ ལོའི་ཟླ༡པའི་ཚེས་༢༣ཉིན་ཀྲུང་ནན་ཧེ་ཕོ་བྲང་དུ་མའོ་ ཀྲུའུ་ཞིས་པཎ་ཆེན་རིན་པོ་ཆེ་དང་གསུང་མཆིད་གནང་སྐབས།མའོ་ཀྲུའུ་ཞིས་བོད་ ལྗོངས་སུགཡོནགྱི་ནོར་འཁྲུལ་དྲང་བཅོས་ཇི་ལྟར་བྱ་དགོས་པའི་ ཐད་གནད་དོན་དྲུག་གསུངས་པ་དང་པཎ་ཆེན་རིན་པོ་ཆེའི་དགོངས་འཆར་ཡང་ཁས་བླངས་མཛད། པཎ་ཆེན་རིན་པོ་ཆེ་པེ་ཅིན་ནས་བོད་ལྗོངས་དང་ བོད་རིགས་ཀྱི་ས་གནས་གཞན་དུ་ཕེབས་ཏེ་མུ་མཐུད་དུ་གཟིགས་ཞིབ་གནང༌།དམངས་གཙོ་ བཅོས་སྒྱུར་བྱས་རྗེས་མང་ཚོགས་ཀྱི་འཚོ་བར་ལེགས་ བཅོས་དང་མཐོར་འདེགས་བྱུང་མེད་པའི་ཁར་སྔར་ལས་ཀྱང་ཅུང་ཟད་ཞན་པར་གྱུར་ཅིང་ཐ་ན་ ས་ཁུལ་ལ་ལ་ཤིན་ཏུ་དབུལ་ཞིང་ཕོངས་པའི་གནས་ སུ་ལྷུང་བ་མཐོང་ནས་ཁོང་གི་ཐུགས་དགོངས་ལ་དེ་ཡང་ཁ་ནས་བརྗོད་པ་ཙམ་གྱིས་ཀྲུང་ དབྱང་དང་འབྲེལ་ཡོད་ཕྱོགས་ནས་མཐོང་ཆེན་བྱར་མི་འོང་ བས་རང་ཉིད་ཀྱིས་ཁོང་དུ་ཆུད་པར་བྱ་བ་ནི་གལ་ཧ་ཅང་ཆེ་བ་དང༌།མགོ་རྐང་ཚང་ལ་གོ་ རིམ་ལྡན་པའི་ཡིག་ཆ་ཞིག་བྲིས་ནས་ཏང་ཀྲུང་དབྱང་དང་ མའོ་ཀྲུའུ་ཞི་ལ་སྙན་ཞུར་ཕུལ་ན་ལེགས་པར་དགོངས། པཎ་ཆེན་རིན་པོ་ཆེས་རང་ཉིད་ཀྱི་ཐུགས་དགོངས་དེ་སྐུ་འཁོར་བ་རྣམས་ལ་གསུངས་ཚེ་ ཚང་མས་མི་འཐད་པར་ཞུས་མོད། རིན་པོ་ཆེའི་ཐུགས་ལ་བསམ་འཆར་ཡོད་ཀྱང་ཁ་ནས་མི་འདོད་པ་དང་གནད་དོན་མཐོང་ཡང་ ཀྲུང་དབྱང་ལ་མི་ཞུ་བ་ནི་ཏང་དང་མི་དམངས་ཀྱི་ ལས་དོན་སྣང་མེད་དུ་བཏང་བའི་རྟགས་ཡིན་པར་དགོངས་ནས་ཁ་མང་གཏམ་མང་ལ་མ་འཛེམས་པར། ༡༩༦༡གི་ལོ་མཇུག་ནས་བཟུང་སྐུ་དངོས་ ཀྱིས་དགོངས་འཆར་ཕྱག་བྲིས་སུ་གནང་པར་བརྩམས།ཕྱག་བྲིས་མཛད་བཞིན་པའི་སྐབས་ཞིག་ ལ་རིན་པོ་ཆེས་ཁོང་ཉིད་པེ་ཅིན་དུ་བཞུགས་དུས་ཀྱི་ སྣང་ཚུལ་སླར་ཡང་ཐུགས་ལ་ཤར་ནས་བྱུང༌།དེ་ནི་རང་རྒྱལ་འདི་ཉིད་དཔལ་འབྱོར་ཐོག་ དཀའ་ངལ་ཚབས་ཆེན་དང་ཐུག་སྐབས་ཡིན་ན་ཡང་དང་ མགོར་ཁོང་ཉིད་དེ་འདྲར་ཐུགས་ཡིད་ཆེས་པ་ཞིག་མ་བྱུང༌།ཉིན་ཞིག་ཁྲིན་ཡེས་དང་ཧུ་ ལོང་སོགས་པཎ་ཆེན་རིན་པོ་ཆེ་ལ་འཚམས་ཞུར་ཕེབས་ སྐབས་ཁོང་གིས་ཤིང་ཏོག་ཀུ་ཤུ་མགྲོན་པོ་ཚོའི་མདུན་དུ་བཤམས་ནས་སྣེ་ལེན་བྱས་པ་ ལ་ཚང་མས་ཐུགས་འཛེམས་གནང་ནས་མ་བཞེས་པ་ན། རིན་པོ་ཆེས་ཕྱག་གིས་བླངས་ནས་ཁོར་ཚོར་གནང་བས་ཚང་མས་ཁམ་གང་རེ་གང་རེས་བཞེས། ཁྲིན་ཡེས་ཀྱིས་མཉམ་འཇོག་མ་བྱས་པརཡུན་རིང་བར་ དུ་ཀུ་ཤུ་མ་ཟོས་སྟབས་ངོ་མས་ཞིམ་འདུག་ཨངཞེས་པ་ཁ་ནས་ཤོར་བྱུང་བ་དེ་ལ་རིན་པོ་ཆེ་ཉིད་ཡ་མཚར་ནས། ཀུ་ཤུ་ཟ་རྒྱུ་ངོ་མས་མི་འདུག་གམཞེས་དྲིས་པས་ཁྲིན་ཡེས་ན་རེ། དཀའ་ངལ་གྱི་དུས་སྐབས་སུ་ཕོ་བ་རྒྱག་གིན་མེད་པ་ལ་ཤིང་ཏོག་ཟ་རྒྱུ་ག་ལ་ཡོདཅེས་ཞུས་པས། རིན་པོ་ཆེ་ལྷག་པར་ཧ་ལས་པར་གྱུར་ཏེ།ཁྱེད་ཕྱི་འབྲེལ་པུའུ་ཀྲང་ཉིད་ཀྱིས་ཉིན་ རེ་བཞིན་ཕྱི་མགྲོན་ལ་ཐུག་འཕྲད་བྱེད་ཀྱིན་ཡོད་པས་ཤིང་ཏོག་ཟ་ རྒྱུ་མི་འདུག་གམགསུངས་པའི་ལན་དུ། དེ་ནི་ཕྱི་མགྲོན་གྱི་བཞེས་པ་ཡིན་པས་ང་ཚོས་ཟ་ག་ལ་རུང༌།ཕྱི་འབྲེལ་པུའུ་ལ་མི་ སྟོང་ཕྲག་འགའ་ཡོད་པར་ངེད་པུའུ་ཀྲང་གིས་འགོ་ཁྲིད་ནས་འགྲིག་ ལམ་བཤིག་ན་འོག་རིམ་གྱི་མི་རྣམས་ལ་བདག་པོ་རྒྱག་ཐུབ་བམཞེས་ཞུས།ཁོང་ཚོ་ཕྱིར་ལོག་ཁར་པཎ་ཆེན་རིན་པོ་ཆེས་ཁྲིན་ཡེས་སོགས་བློ་མཐུན་ རྣམས་ལ་ཀུ་ཤུ་ལྷག་མ་རྣམས་འཁྱེར་དགོས་པར་བསྒོས་པས། ཁྲིན་ཡེས་གད་མོ་དང་བཅས་ཏེརིན་པོ་ཆེ་ཉིད་སྦྱིན་བདག་བྱེད་ན་ང་ཚོས་ཐུགས་འཛེམ་ བྱེད་ཀི་མིན།ངས་ཀྲང་ཆན་ལ་གཅིག་འཁྱེར་ནས་མོ་ལའང་ ལྟོ་སྲེད་བསལ་དུ་འཇུག་དགོས་པརཞུས་ཏེཕྱིར་ཕེབས།དོན་ཆུང་འདི་འདྲས་པཎ་ཆེན་ རིན་པོ་ཆེ་ལ་ཐུགས་འགུལ་ཐེབས་ནས་ཁོང་གིས་ལྷག་པར་ཧུར་ བརྩོན་དང་ནན་ཏན་གཟབ་ནན་བཅས་ལ་བརྟེན་ནས་དགོངས་འཆར་གྱི་ཡི་གེ་འབྲི་གནང་མཛད། དགོངས་འཆར་ཞུ་ཡིག་འདི་ནི་པཎ་ཆེན་རིན་པོ་ཆེ་སྐུ་དངོས་ཀྱིས་བརྟག་དཔྱད་རྒྱུས་ ལོན་ལས་བྱུང་བའི་དཔྱད་གཞི་ཡིན་ཏེ། ཁོང་ཉིད་ཀྱི་དགོངས་འཆར་དང་བཞེད་པ་ཁོ་ན་ཡིན་པ་ལས་མི་གཞན་དང་ཁྱད་པར་དུ་པཎ་ ཆེན་ནང་མ་སྒང་གི་གཙོ་འགན་བཞེས་མཁན་དག་གི་ བསམ་འཆར་མེད་པ་རེད།ཁོང་ཚོ་ནི་རྩོད་གཞི་བསླང་བར་སྐྲག་ནས་ཐབས་སྣ་ཚོགས་པས་རིན་ པོ་ཆེ་ལ་དགོངས་འཆར་དེ་མི་འབྲི་བའི་གོ་བསྐོན་ཞུ་ འབུལ་བྱེད་ཀྱིན་ཡོད། རྗེས་སུ་པཎ་ཆེན་རིན་ཆེ་ལ་དགག་པ་རྒྱག་སྐབས་མི་ལ་ལས་ནང་མ་སྒང་གི་གཙོ་འགན་ བཞེས་མཁན་བཀྲས་གདོང་ ཇིས་འཇིགས་མེད། ལྷ་མོན།ཡེ་ཤེས་ཚུལ་ཁྲིམས།ཡོངས་འཛིན་ཆེ་བ་དངུལ་ཆུ་རིན་པོ་ཆེ་སོགས་ནིསེམས་ གནག་ལ་གཡོ་སྒྱུ་ཆེ > ”ཞིང་ལྐོག་ཏུ་ཁ་ལོ་བསྒྱུར་བདང༌། བཀོད་པ་ངན་པ་འཐེནནས།པཎ་ཆེན་ལ་ངན་སྐུལ་བྱས་ཏེ་ཕྱིར་མཆོང་ཡོང་ནས་ཏང་དང་ སྤྱི་ཚོགས་རིང་ལུགས་ལ་ངོ་རྒོལ་དང་མེས་རྒྱལ་ཁ་བྲལ་ དུ་གཏོང་བར་བྱེད་པསོགས་ནི་དངོས་གནས་མ་ཉེས་ཁ་གཡོག་ཡིན་པ་རེད། དགོངས་འཆར་ཞུ་ཡིག་འདི་བོད་ཡིག་གིས་བྲིས་ཚར་རྗེས་རིན་པོ་ཆེ་སྐུ་དངོས་ཀྱིས་ མི་སྣ་རྩ་འཛུགས་བྱས་ཏེ་སྒྲ་སྒྱུར་བྱས་ཤིང་གནད་འགག་ རེ་རེ་བཞིན་དུ་སྐུ་དངོས་ཀྱིས་འདྲི་རྟོག་གནང་བ་སོགས་སྒྲ་སྒྱུར་གྱི་བྱ་བ་ལའང་ གཙིགས་ཤིན་ཏུ་ཆེ་བར་མཛད། ཞུ་ཡིག་འདར་ཡིག་འབྲུ་ཁྲི་ཕྲག་བདུན་ལྷག་ཡོད་སྟབས་རྗེས་སུ་དེ་ལཡིག་འབྲུ་ཁྲི་ བདུན་མརུ་འབོད། དཔྱད་གཞི་འདིའི་ཁ་བྱང་ལ་རིན་པོ་ཆེས་ཐུགས་བསམ་ཡང་ཡང་བཞེས་པའི་མཐར་ < < མཛའ་ཞིང་བརྩེ་བའི་ཀྲོའུ་ཙོང་ལི་བརྒྱུད་ནས་བོད་ལྗོངས་ དང་བོད་རིགས་ས་ཁུལ་གཞན་པའི་མང་ཚོགས་ཀྱི་སྡུག་བསྔལ་དང་རྗེས་ཀྱི་བྱ་བའི་བསམ་ འཆར་སྐོར་ཀྲུང་དབྱང་ལ་སྙན་སེང་ཞུ་བ > > ཞེས་བཀོད་གནང༌། དེའི་ནང་དོན་ཡོངས་རྫོགས་ཁག་བརྒྱད་དུ་བགོས་ཡོད་དེ། ཀ ངོ་ལོག་ཟིང་འཁྲུག་ཞི་འཇགས་སུ་བཏང་བའི་འཐབ་རྩོད་སྐོར། ཁ དམངས་གཙོ་བཅོས་སྒྱུར་སྐོར། ག ཞིང་ཕྱུགས་ལས་ཐོན་སྐྱེད་དང་མང་ཚོགས་འཚོ་བའི་སྐོར། ང འཐབ་ཕྱོགས་གཅིག་སྒྲིལ་སྐོར། ཅ དམངས་གཙོ་གཅིག་སྡུད་སྐོར། ཆ འབྱོར་མེད་གྲལ་རིམ་སྲིད་དབང་སྒེར་འཛིན་སྐོར། ཇ ཆོས་ལུགས་སྐོར༌། ཉ མི་རིགས་བྱ་བའི་གནད་དོན་སྐོར་བཅས་སོ། ། ཟླ ༦ པའི་ཡར་ངོར་ཞུ་ཡིག་སྣུམ་དཔར་དུ་བཏབ། པཎ་ཆེན་རིན་པོ་ཆེས་ཞུ་ཡིག་འདི་ཀྲུང་དབྱང་ལ་ཡར་འབུལ་དང་མཉམ་དུ་ཀྲོའུ་ཙུང་ལི་ དང་ཕུན་ཀྲིན། ཝོའུ་ལན་ཧཕུ། ལི་ཝེ་ཧན། ཤིས་ཀྲུང་ཞུན་སོགས་འགོ་ཁྲིད་བློ་མཐུན་ལ་ཐུག་འཕྲད་གནང་ནས་རང་གི་དགོངས་འཆར་ ཐད་ཞལ་གཏུག་གླེང་མོལ་མཛད། དམིགས་ཀྱིས་བཀར་ནས་བརྗོད་དགོས་པ་ནི། ཞུ་ཡིག་འདི་འབྲི་སྐབས་ཁོང་གི་དགོང་ལོ་ཉེར་བཞི་རིལ་བོ་བཞེས་མེད་མོད། འོན་ཀྱང་སྐུ་ན་གཞོན་པའི་པན་ཆེན་རིན་པོ་ཆེ་མཆོག་གིས་ལྷག་བསམ་རྣམ་དག་གི་ཐུགས་ ཕུལ་བ་ཡིན། པཎ་ཆེན་རིན་པོ་ཆེས་སྙན་ཞུ་ཀྲུང་དབྱང་ལ་ཡར་ཕུལ་རྗེས་ཀྲུང་དབྱང་གིས་དེ་ལ་ གཙིགས་ཆེ་བར་བྱས། ལིས་ཝེ་ཧན་དང་ཤིས་ཀྲུང་ཞོན་བློ་མཐུན་ལ་འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་པ་རྣམས་ བསྡུས་ནས་ཞིབ་འཇུག་གྲོས་བསྡུར་བརྒྱུད་བོད་ལྗོངས་བྱ་བ་ ལེགས་བཅོས་ཡོང་བར་བསམ་འཆར་འདོན་དགོས་པའི་འགན་དཀྲིས། གྲོས་བསྡུར་ཡང་ཡང་བྱས་མཐར་ཡིག་ཆ་སྣ་བཞིར་གྲུབ་ཐོག་པཎ་ཆེན་རིན་པོ་ཆེ་དང་ཀྲང་ ཅིན་ཝོའུ་རྣམ་གཉིས་ཀྱི་མཚན་བཀོད་ནས་ཀྲོའུ་ཙུང་ལིས་ དང་ཏང་ཀྲུང་དབྱང་ལ་ཕུལ་བར་མགྱོགས་མྱུར་དུ་ཀྲུང་དབྱང་གིས་ཆོག་མཆན་བཀོད་ནས་ ཀྲོའུ་ཙུང་ལིས་དང་ཏང་ཀྲུང་དབྱང་ལ་ཕུལ་བར་མགྱོགས་ མྱུར་དུ་ཀྲུང་དབྱང་གིས་ཆོག་མཆན་གནང་བ་རེད། ཟླ ༨ པའི་ཚེས་མགོར་པཎ་ཆེན་རིན་པོ་ཆེ་སླར་ཡང་ལྷ་སར་མགྱོགས་མྱུར་དུ་ཕེབས། ཟླ ༨ པའི་ཚེས ༡༣ ནས་ཟླ ༩ ཚེས ༢ བར་དམག་དཔོན་ཆེན་པོ་ཐན་བཀྭན་ཟན་ནས་གཙོ་འགན་བཞེས་འོག་བོད་ལྗོངས་ལས་དོན་ཨུ་ ཡོན་ལྷན་ཁང་རྒྱས་འཛོམ་གྲོས་ཚོགས་ཐེངས་དྲུག་པ་ འཚོགས།ཚོགས་ཐོག་དེར་ཀྲོའུ་ཙུང་ལིས་ད་ལིས་ཝེ་ཧན་སོགས་འགོ་ཁྲིད་བློ་མཐུན་རྣམ་ པས་བོད་ལྗོངས་བྱ་བའི་ཐད་ཀྱི་མཛུབ་སྟོན་དྲིལ་བསྒྲགས་པ་ དང༌།ཡིག་ཆ་བཞི་བོ་ལག་བསྟར་ཇི་ལྟར་བྱ་བའི་གནད་དོན་ལ་གྲོས་བསྡུར་བྱས་མཐར་གཞི་ རྩའི་སྟེང་ཚང་མའི་ངོས་ཟིན་གཅིག་མཐུན་དང་ཁ་ཕྱོགས་ ཀྱང་གསལ་བོར་བྱུང་བར་བརྟེན་པཎ་ཆེན་རིན་པོ་ཆེ་ཐུགས་ཤིན་ཏུ་དགྱེས་པ་བྱུང༌། འོན་ཀྱང་གནས་ཚུལ་ལ་འགྱུར་ལྡོག་མགྱོགས་མྱུར་དུ་བྱུང༌། ལོ་དེའི་ཟླ ༩ བར་པེ་ཏེ་ཧོ་རུ་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱས་འཛོམས་གྲོས་ཚོགས་འཚོགས། མའོ་ཀྲུའུ་ཞིསགྲལ་རིམ་འཐབ་རྩོད་གཏན་ནས་བརྗེད་མི་རུངཔའི་བསྐུལ་བརྡ་བཏང་ ཐོག་ཏང་གི་སྤྱི་ཚོགས་རིང་ལུགས་ལོ་རྒྱུས་དུས་རིམ་གྱི་གཞི་ རྩའི་ལམ་ཕྱོགས་བཏོན་པར་མ་ཟད།ཚོགས་འདུ་དེའི་སྟེང་དུ་མའོ་ཀྲུའུ་ཞིས་ལི་ཝེ་ཧན་ ལའཐབ་ཕྱོགས་གཅིག་སྒྲིལ་པུའུ་ཡིས་གྲལ་རིམ་འཐབ་རྩོད་མི་ འཛིན་པར་མགོ་འདོགས་རིང་ལུགས་སྒྲུབ་ཀྱིན་ཡོདཅེས་མིང་བཟུང་དོན་བཟུང་གིས་དགག་ པ་བརྒྱབ་རྗེས་དུས་ཡུན་ཐུང་ངུའི་ནང་དུ་ཀྲུང་དབྱང་ གིས་ལིས་ཝེ་ཧན་གྱི་པུའུ་ཀྲང་གི་འགན་དབང་ཕྱིར་འཐེན་བྱས། བོད་ལྗོངས་དང་སྡེ་ཁག་གཞན་དག་གི་འགོ་ཁྲིད་བློ་མཐུན་ཚོས། ལི་ཝེ་ཧན་གྱིས་པཎ་ཆེན་ལམགོ་བཏགས་པདང༌། པཎ་ཆེན་གྱིསཏང་ལ་གླང་སྨྱོན་ལྟ་བུའི་ཚུར་རྒོལ་བྱེདཔའི་མདུན་དུ་མཐའ་གཅིག་ ཏུ་འདོད་བསྟུན་དང་འོས་མེད་འགྲིག་ཐབས་བྱེད་པའི་རྣམ་ འགྱུར་བཟུང་བར་བརྟེན། དོན་དངོས་ཐོགཔཎ་ཆེན་གྱི་ལོག་སྤྱོད་ཧམ་སེམས་འཕེལ་རོགས་བྱསཔར་སྙམ་གྱིན་ཡོད། འདི་ནི་པཎ་ཆེན་རིན་པོ་ཆེར་དབུ་ལ་རྒྱུག་པ་གཞུ་བ་ལྟ་བུར་གྱུར་སྟབས་ཁོང་ནི་ཧ་ ལས་ཤིང་ཐུགས་སུ་ཆུད་དཀའ་བ་དང་མ་ཉེས་ཁ་ གཡོག་ཡིན་པས་ཐུགས་ཤིན་ཏུ་མི་བདེ་བ་བྱུང༌། དུས་དེ་ནས་བཟུང་པཎ་ཆེ་རིན་པོ་ཆེ་དང་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གི་འགན་ ཁུར་པའི་བར་གྱི་མི་མཐུན་པ་ཇེ་སྡུག་དང་ འབྲེལ་བ་ལའང་ཉམས་ཇེ་ཆེར་སོང༌།ཀྲུང་དབྱང་གིས་ཆོག་འཆན་བཀོད་པ་ལྟར་ལས་དོན་ཨུ་ ཡོན་ལྷན་ཁང་གིས་པཎ་ཆེན་རིན་པོ་ཆེ་ལ་སྐྱོན་བརྗོད་ སློབ་གསོརྒྱུན་ཆད་མེད་པར་བཏང་ཐོག་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་བྱ་བ་ གང་མང་ཞིག་ལ་ཁོང་གིས་འབྲི་རྟོག་བྱེད་མི་ཆོག་པར་བྱས། ལོ་འདིའི་ཟླ༡༠བར་རང་རེའི་མཐའ་མཚམས་དམག་དཔུང་གིས་རྒྱ་གར་ལ་རང་སྲུང་རྒོལ་ལན་ འཐབ་འཁྲུག་བརྒྱབ་པས་དམག་འཐབ་ལ་རྒྱལ་ཁ་ཆེར་ བླངས། ཀྲང་གོ་ཧྭ་བློ་མཐུན་དངོས་སུ་གཡུལ་སར་སོང་སྟེ་བཀོད་འདོམས་བྱས་པས་དཔའ་རྟགས་ ཕུལ་དུ་ བྱུང་བ་བཞག བོད་ལྗོངས་དམག་དམངས་ལ་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ གིས་བྱ་དགའ་གནང་བ་ལས་ཀྲང་གོ་ཧྭའི་སྙན་གྲགས་ ཀྱང་ཆེ་ཆེར་ཇེ་མཐོར་སོང༌། དོན་འདིས་པཎ་ཆེན་རིན་པོ་ཆེ་དང་ཀྲང་གོ་ཧྭ་རྣམ་གཉིས་བར་གྱི་ཕྱོགས་འགལ་ཐད་གཞན་ ངོས་ནས་ཆབ་སྲིད་ཀྱི་གདེང་འཇོག་གང་འཚམ་ཞིག་བྱས་ བྱུང་པ་རེད། ༡༩༦༣ ཧྲིལ་ལོ་ནས ༡༩༦༤ ལོ་མགོ་བར་དུ་པཎ་ཆེན་རིན་པོ་ཆེ་སྲིད་དོན་ལ་ཞུགས་པ་ཧ་ཅང་ཉུང་ཞིང༌། ཁོང་ནི་ཉིན་གང་བོར་ཀྲུང་དབྱང་གིས་བརྩིགས་པའི་པཎ་ཆེན་ཁང་ཆུང་ནང་དུ་བཞུགས། ཁོང་གིས་མའོ་ཀྲུའུ་ཞིའི་གསུང་རྩོམ་ཀློག་པ་དང་ཆབ་སྲིད་ཡིག་ཆ་མང་བོར་གཟིགས། སྔར་ཡོད་བརྟག་དཔྱད་ཀྱི་ཡི་གེར་ཡང་ཡང་གཟིགས་ཤིངཡིག་འབྲུ་ཁྲི་བདུན་མརཞིབ་བརྟག་ཕྲ་ཞིང་ཞིབ་པ་ཡང་ཡང་མཛད་དེ་དཀར་ནག་གི་དབྱེ་ བ་གསལ་ཞིང་དག་པ་དང་དྲང་ཞིང་བདེན་པ་ཞིག་གནང་བར་དགོངས། འོན་ཀྱང་གསལ་དག་མཛད་ཀྱིན་མཛད་ཀྱིན་ཇེ་སྡུག་ཏུ་ཕྱིན། རིན་པོ་ཆེ་ལ་ཐེ་ཚོམ་སྐྱེས་བྱུང་བས་ལྷའི་ལུང་བསྟན་ལ་མི་རེ་ཀ་མེད་བྱུང༌། ཁོང་གིས་བཀྲ་ཤིས་ལྷུན་པོ་དགོན་པའི་སྐུ་རྟེན་བཀུག་ནས་དེ་ལ་ལུང་བསྟན་ཞུས་ཏེ་ བདེན་རྫུན་གྱི་དབྱེ་འབྱེད། མ་འོངས་པའི་མདུན་ལམ་དང་བདེ་སྡུག་ཐམས་ཅད་ལུང་སྟོན་པར་རེ། སྐབས་དེའི་ཟླ་བ་ཁ་ཤས་ཀྱི་རིང་ལ་རིན་པོ་ཆེས་གནད་དོན་བརྒྱ་ཕྲག་འགའ་བཏོན་པ་དང་ ལུང་བསྟན་དང་དེའི་འགྲེལ་ཡིག་བཅས་བསྡོམས་ན་ཡིག་འབྲུ་ཁྲི་ཕྲག་འགའ་ལས་ལྷག་པར་ སྣང༌། ༡༩༦༤ ལོར་རྒྱལ་ཡོངས་མངའ་ཁོངས་སུབཞི་གཙངལས་འགུལ་སྤེལ་བ་ལ། བོད་ལྗོངས་སུསློབ་གསོ་ཆེ་བ་གསུམཁ་སྣོན་བྱས། སློབ་གསུམལས་འགུལ་ནང་དུ་པཎ་ཆེན་རིན་པོ་ཆེར་དང་ཐོག་འཁེལ་བྱུང་བས་རྡུང་ རྡེག་དང་དགག་པ་བརྒྱབ། རིན་པོ་ཆེས་རང་སྟེང་དུ་འབྲས་བུ་འདི་འདྲ་ཞིག་འབྱུང་བར་ཐུགས་སུ་ག་ལ་ཤར། ཁོང་གི་གཤིས་རྒྱུད་ནི་ཐུགས་གཞུང་དྲང་ཞིང་སྐུ་ན་གཞོན་ལ་དཔའ་སྟོབས་རྒྱས་པ། ཁྱད་པར་དུ་ཁོང་ཉིད་ནི་མི་རྣམས་ཀྱིས་གུས་བཀུར་ཤིན་ཏུ་ཆེ་བའི་གོ་གནས་ཁྱད་པར་ ཅན་ཏེ་བླ་ཆེན་གྱི་ཁྲིར་བཀོད་པ་ཡིན་ཕྱིར་འདི་འདྲའི་རྡུང་རྡེག་བབས་ག་ལ་མྱོང༌། སྐྱོན་ཞིབ་དང་རྩིས་སྤྲོད་པཕར་ཞོག་སྐྱོན་བརྗོད་ཀྱི་བསམ་འཆར་ཙམ་ཡང་དེ་འདྲ་ཙམ་ཞིག་གསན་པར་མི་བཞེད་པ་རེད། ཁོང་གིས་མདུང་རྩེ་ཁ་སྤྲོད་ཀྱིས་བདེན་ལུགས་སྲུང་གང་ཐུབ་བྱས་ནས་རང་ལ་སྐྱོན་ འཛུགས་བྱས་པར་དག་སེལ་དང་སྐབས་འགར་ཁ་རྩོད་དྲག་པོ་མི་ཡོང་ཐུ་མེད་བྱུང༌། དེར་བརྟེནརྣམ་འགྱུར་མི་བཟངབའི་ཉེས་མིང་དེ་ཡང་སྐུའི་ཐོག་ཏུ་བབས་བྱུང༌། དགག་རྒྱག་རིམ་གྱིས་སྤྱི་ཚོགས་ཐོག་ཏུ་རྒྱ་ཆེར་སྤེལ། དང་ཐོག་རིན་པོ་ཆེ་ཁོང་ཉིད་དངཡིག་འབྲུ་ཁྲི་བདུན་མཡི་ནང་གི་ནོར་འཁྲུལ་ལ་ སྐྱོན་བརྗོད་བྱེད་པ་དེ་རྗེས་སུ་མེ་སྟག་ལས་མེ་དཔུང་གི་དཔེ་ལྟརཔཎ་ཆེན་ཚོགས་ ཁགདང་ཐ་ནཔཎ་ཆེན་གཙོས་རྒྱབ་ཁབ་ལ་ངོ་ལོག་པའི་ཚོགས་ཁག་ཅིག་ཕྱིར་བཏོན་ཡོངཞེས་བརྗོད་ཀྱིན་འདུག པཎ་ཆེན་རིན་པོ་ཆེའི་དབུ་ཐོག་ཏུ་བསྐྱོན་པའི་ཉེས་མིང་ལ་ཕལ་ཆེར་འདི་འདྲ་ཡོད་ དེ། ཁོང་རྟ་གསོ་བར་དགྱེས་པ་དེ གསར་བརྗེར་ངོ་ལོག་ལོག་འགལ་ཟིང་འཁྲུག་སློང་དོན་ཡིནཞིངསྐྱ་དམག་སྦྱོང་བརྡར་བྱས་ནས་རི་མགོའི་དམག་འཐབ་གྲ་སྒྲིག་བྱེད་ཀི་ཡོད > ” ཟེར་བ་དང༌། ཁོང་ལ་དམག་ཁྱི་འགའ་རེ་ཡོད་པགསར་བརྗེར་ངོ་ལོག་པའི་གསང་ཉུལ་རུ་ཁག་འཛུགས་པའི་ ཉེས་རྟགསསུ་གྱུར་པ་དང༌། དམངསགཙོ་བཅོས་སྒྱུར་བྱས་རྗེས་པཎ་ཆེན་རིན་པོ་ཆེས་གཞིས་ཀ་རྩེ་ནས་འཕྲུལ་ཆས་ སློབ་གྲྭ་ཞིག་འཛུགས་དགོས་པའི་དགོངས་འཆར་བཏོན་པ་དེ་ཡང་པཎ་ཆེན་ཚོགས་ཁག་གི་ རྟེན་གཞི་གལ་ཆེན་བཙུགས་ནས” “གསར་བརྗེར་ངོ་ལོག་པའི་དཔུང་ཁག་སྐྱེད་སྲིང་བྱེད་པའི་གནས་གཞིབྱེད་རྩིས་ཡིན་ པར་བཤད། མི་ལ་ལས་པཎ་ཆེན་གྱིས་ཅིས་ཕུ་རླངས་འཁོར་ལ་བསམ་བཞིན་དུ་ཆུ་སྒམ་གཉིས་བཟོས་ མྱོང་བ་དེ་ནིགལ་ཏེ་ལོག་འགལ་ཟིང་འཁྲུག་ཕམ་པར་གྱུར་ན་འདི་འདྲའི་ཆེད་བཟོད་ རླངས་འཁོར་ལ་བསྡད་ནས་རྒྱ་གར་ལ་བྲོས་འགྲོ་བའི་གྲ་སྒྲིག་རེདཅེས་སོགས་མཚང་ རྟོལ་བྱས་པ་རེད། གཞུག་ནས་རྩད་གཅོད་གསལ་བོ་བྱུང་པ་ལྟར་ན་དེ་དག་ཚང་མ་མི་བདེན་རྫུན་སྒྲིག་རང་ ཡིན་པ་རེད། པཎ་ཆེན་རིན་པོ་ཆེའི་ཐུགས་དགོངས་ལ་བོད་ལྗོངས་སུ་གནས་ལུགས་གསལ་བཤད་དང་བདེན་ རྫུན་གསལ་འབྱེད་ཡོང་མི་ཐུབ་པར་དགོངས་ནས་པེ་ཅིན་ལ་ཕེབས་ཏེ་ཏང་ཀྲུང་དབྱང་དང་ མའོ་ཀྲུའུ་ཞི། ཀྲོའུ་ཙུང་ལི་བཅས་བཙལ་བའི་རེ་འདུན་མཛད་ཀྱང་དེ་ཁས་ལེན་མི་བྱེད་པ་རེད། རྒྱས་འཛོམས་གྲོས་ཚོགས་ཐེངས་བདུན་པ་གྲོལ་སྐབས་སུ། པཎ་ཆེན་རིན་པོ་ཆེར་ཏང་ལ་རྒོལ་བ་དང་མི་དམངས་ལ་རྒོལ་བ། སྤྱི་ཚོགས་རིང་ལུགས་ལ་རྒོལ་བ་སྟེ་ཞྭ་མོ་གསུམ་དངོས་སུ་བསྐོན་པ་ནས་བཟུང་ལོ་ ཉེར་བཞིའི་རིང་ལ་མ་ཕུད་པར་བཞག་པ་དེ ༡༩༨༨ལོའི་ཟླ་༥བའི་ནང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ ཡོན་ལྷན་ཁང་ནས་ཐག་བཅད་པ་ལྟར་གཞི་ནས་དངོས་སུ་དཀར་འདོན་བྱས། ༡༩༦༤ ལོའི་ཟླ་ ༡༢པའི་མར་ངོར་འཚོགས་པའི་རྒྱལ་ཡོངས་དམངས་ཆེན་སྐབས་གསུམ་པ་ཐེངས་དང་པོའི་ཚོགས་ འདུའི་སྟེང་པཎ་ཆེན་རིན་པོ་ཆེའི་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་ གི་ཀྲུའུ་རིན་ཨུ་ཡོན་ཚབ་མ་དང་ཨུ་ཡོན་གྱི་གོ་གནས། ཚོགས་ཆེན་འདེམ་བསྐོའི་སྐབས་དང་བསྟུན་ནས་ཨུ་ཡོན་ཀྲང་གཞོན་པའི་གོ་གནས་བཅས་ ཕྱིར་འཐེན་བྱས་པས་རྒྱུན་ལས་ཨུ་ཡོན་ཁོ་ན་རང་སོར་བཞག པཎ་ཆེན་རིན་པོ་ཆེ་ལ་ཆབ་སྲིད་ཐོག་རྡུང་རྡེག་འདི་ལས་ཆེ་བ་ཞིག་ག་ལ་ཡོད། དེ་ནས་བཟུང་ཁོང་ཉིད་ཀྱང་རེ་ཐག་ཆད་ཅིང་སྡུག་བསྔལ་བར་མཛད། ཡུན་རིང་མ་འགྱངས་པར་པཎ་ཆེན་རིན་པོ་ཆེ་ལྷ་ས་ནས་ཐེགས་ཏེ་སྲིད་གྲོས་རྒྱུན་ ཨུའི་མིང་ཐོབ་ཙམ་ལ་བརྟེན་ནས་པེ་ཅིང་དུ་རྒྱུན་བཞུགས་གནང༌། དེ་ནས་བཟུང་པཎ་ཆེན་རིན་པོ་ཆེས་བག་ཕེབས་པའི་འཚོ་བ་རོལ་བར་མཛད་པའི་མགོ་ཚུགས། རྒྱུན་དུ་ར་སྐོར་ནང་དུ་དཔེ་གཟིགས་གནང་ཞིང་སྐབས་འགར་སྤྱིའི་གླིང་གར་སྐྱོ་ སྣང་བསང་བར་ཕེབས། འོན་ཀྱང་ཕྱི་ངོས་ཀྱི་ཞི་འཇམ་དེས་ནང་ཐུགས་ཀྱི་ཐུགས་ཁྲལ་ལ་སྦེལ་གསང་བྱེད་ག་ལ་ ཐུབ། བོད་ལྗོངས་སོགས་བོང་རིགས་ཡུལ་ཁམས་སྤྱི་དང་ལྷག་པར་ཕ་ཡུལ་མཚོ་སྔོན་དུཔཎ་ཆེན་ ཚོགས་ཁགགང་མང་ཞིག་ལྷང་ལ་བཏོན་ཟིན་པར་མ་ཟད་ད་དུང་མུ་མཐུད་དུ་ཤུགས་ཆེན་པོས་གཏིང་ཟབ་ ཏུ་སློག་བཞིན་ཡོད། ༡༩༦༦ ལོའི་དབྱར་ཁར རིག་གསརགྱི་རླུང་རླབས་གཡོས་ཞིང་འཕྱུར་བས་བོད་ལྗོངས་སུ་སླར་ཡང་ཏཱ་ལེ་ཚོགས་ཁག་དང་པཎ་ ཆེན་ཚོགས་ཁག་ལ་དགག་པ་རྒྱག་པའི་མཐོ་རླབས་གསར་བ་འཕྱུར། དེའི་ཚེ་ན་ཏང་ཀྲུང་དབྱང་དང་ལྷག་པར་དུ་ཀྲོའུ་ཙུང་ལི་མཆོག་གིས་པཎ་ཆེན་རིན་པོ་ ཆེར་དགག་པ་རྒྱག་པར་ཧ་ཅང་གཟབ་ནན་གྱི་བྱེད་སྟངས་བཟུང་ནསདམར་སྲུང་དམགལ་པཎ་ ཆེན་པོ་ཆེ་ལྟ་བུའི་གྲངས་ཉུང་མི་རིགས་ཀྱི་གཙོ་འཛིན་མི་སྣ་ལ་སྲུང་སྐྱོབ་བྱ་ དགོས་ཞེས་ཁ་ཏ་བསླབ་བྱ་ཡང་ཡང་གནང༌། ༡༩༦༦ ལོའི་ཟླ༨པའི་མར་ངོར་དམར་སྲུང་དམག་ཉུང་ཤས་ཤིག་གིས་ཀྲོའུ་ཙུང་ལིའི་མཛུབ་སྟོན་ ལ་མ་ཉན་པར་པཎ་ཆེན་རིན་པོ་ཆེའི་བཞུགས་སར་བཙན་གྱིས་འཛུལ་ནས་ཁོང་ཉིད་འཕྲོག་ སྟེ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་དགག་རྒྱག་འཐབ་རྩོད་བྱེད་པའི་ཚོགས་ འདུ་འཚོགས་པར་མ་ཟད་ཁོང་གི་གཟིམ་ཁང་ལ་ཡང་ཁྱིམ་སློག་བརྒྱབ། དེ་དག་ཀྲོའུ་ཙུང་ལིས་ཤེས་རྗེས་མྱུར་བར་བཀག་འགོག་བྱས་པར་མ་ཟད་བདེ་སྲུང་དམག་ ཁུལ་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་སྒྲིལ་པུའུ། རང་གི་འབྲེལ་ཐུག་བྱེད་མཁན་མི་སྣ་བཅས་བརྒྱུད་ནས་མང་ཚོགས་རྩ་འཛུགས་ལ་སློབ་ གསོ་བཏང་སྟེ་པཎ་ཆེན་རིན་པོ་ཆེ་བདེ་སྲུང་དམག་ཁུལ་ལ་བཅོལ་ནས་ལྟ་སྲུང་བྱེད་པ་ མ་གཏོགས་མང་ཚོགས་ཀྱི་ལག་ཏུ་གཏན་ནས་བཞག་མི་ཆོག་པའི་བཀའ་ལུང་བབས། དེ་ནས་བཟུང་ཙུང་ལིས་ཀྱི་མཛུབ་སྟོན་ལྟར་རིན་པོ་ཆེ་པེ་ཅིན་སྲིད་ཁྲིམས་སློབ་ གྲྭ་ཆེན་མོར་བསྐྱལ་ནས་བདེ་སྲུང་དམག་ཁུལ་གྱིས་ལྟ་སྲུང་བྱས། པཎ་ཆེན་རིན་པོ་ཆེ་ཐུགས་ལ་མྱ་ངན་མི་བཟད་པས་ནོན་པར་མ་ཟད་ཐ་ན་ཁོང་ཉིད་ཞིང་གཞན་ དུ་འབྱོན་རྩིས་ཀྱང་མཛད་མོད། འོན་ཀྱང་ཁོང་ནི་གཞན་དང་མི་འདྲ་བར་ཐུགས་བརྟན་ཅིང་ཡིད་ཆེས་གཡོ་མེད་དང་ལྡན་པ་ ཡིན། བཙོན་ཁང་ནང་དུ་ཆེད་དོན་མི་སྣ་དང་དོ་དམ་པ་ཚང་མ་རྒྱ་རིགས་ཡིན་ཕྱིར་ལོ་འགའི་ ནང་དུ་རིན་པོ་ཆེ་ལ་བོད་སྐད་ཚིག་གཅིག་བཤད་ས་མེད་ལ་ལོ་ཙཱ་བ་ཡང་གཅིག་ཀྱང་མེད་ པ་དང་གཉེན་ཉེ་དང་གྲོགས་པོ་སུ་ལའང་མཇལ་འཕྲད་གནང་མི་ཆོག་པ་བྱས། ཁོ་ཚོས་ཆ་རྐྱེན་འདི་བེད་སྤྱད་ནས་བཙོན་ཁང་དེ་རྒྱ་ཡིག་སྦྱང་སའི་སློབ་གྲྭ་ཁྱད་ པར་བ་ཞིག་ཏུ་བསྒྱུར། ཁོང་གིས་ཐབས་ཤེས་སྣ་ཚོགས་ཀྱིས་དོ་དམ་པ་ཞལ་ཏ་གནང་བ་དང༌། མའོ་ཀྲུའུ་ཞིའི་གསུང་རྩོམ་དང་གསར་འགྱུར་རྙེད་དཀའ་བ་འགའ་དང < < དར་དམར་དུས་དེབ > > བཀླགས། གོ་དཀའ་བ་རྣམས་དོ་དམ་པ་ཚོར་དྲི་བ་གནང་བའམ་ཡིག་མཛོད་དུ་གཟིགས། < < ཞིན་ཧྭ་ཡིག་མཛོད > > དེབ་ཆུང་དེར་ཁོང་གི་བརྩོན་འགྲུས་རབ་ཏུ་ལྡན་པའི་ཕྱག་གཉིས་པོས་བསློགས་ནས་ རྙིང་ཞིང་དབྲལ་བར་བྱས། དེ་ལས་ཁོང་ལ་རིན་ཐང་བྲལ་བའི་ཤེས་རིག་ཐོབ་ཅིང་སྐུ་ཚེ་གང་བོར་བེད་སྤྱད་ཀྱང་ མི་འཛད་པ་བྱུང༌། བརྩོན་ལས་ཐར་རྗེས་རིན་པོ་ཆེས་བརྩེ་དུང་ཟབ་མོས་མི་གཞན་ལཡིག་མཛོད་དེབ་ཆུང་ འདི་ནི་ངའི་དགེ་རྒན་བཟང་པོ་ཡིན། ངེད་ཀྱིས་འདི་ནོམ་པ་རྩ་ཆེན་དུ་བརྩིས་ནས་ཉར་ཚགས་ཡག་པོ་བྱེད་དགོསཞེས་གསུངས། ལོ་འགའི་རིང་ལ་དཀའ་སྤྱད་ཀྱིས་སློབ་སྦྱོང་བྱས་པས་བཙོན་ལས་གྲོལ་བ་ན་པཎ་ཆེན་ རིན་པོ་ཆེས་རྒྱ་སྐད་ཐོགས་པ་མེད་པ་ཞིག་གསུངས་ཐུབ་ཅིང༌། རྒྱ་ཡིག་དང་རིགས་པའི་གཞུང་ལུགས་ཀྱི་སྦྱང་བ། སྤྱི་ཚོགས་ལོ་རྒྱུས་ཀྱི་ཤེས་ཡོན་བཅས་ཇེ་མཐོར་མངོན་གསལ་བྱུང་ཕྱིར་རྗེས་སུ་ བྱ་བ་ལེགས་འགྲུབ་ཡོང་ཐུབ་པར་གཞི་རྩ་བརྟན་པོ་དང་ལྡན་པར་གྱུར། པཎ་ཆེན་རིན་པོ་ཆེས་བཙོན་ཁང་གི་འཚོ་བ་ལོ་དགུ་དང་ཟླ་བ་བརྒྱད་ལ་རོལ་ནས་༡༩༧༥ ལོའི་དབྱར་དུས་སུ་ཐར། པཎ་ཆེན་རིན་པོ་ཆེས་ནན་ཏན་གྱིས་གསུང་དོན། བློ་མཐུན་ཏིང་ཞའོ་ཕེན་གྱིས་ང་རང་བཙོན་ལས་གྲོལ་ཆེད་ཤུགས་ཆེན་པོ་ཕུད་སོང༌། ང་རང་བཙོན་ཁང་དུ་མ་ཤི་བ་ནི་གཙོ་བོ་ཀྲོའུ་ཨིན་ལེ་ཙུང་ལིའི་བཀའ་དྲིན་ཡིནཞེས་ གསུངས། བརྩོན་ལས་ཐར་རྗེས་ཀྲུང་དབྱང་གིས་པཎ་ཆེན་རིན་པོ་ཆེ་སྔར་ལྟར་སྲིད་གྲོས་རྒྱུན་ ལས་ཨུ་ཡོན་དུ་བཀོད་སྒྲིག་བྱས། དེ་ནས་ཁོང་གིས་པེ་ཅིན་མཁར་གྱི་སྤྱི་དམངས་དཀྱུས་མའི་འཚོ་བ་རོལ་བར་མཛད། ཉིན་རེར་ཧ་ཅང་སྔ་མོ་ནས་ཡར་བཞེངས་ཏེ་ཞོགས་ཇ་བཞེས་རྗེས་ཕྱི་རོལ་དུ་སྐུ་གཟུགས་ སྦྱོང་བརྡར་ལ་བསྐྱོད་ནས་ཕྱིར་ཕེབས་པ་དང་ནངས་མོའི་གསོལ་ཇ་བཞེས། དེ་ནས་དཔེ་གཟིགས་སློབ་སྦྱོང་མཛད། པཎ་ཆེན་རིན་པོ་ཆེ་མཆོག་ནི་ཡོན་ཏན་སྦྱོང་བར་དོན་གཉེར་ཤིན་ཏུ་ཆེ་སྟེ། བོད་ཡིག་དང་རྒྱ་ཡིག་ལས་བྲིས་པའི་བཀའ་དང་བསྟན་བཅོས་ཀྱི་གཞུང་ལུགས། ཆབ་སྲིད་དང་ལོ་རྒྱུས། ལྷག་པར་མང་ཆེ་བ་ནི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་མི་རིགས་གནད་དོན་ ཕྱོགས་ཀྱི་དཔེ་ཆར་གཟིགས། དཔེ་གཟིགས་ཀྱི་ངལ་དུབ་སེལ་ཆེད་སྲང་མདོར་འཆམ་འཆམ་ལའང་ཕེབས། སྐབས་འགར་ཁོང་རང་ཉིད་ཚལ་དང་རྒྱུན་མཁོ་ཡོ་བྱད་ཉོ་བར་ཕེབས་ནས་མི་དཀྱུས་མའི་ འཚོ་བ་རོལ་སྟངས་ལ་སློབ་པ་དང་ཁོང་དུ་ཆུད་པར་མཛད། པཎ་ཆེན་རིན་པོ་ཆེའི་ཐུགས་ན་ཏང་ཀྲུང་དབྱང་ལ་ཞུ་དགོས་པའི་ལས་དོན་མི་འདྲ་མང་བ་ ཨང༌། ལས་དོན་སྣ་ཚོགས་པ་མདོར་བསྡུས་ན་ཁོད་གིས་བྱ་བ་སྒྲུབ་པར་མཛད་དགོས་ཏེ། དུས་ཚོད་དུས་འགྱངས་སུ་བཏང་བ་རྣམས་ཕྱིར་འཕྲོག་པར་མཛད་དགོས་པ་དེ་རེད། ཁོང་གིས་ཏང་ཀྲུང་དབྱང་གསར་བའི་འགོ་ཁྲིད་ལ་རེ་ལྟོས་མཛད་དགོས་པ་དེ་རེད། ཁོད་གིས་ཏང་ཀྲུང་དབྱང་གསར་བའི་འགོ་ཁྲིད་ལ་རེ་ལྟོས་མཛད་ཅིང་བསྒུགས་ནས་བཞུགས་ ཡོད། ཉི་མ་འདི་བསླེབས་སོང༌། ༡༩༧༩ ལོའི་ཟླ་ ༧ཚེས་༢ཉིན་སྲིད་གྲོས་སྐབས་བརྒྱད་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་ཐེངས་གཉིས་ པའི་ཚོགས་འདུའི་ཐོག་ཏུ་པཎ་ཆེན་རིན་པོ་ཆེ་སྲིད་གྲོས་རྒྱལ་ཡོངས་ཨུ་ ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་འཕར་འདེམས་བྱས།རྗེས་སུ་རྒྱལ་ཡོངས་མི་དམངས་ འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ གཞོན་པར་འདེམས་བསྐོ་བྱས། ཉེ་བའི་ལོ་བཅུའི་རིང་ལ་པཎ་ཆེན་རིན་པོ་ཆེ་གཞུང་ལས་ལ་བྲེལ་ཟིང་ཧ་ཅང་ཆེ། ཁོང་གིས་ལྷག་བསམ་རྣམ་དག་གིས་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་གཅིག་པའི་འཛོམས་ ཚོགས་ཐེངས་གསུམ་པས་གཏན་འབེབས་བྱས་པའི་ལམ་ཕྱོགས་ད ང་སྲིད་ཇུས་ལ་གོང་བཀུར་ཞུ་བ་ཡིན་ཞིང༌། རྙོག་ཟིང་དྲང་བཅོས་དང་མ་ཉེས་ཁ་གཡོག་གི་གྱོན་དོན་དང་གྱོད་དོན་རྫུན་མ། གྱོད་དོན་ནོར་འཁྲུལ་ཅན་བཅལ་དཀར་འདོན་བྱེད་པ། ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་འཐབ་ཕྱོགས་གཅིག་སྒྲིལ་སྲིད་ ཇུས་བཅས་ལག་བསྟར་བྱེད་པའི་ཆེད་དུ་ལས་དོན་གང་མང་ཞིག་སྒྲུབ་པར ་མཛད།ཉེ་བའི་ལོ་འགའི་རིང་ལ་ཁོང་གིས་དཀའ་ངལ་ལ་མ་འཛེམས་པར་བོད་ལྗོངས་དང་བོད་ རིགས་ས་ཁུལ་གཞན་དག་ལ་གཟིགས་ཞིབ་དང་ཞིབ་དཔྱོད་ མཛུབ་ཁྲིད་གནང་བ་རེད།པཎ་ཆེན་རིན་པོ་ཆེའི་ཉི་མ་རེ་རེའི་གྲོས་རིམ་ཚང་མ་བཀོད་ སྒྲིག་བྱས་ནས་བཀང་འདུག་པས་ཁོང་རང་གི་དགྱེས་ཞེན་ལ་ཕལ་ཆེར་ ཐུགས་བསམ་གཏོང་ཁོམ་མེད་པ་དང༌། ཁོང་གིས་དུས་རྒྱུན་དུ་ཤོ་དང་མིག་མངས་སོགས་ཀྱི་རོལ་རྩེད་ཀྱང་མི་གནང་ཞིང༌། ཁོང་གིས་བྱ་བ་སྒྲུབ་གནང་གི་མེད་སྐབས་སུ་སློབ་སྦྱོང་མཛད་ཀྱིན་ཡོད་པ་ད ང༌།སློབ་སྦྱོང་མཛད་ཀྱི་མེད་སྐབས་བྱ་བ་སྒྲུབ་གནང་གི་འདུགས་ཁུལ་གཞན་རྣམས་ལ་ གཟིགས་ཞིབ་ཏུ་ཕེབས་སྐབས་ཁོང་གིས་རྒྱུན་པར་ནམ་གུང་བར་དུ་བྱ་བ་ སྒྲུབ་པར་གནང་པས་པཎ་ཆེན་རིན་པོ་ཆེ་མཆོག་ལ་དུས་ནམ་ཡང་ཁོང་ལོང་ཅུང་ཟད་ཀྱང་མི་ འདུག མེས་རྒྱལ་དང་མི་དམངས། བོད་མི་དམངས་ཡར་རྒྱས་ཡོང་ཆེད་དང༌། ནང་བ་སངས་རྒྱས་པའི་བསྟན་པ་དར་ཞིང་རྒྱས་པའི་དོན་དུ། ཁོང་གིས་སྲོག་དང་བརྡོས་ཏེ་བྱ་བ་སྒྲུབ་པར་མཛད་ཅིང་དཀའ་ཚེགས་གང་ལའང་འཛེམ་པ་ མེད་པ་ཡིན་ནོ།།

About ལས་འབྱེད།