དཔལ་ཡུལ་དར་ཐང་མདོ་སྔགས་བཤད་སྒྲུབ་གླིང་ངོ་སྤྲོད།

དཔལ་ཡུལ་དར་ཐང་མདོ་སྔགས་བཤད་སྒྲུབ་གླིང་ནི་པདྨ་མདོ་སྔགས་བསྟན་འཛིན་མཆོག་ནས་སྤྱི་ལོ་༡༨༧༤ལོར་ཕྱག་བཏབ་པ་དང་།ཆོས་རྒྱུད་རྙིང་མ་ཡིན།
འདི་འདེབས་པ་པོའི་མཚན་ལ་ལྷ་སྤྲུལ་པདྨ་གར་དབང་བསྟན་འཛིན་ཡང་ཟེར་བར་སྣང་།དགོན་འདི་མགོ་ལོག་ཁང་རྒན་གྱི་མངའ་ཁོངས་སུ་ཡོད་ལ།སྤྱི་ལོ༡༨༧༤ལོར་དཔལ་ཡུལ་བླ་མས་གུར་དགོན་བཏབ།སྤྱི་ལོ༡༨༨༢ལོར་ཁང་རྒན་དཔོན་མོས་མགོ་ལོག་དར་ཐང་ས་ཆ་དཔལ་ཡུལ་གུར་དགོན་ལ་ཕུལ།དཔལ་ཡུལ་བླ་མ་པདྨ་མདོ་སྔགས་བསྟན་འཛིན་གྱིས་གནས་འདིར་ཁང་དགོན་དུ་བསྒྱུར།དཔལ་ཡུལ་དར་ཐང་མདོ་སྔགས་བཤད་སྒྲུབ་ཆོས་འཕེལ་གླིང་ཞེས་པའི་དགོན་མིང་བཏགས།ཚུལ་ཁླམས་སྐུ་ཕྲེང་རིམ་བྱོན་དགོན་བདག་ཏུ་གྱུར་ཏེ་སྐྱོང་ཁུར་དང་རྒྱ་བསྐྱེད་མཛད།སྤྱི་ལོ་༡༩༣༦ལོར་མཱ་པུའུ་ཧྥང་གིས་དགོན་པ་གཏོར་བཅོམ་དང་ཡུལ་མཆོག་སྤྲུལ་ལ་ཁང་རྒན་ཚང་གིས་རོགས་སྐྱོར་བྱས་པ་ལ་བརྟན་ནས་བསྐྱར་བཞེངས་བྱས།སྤྱི་ལོ་༡༩༥༨ལོར་རྒྱ་དམར་གྱིས་དགོན་པ་བཅོམ་སྟེ་ཆོས་སྒོ་བརྒྱབ།སྤྱི་ལོ་༡༩༨༡ལོ་ནས་ཡུལ་མིས་བསྐྱར་བཞེངས་བྱས།

About རྩོམ་སྒྲིག་པ།