སྒྲིག་གཞི།

༄༅།མདོ་སྨད་དབུས་སྤྱི་ཁྱབ་རྒྱན་ལས་ཁང་གི་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི།

༄༅།།བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི། ལེའུ་དང་པོ།  སྔོན་འགྲོ། དོན་ཚན་དང་པོ།   སྒྲིག་གཞིའི་མིིང་། སྒྲིག་གཞི་འདི་ལ་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་བོད་རྒྱལ་ལོ་༢༡༤༦ཕྱི་ལོ་༢༠༡༩ ཞེས་འབོད་རྒྱུ། དོན་ཚན་གཉིས་པ།  ཆ་རྐྱེན། སྒྲིག་གཞི་འདི་བོད་ལྗོངས་མདོ་སྨད་ཆོལ་ཁའི་རྩ་འཛིན་སྒྲིག་གཞིའི་ལེའུ་དྲུག་པ་དོན་ཚན་ཉེར་བཞིའི་འབྲུ་དོན་ལྟར་བཀོད་སྒྲིག་བྱས་པ་ཡིན། དོན་ཚན་གསུམ་པ།   འགོ་འཛུགས། ཕྱི་ལོ་ ༢༠༡༩ ཟླ་ ༤ པའི་ཚེས་ ༡ ནས་ལག་ལེན་བསྟར་རྒྱུ། དོན་ཚན་བཞི་པ།  ཁྱབ་ཚད། མདོ་སྨད་དབུས་རྒྱུན་ལས་སུ་འདེམས་ཐོན་ཐོག་དམ་འབུལ་ཁས་ལེན་ཞུས་ཟིན་པ་ཡོངས་ལ་ཁྱབ་པ་ཡིན། དོན་ཚན་ལྔ་པ།   ལས་འཁུར་དམ་བཅའ། དབུས་རྒྱུན་འདེམས་ཐོན་བྱུང་བ་རྣམས་ཀྱིས་ལས་ཁུར་མ་ཞུས་གོང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་ ༸ སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་ལས་འཁུར་དམ་བཅའམ་ཁས་ལེན་ཞུ་དགོས། དམ་བཅའམ་ཁས་ལེན་མ་ཟིན་གྱི་བར་སྐབས་དེའི་ཚོགས་གཙོས་དམ་འབུལ་ལས་རིམ་རང་ཁོངས་སྤྱི་འཐུས་རྒྱུན་ལས་ལ་སྙན་གསེང་ཞུ་དགོས། ལེའུ་གཉིས་པ།  ཚོགས་འདུ། དོན་ཚན་དྲུག་པ། འཆར་འཕར་ཚོགས་འདུ། ༡༽ ཛ་དྲག་དམིགས་བསལ་གྱིས་འཚོགས་དགོས་རིགས་ཕུད།  ལོ་འཁོར་གཅིག་ནང་དབུས་རྒྱུན་ལྷན་ཚོགས་ཐེངས་གཉིས་ངེས་པར་འཚོགས་དགོས། ཚོགས་འདུ་སྔ་རྗེས་དབར་ཟླ་གྲངས་དྲུག་ལས་མ་བརྒལ་བ་དགོས། ༢༽ཚོགས་ཚེས་དང་ཚོགས་ཡུལ། གྲོས་གཞི་བཅས་པ་དབུས་རྒྱུན་རྣམ་པས་གོ་བསྡུར་གྱིས་དྲུང་ཆེས་ཉིན་གྲངས་ ༢༡ ནང་ཚུན་ཚོགས་བརྡ་གཏོང་དགོས། ༣༽ཛ་དྲག་དམིགས་བསལ་ཚོགས་འདུ་བསྡུ་སྐོང་བྱ་དགོས་བྱུང་ཚེ་ཉིན་གྲངས་༡༠ ལས་མ་ཉུང་བའི་སྔོན་བརྡའི་ཐོག་བསྡུ་སྐོང་བྱ་དགོས། ༤༽འཆར་འཕར་གྱི་ཚོགས་འདུའི་ཚིག་ཐོ་གྲོས་ཆོད་བཅས་པ་དབུས་རྒྱུན་དྲུང་ཆེས་བཀོད་ཉར་དགོས།  ཚོགས་ཆེན་སྐབས་ཚོགས་དྲུང་ཟུར་དུ་གོ་སྒྲིག་བྱ་འཐུས། ༥༽ ལུགས་མཐུན་དགོངས་པ་ཞུ་འཁྲོལ་མ་བྱུང་བར་དབུས་རྒྱུན་ཚོགས་འདུར་བསྟུད་མར་ཐེངས་གཉིས་ལ་བཅར་ཞུགས་མ་བྱས་ཚེ་དབུས་རྒྱུན་ནས་རང་བཞིན་གྱིས་བུད་པ་ཡིན། ལེའུ་གསུམ་པ། དབུས་རྒྱུན་གྱི་འོས་འགན་དང་། ཐོབ་ཐང་། དོན་ཚན་བདུན་པ། …

