གོང་མོ།

དབྱིབས་དང་ཆེ་ཆུང་སོགས་ཁྱིམ་བྱ་དང་འདྲ་བའི་བྱ་ཞིག་སྟེ།མིག་ཆུང་ལ་རྐང་པ་ཐུབ་བ་དང་།ཐོད་པ་དང་མིག་གཉིས་ཀྱི་མཐར་སྤུ་སེར་སྐྱ་ཅུང་ཟད་ཐུང་བ་ལྡན་པ།རྣ་བ་གཉིས་ཀྱི་མཐའ་དང་མགྲིན་པའི་སྒྲོ་དཀར་ཞིང་མགོན་དང་གཉའ་སྟེང་གི་སྒྲོ་རག་པ་ཡིན་པ།རྒྱབ་ཀྱི་སྟོད་ཆ་དང་སྐེ་ལ་སྒྲོ་སེར་བོ་ཐུང་ཐུང་ཡོད་པ་དེ་བྲང་གི་སྤུ་སྐྱ་བོ་དང་འབྲེལ་ཡོད་ཅིང་དེ་སྟེང་དཀར་ནག་ཐིག་གིས་ཁྱབ་པ།རྒྱབ་ཀྱི་ནག་ཐིག་ཧ་ཅང་མཐུག་པོ་ཡོད་ལ་རྒྱབ་གཞུང་ཁམ་སྐྱའི་སྒང་ལ་སེར་ཐིག་ཀྱང་ཡོད།རྐེད་པའི་སྒྲོ་དང་མཇུག་སྒྲོ་གཉིས་ཁམ་ནག་ཡིན་ཞིང་གཤོག་སྒྲོ་དང་སྒལ་རྒྱབ་ཀྱི་སྒྲོ་མདོག་མཚུངས་པའི་མཐར་སྐྱ་བོ་འདྲེས་ཡོད།

ལྟོ་བ་དང་རྩིབ་ལོགས་ཀྱི་སྒྲོ་དཀར་ལ་མཐའ་ནག་པོ་ཡིན།རྒྱུན་དུ་རི་མཐོའི་རྫ་གསེབ་དང་གཡའ་སྤང་གི་མཚམས།ཤིང་མ་ལྡུམ་གྱི་གསེབ་དག་ཏུ་འཚོ་སྡོད་བྱེད་ཅིང་།རྩི་ཤིང་གི་རྩ་བ་དང་ལོ་མ་སོགས་ཟ་བ་དང་།འཁྲིག་སྤྱོད་བྱེད་པའི་དུས་སླེབས་ན་མ་གཏོགས་ཁྱུ་དང་ཁྱུ་བྱས་ནས་རྒྱུ་ལ་ཟླ་བ་བཞི་བ་ནས་དྲུག་པའི་བར་སྒོ་ང་གཏོང་དུས་ཡིན་ཞིང་།མངལ་སྦྲུམ་ཐེངས་རེར་ཕྲུ་གུ་དྲུག་བདུན་ཙམ་སྐྱེ་འཚར་བྱེད་ཀྱི་ཡོད་པའོ།

 

བོད་ལུགས་གསོ་རིག་ཚིག་མཛོད་ཆེན་མོ་ནས།

About རྩོམ་སྒྲིག་པ།