མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཛ་དྲག་ཉམ་ཐག་རོགས་སྐྱོར་ཀྱི་རྩ་འཛིན་སྒྲིག་གཞི།

ཕྱི་ལོ་ ༢༠༠༧ མདོ་སྨད་དམིགས་བསལ་ཚོགས་ཆེན། ཕྱི་ལོ་ ༢༠༠༩ མདོ་སྨད་ཚོགས་ཆེན་ཐེངས་བཅུ་བཞི་པའི་གྲོས་ཆོད་བཅས་ཀྱི་དགོངས་དོན། བཙན་བྱོལ་མདོ་སྨད་པ་ཆེས་ཉམ་ཐག་སྤྱི་དང་གློ་བུར་རྐྱེན་ངན་དབང་གིས་ངལ་སེལ་དགོས་མཁོ་བྱུང་བ། གཞན་ཡང་ནད་མནར་ཚབས་ཆེན་གྱིས་དཔལ་འབྱོར་དཀའ་ངལ་དངོས་འཕྲད་རིགས་དང༌། རང་གཞུང་ནས་སྤྱི་མཚུངས་མཐུན་རྐྱེན་གནང་བ་ནས་མ་འདང་བའི་དཀའ་ངལ་བྱུང་སྐབས་ བཅས་ཀྱི་ཆེད་དུ་མ་དངུལ་འདི་བཙུགས་པ་ཡིན།

དོན་ཚན་གསུམ་པ། འགོ་འཛུགས།

སྒྲིག་གཞི་འདི་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་གཏན་འབེབས་བྱས་ཉིན་ནས་འགོ་འཛུགས་བྱ་རྒྱུ།

དོན་ཚན་བཞི་པ། མ་དངུལ་འདུ་འགོད།

སྟངས་འཛིན་དང་སྤྲོད་སྟངས་བཅས་ཀྱི་ཚོགས་ཆུང༌། མ་དངུལ་འདུ་འགོད་དང༌། སྟངས་འཛིན། སྤྲོད་སྟངས་བཅས་ཀྱི་ཆེད་ཚོགས་མི་བཅུ་གཅིག་ལས་གྲུབ་པའི་ཚོགས་ཆུང་ཞིག་དགོས་པ་ ཡིན། ཚོགས་ཆུང་དེའི་ནང་མདོ་སྨད་དབུས་རྒྱུན་ངོ་ཡོད་རྣམས་ཀྱི་ཐོག ཚོགས་མི་གཞན་བཞི་མདོ་སྨད་དབུས་རྒྱུན་གྱི་སྟངས་འཛིན་འོག་དུས་ནས་དུས་སུ་བསྐོ་ གཞག་གནང་རྒྱུ། ཚོགས་ཆུང་གི་ལས་ཡུན་མདོ་སྨད་དབུས་རྒྱུན་དང་གཅིག་མཚུངས་ཡིན། ཚོགས་ཆུང་གིས་ཚོགས་འདུ་སྐོང་སྐབས་སྤྱིའི་ཚོགས་མིའི་བརྒྱ་ཆ་ལྔ་བཅུ་ཚང་དགོས།

དོན་ཚན་ལྔ་པ། མ་དངུལ་འདུ་འགོད།

༡༽ མ་དངུལ་གྱི་གཞི་རྩ་གཙོ་བོ་ནི་ཕྱི་ལོ་ ༢༠༠༧ ལོར་ྋགོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་གྱི་དངུལ་ལྷག་ཇི་ཡོད་དང༌། ཀིརྟིའི་དགེ་རྩ་ཚོགས་པ་ནས་གསོལ་སྩལ་གནང་བ་སྒོར་འབུམ་ལྔ་དེ་ཡིན།

༢༽ དེའི་ཐོག་མ་དངུལ་འདིའི་ཆེད་སྲིད་གཞུང་དང༌། ཚོགས་པ། སྒྲིག་འཛུགས། སྐྱེ་བོ་སྒེར་བཅས་སུ་ཡིན་ནས་ཞལ་འདེབས་འབུལ་འདོད་ཡོད་ན། མདོ་སྨད་དབུས་རྒྱུན་ལས་མཚན་ཐོག་འབུལ་བཞེས་བྱ་དགོས།

༣༽ དགོས་གལ་ནམ་བྱུང་ལ་མདོ་སྨད་དབུས་རྒྱུན་ནམ་ཚོགས་ཆུང་ནས་དམིགས་བསལ་འདུ་འགོད་ ལས་རིམ་སྤེལ་རྒྱུ་དང༌། གཞན་ཡང་སྤྱི་སྒེར་ལྷག་བློ་ཅན་གྲངས་ངེས་ཅན་ཞིག་ལ་འདུ་འགོད་ཀྱི་ལས་འགན་དམིགས་ འཛུགས་བྱ་རྒྱུ། དེའི་ཆེད་འབྲེལ་མཐུད་པ་ཞིག་དབུས་རྒྱུན་ནས་བསྐོ་གཞག་གནང་རྒྱུ།

༤༽ ཐད་ཀར་ཞལ་འདེབས་མ་ཡིན་པ་ལྷག་བློ་ཅན་སུ་ཞིག་ནས་སོ་སོའི་བློས་བཅད་ཀྱིས་དངུལ་ འབོར་གང་འོས་ཤིག་དུས་བཀག་སྐྱེད་འཇོག་གིས་དེའི་སྐྱེད་འབབ་མ་དངུལ་ཆེད་ཡོང་ ཐབས་ཀྱི་ལས་འཆར་ཡང་སྤེལ་རྒྱུ།

