གཡང་ཕྱུག་མཚོ།

བོད་ཀྱི་གཞས་མ་དང་གློག་བརྙན་འཁྲབ་སྟོན་པ་གཡང་ཕྱུག་མཚོ། དབྱིན་ཡིག་གི་མིང་། Yangshiktso སྐྱེལ་དུས། 1991ལོའི་ཟླ་9ཚེས་6ཉིན། གཟུགས་ཚད། སྨི་1.65 ལས་རིགས། འཁྲབ་སྟོན་པ། ཆེད་ལས། རོལ་དབྱངས་དང་། བྲོ་གར། འཁྲབ་སྟོན་བཅས། དམིགས་བསལ་གྱི་ཡོན་ཏན། གླིང་བུ་དང་། སྒྲོམ་རྔ། པི་ཝང་བཅས་འབུད་རྡུང་། དགའ་ཕྱོགས། རྟར་ཞོན་པ་དང་། ཆུར་རྐྱལ་བ། དཔེ་ཆར་ལྟ་བ་བཅས། མཚོན་བྱེད་ཀྱི་གླུ་དབྱངས། 《ཧི་མ་ལ་ཡའི་སྲས་མོ།》 《new day》 《རྣམ་པར་བཞད་པ།》
གློག་བརྙན་དང་བརྙན་འཕྲིན་འཁྲབ་སྟོན་མཚོན་བྱེད་བརྩམས་ཆོས། 《ལྷང་འཇགས་ཀྱི་མ་ནི་རྡོ་འབུམ་》ཞེས་པ་དང་། 《ཐར་ལོ》ཞེས་པ། 《བདེ་སྐྱིད་ཀྱི་གཏུག་བཤེར》ཞེས་པ། 《ཅོ་ནེ་དཔོན་པོ》ཞེས་པ། 《དཔའ་བོ་གང་ན་ཡོད་པ་བཀའ་འདྲི་ཞུ་བ་》ཞེས་པ་སོགས་ཀྱི་ནང་གི་བུད་མེད་འཁྲབ་སྟོན་པ་དང་པོ་འཁྲབ་ཡོད།
བོད་རིགས་མི་གཡང་ཁུག་པའི་གཞས་མ་དང་བོད་ཁུལ་དུ་སྙན་གྲགས་ལྡན་པའི་གཞོན་སྐྱེས་འཁྲབ་སྟོན་པ་ཡིན་ཞིང་། གཡང་ཕྱུག་མཚོ་ནི་ཆུང་དུས་ནས་རོལ་དབྱངས་དང་ཞབས་བྲོའི་འཁྲབ་སྟོན་སློབ་སྦྱོང་བྱས་པ་འདིས་ཁོང་གིས་རྗེས་སུ་མི་སྣ་འཁྲབ་མཚོན་བྱེད་པར་ཕན་ནུས་ཆེན་པོ་ཐོན་པ་དང་། འཁྲབ་སྟོན་སྒྱུ་རྩལ་ཐད་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད། ཁོང་བོད་རིགས་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་དང་འབྲེལ་བ་བཟང་པོ་ཡོད་པའི་རྐྱེན་གྱིས་གློག་བརྙན་གྱི་ལས་ལ་ཞུགས་པ་དང་། གློག་བརྙན་གྱི་ལས་རིགས་ལ་སྔར་ལས་དགའ་བར་གྱུར་ཅིང་། མིག་སྔར་ད་དུང་དངོས་གཞིའི་གློག་བརྙན་བརྙན་འཕྲིན་འཁྲབ་ཁྲིད་ཚན་ཁག་ཏུ་སློབ་སྦྱོང་བྱེད་བཞིན་ཡོད་པ་རེད།
