དབང་སྒྲོན་མཚོ།

འཁྲབ་སྟོན་པ་དང་གཞས་མ་དབང་སྒྲོན་མཚོ་ངོ་སྤྲོད། དབང་སྒྲོན་མཚོ་ལགས་ནི་ཕ་ཡུལ་མདོ་སྨད་རེབ་གོང་ནས་སྐྱེས་ཤིང་། 2009ལོར་ཕུལ་དུ་བྱུང་བའི་རྒྱུགས་འབྲས་བླངས་ནས་པེ་ཅིན་ལུས་རྩལ་སློབ་གྲྭ་ཆེན་མོའི་འཁྲབ་སྟོན་སྡེ་ཁག་ཏུ་རྒྱུགས་འཕྲོད་པ་དང་། སློབ་གླིང་དེ་ནས་མི་ལོ་ལྔའི་རིང་ལ་རྒྱལ་སྤྱིའི་ཚད་ལྡན་ཞབས་བྲོ་ཞེས་པའི་ཆེད་ལས་ཐད་ནས་སློབ་གཉེར་བྱས་པ་ཡིན། 2014ལོར་སློབ་ཆེན་མཐར་ཕྱིན་པ་དང་། ད་ལྟ་པེ་ཅིན་དང་མཚོ་སྔོན་སོགས་སུ་འཁྲབ་སྟོན་གྱི་ལས་ཀའི་ཕྱོགས་སུ་འཇུས་བཞིན་ཡོད། ཁོ་མོ་ནི་གློག་བརྙན་འཁྲབ་སྟོན་ལས་གཞན་ད་དུང་ལ་ཏིང་ཞབས་བྲོ་དང་རྡོག་བྲོ་སོགས་ལ་འཇོན་པོ་ཡོད་པར་མ་ཟད། གླུ་གཞས་གཏོང་བའི་སྐད་ངག་ཀྱང་སྙན་མོ་ཞིག་འདུག ད་ལྟའི་བར་དུ་༼སངས་རྒྱས་སྒྲོལ་མ་༽དང་༼བོད་ལྗོངས་ཀྱི་ནམ་མཁའ་༽།༼གྲོགས་པོ་༽སོགས་གློག་བརྙན་བདུན་ཙམ་གྱི་གཙོ་འཁྲབ་པ་བྱས་མྱོང་ཡོད་ལ། ༼གནམ་མཐའི་བརྩེ་གླུ་༽དང་༼གཡག་གི་ལོ་ཟླ་༽སོགས་མུ་འབྲེལ་བརྙན་འཕྲིན་ཟློས་གར་སོགས་སུ་གཙོ་འཁྲབ་པ་བྱས་ཤིང་། རྐྱང་གཞས་༼དྲན་༽ཞེས་པ་དང་༼ལས་ཀྱི་འཐག་པ།༽ ༼མདུན་ཕྱོགས་ཀྱི་ཨ་ཇོ།༽ ༼ཕ་ཁྱིམ་དྲོན་མོ༽་སོགས་ལ་ཀུན་གྱིས་གདེང་འཇོག་ལེགས་པོ་ཐོབ་ཡོད་དོ།།

About ལས་འབྱེད།