༥༽ གཞི་རྩའི་མ་དངུལ་གྱི་དངུལ་འབབ་ནས་རོགས་སྐྱོར་ཆེད་གཏོང་མི་ཆོག་པ་དང༌། ཞལ་འདེབས་ཇི་བྱུང་གི་བརྒྱ་ཆ་ལྔ་བཅུ་མ་དངུལ་ཐོག་སྣོན་རྒྱུ།

དོན་ཚན་དྲུག་པ། རོགས་སྐྱོར་སྤྲོད་ཕྱོགས།

༡༽རོགས་སྐྱོར་སྤྲོད་དགོས་ཀྱི་གནས་ཚུལ་ནམ་བྱུང་མཚམས་ས་གནས་གང་དེའི་ངོས་ སྦྱོར་གཞིར་བཟུང་ཐོག་སྙན་ཞུ་རེ་རེ་བཞིན་མདོ་སྨད་དབུས་རྒྱུན་དྲུང་ཆེས་ཞིབ་ འཇུག་གིས་འབྲེལ་ཡོད་ཡིག་ཆ་དང་བཅས་པ་ཚོགས་ཆུང་དུ་སྙན་སེང་གིས་ཐག་གཅོད་བྱ་ རྒྱུ། དེའི་སྐབས་རོགས་སྐྱོར་སྤྲོད་ཆོག་པའི་དངུལ་འབོར་ཇི་ཙམ་ཡོད་མེད་ཀྱི་བསྡོམས་ འབོར་ཡང་སྙན་གསན་ཞུ་དགོས། ༢༽ མ་དངུལ་གྱི་རྐྱེད་འབབ་ཆ་ཚང་ཐོག་རོགས་དངུལ་ཇི་བྱུང་གི་བརྒྱ་ཆ་ལྔ་བཅུའི་ བསྡོམས་འབོར་ནས་གནས་སྟངས་ལ་གཞིགས་ནས་རོགས་སྐྱོར་བྱ་རྒྱུ།

༣༽ སྔ་འཕྲོས་རིང་ཆེས་ཛ་དྲག་པའི་གནས་སྟངས་ཡིན་ན་ལས་མདོ་སྨད་པ་རོགས་སྐྱོར་དགོས་ མཁན་གང་ཟག་ཅིག་ལ་སྒོར་ཆིག་ཁྲི( ༡༠༠༠༠།༠༠) ལྷག་སྤྲོད་མི་ཆོག

དོན་ཚན་བདུན་པ། མ་དངུལ་སྟངས་འཛིན་བྱ་ཕྱོགས།

༡༽ མ་དངུལ་ཡོངས་རྫོགས་བརྟན་པ་དང་ཡིད་ཆེས་ཅན་གྱི་སྒྲིག་འཛུགས་སམ་དངུལ་ཁང་སྐྱེད་ འབབ་གང་མཐོ་ཡོད་པ་གང་འོས་སུ་དུས་བཀག་སྐྱེད་བཅོལ་བྱ་དགོས་ཤིང༌། མ་དངུལ་གསར་བྱུང་ཁག་སྐྱེད་བཅོལ་མ་བྱས་པར་ཉིན་བཅུ་ལྷག་ཉར་མི་ཆོག མ་འཛུགས་བྱ་ཡུལ་གང་བཟང་ཚོགས་གཙོས་དུས་ནས་དུས་སུ་ཚོགས་ཆུང་ལ་གོ་བསྡུར་ཐག་ གཅོད་བྱ་དགོས།

༢༽ མ་དངུལ་དངུལ་ཁང་རྩིས་འགོ་དབུས་རྒྱུན་ཚོགས་གཙོ་དང་དངུལ་གཉེར་ཟུང་འབྲེལ་མིང་ ཐོག་འཇོག་དགོས། ཚོགས་གཙོ་དང་དྲུང་ཆེས་དུས་རྒྱུན་དུ་ནས་སྟངས་འཛིན་བྱ་དགོས།

༣༽ ཟླ་དྲུག་མཚམས་ཀྱི་སྐྱེད་འབབ་དང་ཞལ་འདེབས་བརྒྱ་ཆ་ ༥༠ ཐམ་པ་དེ་དག SB Account ཞིག་ནང་ཟུར་དུ་འཇོག་དགོས།

དོན་ཚན་བརྒྱད་པ། སྒྲིག་གཞི་བསྐྱར་བཅོས།

སྒྲིག་ གཞི་འདི་ལ་བསྐྱར་བཅོས་ནམ་དགོས་མཚམས་ཚོགས་ཆུང་ལ་གོ་བསྡུར་གྱིས་དབུས་རྒྱུན་ སུམ་ཆ་གཉིས་དང་འགན་འཛིན་ལྷན་ཚོགས་སམ་མདོ་སྨད་ཚོགས་ཆེན་གྱི་ངོ་ཡོད་སུམ་ཆ་ གཉིས་ཀྱིས་བསྐྱར་བཅོས་བྱ་ཆོག་པ་ཡིན། བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཛ་དྲག་ཉམ་ཐག་རོགས་སྐྱོར་ཚོགས་ཆུང་ནས།

About ལས་འབྱེད།

Leave a Reply

Your email address will not be published.