2005ལོར་བོད་རིགས་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་གྱིས་ལོ་14སོན་པའི་གཡང་ཕྱུག་མཚོ་《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་》ཞེས་པའི་གློག་བརྙན་ཕབ་སྐྲུན་བྱེད་པའི་ནང་ཞུགས་སུ་བཅུག འདི་ནི་ཀྲུང་གོའི་ལོ་བརྒྱ་ཡི་གློག་བརྙན་ལོ་རྒྱུས་ཀྱི་སྟེང་བོད་རིགས་འཁྲབ་ཁྲིད་པས་འཁྲབ་ཁྲིད་བྱས་པའི་བོད་རིགས་ས་ཐོག་གི་གློག་བརྙན་ཐོག་མ་ཡིན་ལ། བོད་རིགས་ཀྱི་དེང་རབས་དངོས་ཡོད་འཚོ་བ་མཚོན་པའི་གཏམ་རྒྱུད་གློག་བརྙན་ཐོག་མ་ཡང་རེད།
2010ལོར་མཚོ་སྔོན་བརྙན་འཕྲིན་ཁང་དང་ཧུའུ་ནན་དཔལ་འབྱོར་བརྙན་འཕྲིན་ཁང་གཉིས་ཀྱིས་མཉམ་འབྲེལ་ཐོག་གཉེར་བའི་རྒྱལ་ཡོངས་ལེགས་འདེམས་ལེ་ཚན་《མེ་ཏོག་སྣ་མང་》ཞེས་པར་ཞུགས་ནས་2010ལོའི་མཚོ་སྔོན་བརྙན་འཕྲིན་གྱི”མེ་ཏོག་སྣ་མང་”ཞེས་པའི་རྒྱལ་ཡོངས་ཀྱི་ཨང་བཞི་པ་ཐོབ། ལོ་དེའི་ཟླ་9ཚེས་4ཉིན་ཨང་དང་པོ་བདམས་ཐོན་བྱུང་བའི་མཚན་མོར་གཡང་ཕྱུག་མཚོ་ལ”གདོད་མའི་རྣམ་པ་ལྡན་ཤོས་ཀྱི་གཟེངས་རྟགས”ཐོབ་པ་རེད།
2010ལོར་མཚོ་སྔོན་ཞིང་ཆེན་གྱི་གཟུགས་བརྙན་ཕོ་ཉར་གྱུར་པ་དང་། 《མཚོ་སྔོན་མཛེས་སྡུག་ཇི་ལྟར་ལྡན་པ། གཡང་ཕྱུག་མཚོས་ཁྱོད་ལ་བཤད་》ཅེས་པའི་དྲིལ་བསྒྲགས་བྱེད་པ་དང་བརྡ་ཁྱབ་གཏོང་བ་སོགས་ཀྱི་བརྙན་འཕྲིན་ཕབ་སྐྲུན་བྱེད་འགན་ཁུར་བ་རེད།
2011ལོར་ཧྲན་ཏུང་ཞིང་ཆེན་རོང་ཁྲེང་གྲོང་ཁྱེར་གི་《2011ལོའི་སྐྱེ་ཁམས་དར་སྲོལ་ཆེ་བའི་མཛད་སྒོ་གཟབ་རྒྱས་》ཞེས་པས་གདན་འདྲེན་ཞུས་པར་ཞུགས་ནས་སྐྱེ་ཁམས་གཟུགས་བརྙན་ཕོ་ཉའི་གཟེངས་རྟགས་ཐོབ་དང་། 2011ལོར་པའེ་ཏུའུ་ཤེས་རྟོགས་ཚ་ལུམ་ཞུ་མར་ཆུང་ངུ་ཞེས་པའི་ཡུལ་ཤུལ་དཔེ་དེབ་ཞལ་འདེབས་འབུལ་བའི་བྱེད་སྒོའི་དང་བླངས་པ་ཕུལ་བྱུང་ཅན་དུ་བདམས་པ་རེད།
2011ལོའི་ཟླ་4ཚེས་3ཉིན་CF(འཐབ་སར་མཆོང་སྐྱོད་)ཨང་དང་པོ་ལེན་པའི་འགྲན་བསྡུར་ཁྲོད་ཁོང་གིས་འགོ་ཚུགས་མཛད་སྒོའི་ཐོག་བརྗོད་བྱ་གཙོ་བོའི་གླུ་གཞས་བླངས་པ་དང་། ལོ་དེའི་ཟླ་9ཚེས་30ཉིན་EP《རྣམ་པར་བཞད་པ་》ཞེས་པའི་གླུ་གཞས་ཆེད་བསྒྲིགས་ཞེས་པ་འགྲེམ་སྤེལ་བྱས་ཤིང་། ལོ་དེར་བརྙན་འཕྲིན་ཟློས་གར་《དཔའ་བོ་གང་ན་ཡོད་པ་བཀའ་འདྲི་ཞུ་བ་》ཞེས་པའི་འཁྲབ་སྟོན་བྱེད་པར་ཞུགས་པ་དང་། བརྙན་འཕྲིན་ནང་གི་མི་སྣ་ཧོ་་སུའུ་ཀྲེན་འཁྲབ་སྟོན་བྱས་པ་རེད།
