བདེན་བཞི་དང་བདེན་གཉིས་ཀྱི་གསུང་ཆོས།

༢༠༢༡ ཟླ་བ་ ༤ ཚེས་ ༧

ཨི་ཊ་ལིའི་ནང་པའི་ཚོགས་པ་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ལམ་བརྒྱུད་རྒྱ་གར་གྱི་ཆུ་ཚོད་ ༩།༠༠ ནས་ ༡༠།༣༠ བར་བདེན་པ་བཞི་དང་བདེན་པ་གཉིས་ཀྱི་གསུང་ཆོས་དང་དྲི་བར་བཀའ་ལན་སྩལ་རྒྱུ། མཛད་རིམ་འདི་བཞིན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་བོད་དབྱིན་རྒྱ་སྐད་སོགས་སྐད་རིགས་སྣ་མང་ཐོག་གསུང་བསྒྱུར་གྱིས་ཐད་གཏོང་ཞུ་རྒྱུ་དང་། གསན་གཟིགས་གནང་མཁན་ཚོས་ས་གནས་སོ་སོར་བཅས་པའི་སྤྱི་ཚོགས་རྒྱང་བཀྱེད་ཀྱི་བཀའ་རྒྱ་ལས་མི་འདའ་བར་གསན་གཟིགས་གནང་དགོས་པ་དགོངས་འཇགས་འཚལ

༧གོང་ཏཱ་ལའི་བླ་མ་མཆོག་གི་དྲ་རྒྱ་ལས་དྲངས།།

About རྩོམ་སྒྲིག་པ།