མུ་མཐུད་ཀློག

མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཤེས་ཡོན་དང་ཉམ་ཐག་གི་རོགས་སྐྱོར་སྒྲིག་གཞི།

ཤེས་ཡོན་དང་ཉམ་ཐག་རོགས་སྐྱོར་གྱི་སྒྲིག་གཞི། དོན་ཚན་དང་པོ།  སྒྲིག་གཞིའི་མིང་། ཤེས་ཡོན་དང་ཉམ་ཐག་རོགས་སྐྱོར་གནང་ཕྱོགས་ཀྱི་སྒྲིག་གཞི་ཞེས་འབོད་རྒྱུ། དོན་ཚན་གཉིས་པ། སྒྲིག་གཞིའི་ཆ་རྐྱེན། སྒྲིག་གཞི་འདི་བོད་ལྗོངས་མདོ་སྨད་ཆོལ་ཁའི་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ལེའུ་ལྔ་བ་སྤྱི་ཚོགས་བདེ་དོན། དོན་ཚན་ ༩ པའི་ཚན་པ་ཁ་བའི་འོག་བཀོད་སྒྲིག་བྱས་པ་ཡིན། དོན་ཚན་གསུམ་པ། སྒྲིག་གཞི་འགོ་འཛུགས། སྒྲིག་གཞི་འདི་ཕྱི་ལོ་ ༢༠༡༩ ཟླ་ ༠༤ ཚེས་༠༡ ནས་ལག་བསྟར་འགོ་འཛུགས་བྱ་རྒྱུ། དོན་ཚན་བཞི་པ། སྒྲིག་གཞིའི་དམིགས་ཡུལ། སྒྲིག་གཞི་འདི་བོད་ལྗོངས་མདོ་སྨད་ཆོལ་ཁོངས་ཀྱི་མཐོ་རིམ་སློབ་ཕྲུག་རྣམས་ཀྱི་ཤེས་ཡོན་གོང་མཐོར་གཏོང་ཆེད་དང་། སྤྱི་ཚོགས་བདེ་དོན་གྱི་ཆེད་ཡིན། དོན་ཚན་ལྔ་པ། རོགས་སྐྱོར་ཞུ་ལེན་གྱི་དགོས་ངེས་ཆ་རྐྱེན། ༡། སློབ་ཡོན་རོགས་སྐྱོར་ཞུ་ལེན་གྱི་དགོས་ངེས་ཆ་རྐྱེན། ༡ སློབ་ཡོན་ཞུ་དགོས་པའི་ཁ་གསལ་སྙན་ཞུ། ༢ དྭང་བླངས་དཔྱ་དངུལ་ལག་དེབ་ཀྱི་ངོ་བཤུས། ༣ མདོ་སྨད་ལག་འཁྱེར་བྱང་བུའི་ངོ་བཤུས། ༤ སློབ་གྲྭའི་ལག་འཁྱེར་གང་ཡོད་ཀྱི་ངོ་བཤུས། ༥ ས་གནས་རྒྱུན་ལས་སམ་སློབ་ཕྲུག་འབྲེལ་མཐུད་པའི་ངོས་སྦྱོར། ༦ སློབ་གྲྭའི་ངོ་སྤྲོད་ལག་འཁྱེར་གྱི་ངོ་བཤུས། ༧ སློབ་ཡོན་ཕུལ་བའི་བྱུང་འཛིན་བཅས་ངེས་པར་དུ་དགོས། ༢། ཉམ་ཐག་རོགས་སྐྱོར་ཞུ་ལེན་གྱི་དགོས་ངེས་ཆ་རྐྱེན། ༡ རོགས་སྐྱོར་ཞུ་དགོས་པའི་ཁ་གསལ་སྙན་ཞུ། ༢ དྭང་བླངས་དཔྱ་དངུལ་ལག་དེབ་ཀྱི་ངོ་བཤུས། ༣ མདོ་སྨད་ལག་འཁྱེར་བྱང་བུའི་ངོ་བཤུས། ༤ ས་གནས་རྒྱུན་ལས་སམ་ས་གནས་འབྲེལ་མཐུད་པའི་ངོས་སྦྱོར་བཅས་ངེས་པར་དུ་དགོས། …

མུ་མཐུད་ཀློག