2013ལོར་ཁོང་གིས་གློག་བརྙན་《བདེ་སྐྱིད་ཀྱི་གཏུག་བཤེར་》ཞེས་པའི་གཙོ་འཁྲབ་བྱས་ཤིང་། གློག་བརྙན་དེར་འཇར་མན་ཁོ་ལོང་གློག་བརྙན་དུས་ཆེན་གྱི་ཀྲུང་གོའི་གློག་བརྙན་བཟང་ཤོས་ཀྱི་གཟེངས་རྟགས་དང་སྐབས་8པའི་ཧྥ་རན་སེའི་ཕ་རི་སི་ཀྲུང་གོའི་གློག་བརྙན་དུས་ཆེན་གྱི་ཕུལ་བྱུང་འཁྲབ་གཞུང་གཟེངས་རྟགས་ཐོབ་པ་མ་ཟད། སྐབས་18པའི་ལྷོ་ཁོ་རེ་ཡའི་ཧྥུའུ་ཧྲན་གློག་བརྙན་དུས་ཆེན་གྱི་འགྲན་རྩོད་ལེ་ཚན་དུ་ཚུད་པ་དང་སྐབས་22པའི་གསེར་བྱ་མེ་ཏོག་རྣ་བརྒྱའི་གློག་བརྙན་དུས་ཆེན་རྒྱལ་ནང་གི་གློག་བརྙན་གསར་པའི་འགྲེམས་སྟོན་ལེ་ཚན་ནང་ཚུད་པའི་མཚན་སྙན་ཡང་ཐོབ་པ་དང་། ལོ་དེར་CCTV15ཡི་《ཨ་ཅེ་གསུམ་པ་ལིའུ་འཚོལ་བ་》ཞེས་པའི་འགྲན་བསྡུར་ནང་ཞུགས་ནས་ཨང་བཞི་པའི་ནང་ཚུད་པ་དང་གསར་འདོན་བྱེད་སེམས་ཆེ་ཤོས་ལྡན་པའི་གཟེངས་རྟགས་ཐོབ་པ་རེད།
2013ལོའི་ཡུལ་ཤུལ་གཏན་དུ་གནས་པར་རྗེས་དྲན་ཞུ་བའི་ཡུལ་ཤུལ་གྱི་དབུལ་ཕོངས་སློབ་ཆུང་ལ་རོགས་སྐྱོར་ཞལ་འདེབས་འབུལ་བའི་སྤྱི་ཕན་བྱེད་སྒོ་འགོ་རྩོམ་པའི་རྗེས་དྲན་གྱི་མཛད་སྒོ་ཐོག ཁོང་ལ་གཅེས་སེམས་ལྡན་པའི་གཟུགས་བརྙན་ཕོ་ཉའི་མཚན་སྙན་ཐོབ་པ་རེད།
2015ལོར་ཡང་བསྐྱར་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་དང་མཉམ་ལས་བྱས་ཏེ་གློག་བརྙན་《ཐར་ལོ་》ཡི་ནང་བུད་མེད་གཙོ་བོ་གཡང་མཚོ་འཁྲབ་སྟོན་བྱས་པ་དང་། གློག་བརྙན་《ཐར་ལོ་》་སྐབས་72པའི་ཝེ་ནི་སི་གློག་བརྙན་དུས་ཆེན་གྱི་གནམ་ས་འབྲེལ་མཚམས་ལེ་ཚན་དུ་ཚུད་པ་དང་། སྐབས་52པའི་ཐའེ་ཝན་གསེར་གྱི་གྱི་ལིང་གཟེངས་རྟགས་ཀྱི་རྣམ་གྲངས་བཞིའི་མིང་འདོན་པའི་ནང་ཚུད་དེ་འཁྲབ་གཞུང་བཅོས་སྒྲིག་བཟང་ཤོས་ཀྱི་གཟེངས་རྟགས་ཐོབ་པ་རེད། ༼ ཡོངས་ཁུངས་མི་དམངས་དྲ་བ། ༽

About ལས་འབྱེད།