འཇུ་སྐལ་བཟང་ངོ་སྤྲོད་མདོར་བསྡུས།

འཇུ་སྐལ་བཟང་ནི་༡༩༦༠ལོར་མཚོ་སྔོན་ཞིང་ཆེན་མགོ་ལོག་ཏུ་སྐྱེས།   ༡༩༧༦ལོར་མཚོ་སྔོན་མི་རིགས་སློབ་གླིང་གི་བོད་ཡིག་སྡེ་ཁག་ཏུ་ཞུགས།   ༡༩༧༩ལོར་མགོ་ལོག་ཏུ་ཕྱིན་ནས་དགེ་རྒན་གྱི་ལས་ཀ་གཉེར།   ༡༩༨༥ལོར་མཚོ་སྔོན་མི་རིགས་སློབ་གླིང་ནས་ཞིབ་འཇུག་བཏོན།    ༡༩༨༧ལོར་མཐར་ཕྱིན་རྗེས་ཕྱིར་མགོ་ལོག་ཏུ་ཕྱིན་ནས་ཁུལ་མི་རིགས་སྐད་ཡིག་ལས་སྒྲུབ་ཁང་དུ་ཕྱག་ལས་གནང་།   ད་བར་དུ་ལས་ཁུངས་དེ་ག་ནས་བྱ་བ་བསྒྲུབས།   རྩོམ་རིག་གསར་རྩོམ་གྱི་ལས་ལ་ཞུགས་པ་ནས་ད་བར་དུ་སྙན་ངག་དང་ལྷུག་རྩོམ་སོགས་བརྩམས་ཆོས་བརྒྱ་ཕྲག་སྤེལ་ལ་རྩོམ་རིག་དཔྱད་རྩོམ་ཆེད་དེབ་སོགས་མང་བ་ལས་ཐེངས་དང་པོར་༡༩༧༧ལོར་༼ཤ་སྐྱ་དུས་དེབ།༽སྟེང་སྙན་ངག་དང་པོ་སྤེལ།སྙན་དེབ་ལ་༼གངས་འདབས་ཀྱི་སེམས་པ།༽༡༩༩༤ལོ་དང་།༼དུང་སེམས་རླབས་ཀྱི་ཟེགས་མ།༽༼གངས་གྲོང་གི་རླུང་བུ།༽༢༠༠༩ལོར་གསུམ་དང་།བསྒྱུར་དེབ༼ཨ་མའི་སྙན་ངག༽བཅས་ཡོད་ལ།   རིག་གཞུང་དཔྱད་རྩོམ་ལ༼སྙན་ངག་གི་རྣམ་བཤད༽ཡོད།    འཇུ་སྐལ་བཟང་གི་སྙན་ངག་གི་ལུས་དང་རྩོམ་ལུགས་མང་པོར་འཚོལ་དཔྱོད་བྱས་ཡོད།   སྔ་གཞུག་ཏུ་ཀྲུང་གོའི་ཀྲོང་ཀྲུན་ཝིན་རྩོམ་རིག་བྱ་དགའ་དང་གངས་ཅན་རྟགས་ཅན་གྱི་བོད་ཀྱི་རྩོམ་རིག་བྱ་དགའ་སོགས་བྱ་དགའ་མང་དུ་ཐོབ།   ད་ལྟ་ཀྲུང་གོ་གྲངས་ཉུང་མི་རིགས་རྩོམ་རིག་མཐུན་ཚོགས་ཀྱི་ཁོངས་མི་དང་།  མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སོགས་ཀྱི་ཞོར་འགན་ཁུར་ཅིང་།     མགོ་ལོག་ཁུལ་མི་རིགས་སྐད་ཡིག་ལས་སྒྲུབ་ཁང་དུ་ཕྱག་ལས་གནང་བཞིན་མཆིས།

About རྩོམ་སྒྲིག་པ།