འགྱུར་ལྡོག་དུས་རིམ་ཁྲོད་ཀྱི་ང་ཚོའི་འཛམ་གླིང་།

༢༠༢༡ ཟླ་བ་ ༣ ཚེས་ ༢༩།་

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ར་ཤཱི་ཡའི་གཙུག་ལག་སློབ་གཉེར་ཁང་ལྔ་ཡི་སློབ་ཕྲུག་རྣམས་ལ་འགྱུར་ལྡོག་དུས་རིམ་ཁྲོད་ཀྱི་ང་ཚོའི་འཛམ་གླིང་(the theme Our World in the Time of Change)ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་དྲི་བར་བཀའ་ལན་སྩལ་རྒྱུ། མཛད་རིམ་འདི་བཞིན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་བོད་དབྱིན་རྒྱ་སྐད་སོགས་སྐད་རིགས་སྣ་མང་ཐོག་གསུང་བསྒྱུར་གྱིས་ཐད་གཏོང་ཞུ་རྒྱུ་དང་། གསན་གཟིགས་གནང་མཁན་ཚོས་ས་གནས་སོ་སོར་བཅས་པའི་སྤྱི་ཚོགས་རྒྱང་བཀྱེད་ཀྱི་བཀའ་རྒྱ་ལས་མི་འདའ་བར་གསན་གཟིགས་གནང་དགོས་པ་དགོངས་འཇགས་འཚལ།

མཐོ་སློབ་ལྔ་ནི། མོ་སི་ཁོ་གཙུག་ལག་མཐོ་སློབ། (Moscow State University)སེནཌ་པི་ཀྲར་སི་རྦརྒ་གཙུག་ལག་མཐོ་སློབ། (St. Petersburg State University) ཀལ་མུག་མངའ་སྡེའི་གཙུག་ལག་མཐོ་སློབ། (Kalmyk State University) འབུར་ཡ་ཏ་གཙུག་ལག་མཐོ་སློབ། (Buryat State University) དང་ and ཐུ་ཝ་གཙུག་ལག་མཐོ་སློབ། (Tuvan State University) བཅས་ཡིན།

༧གོང་ས་ཏཱ་ལའི་བླ་མ་མཆོག་གི་དྲ་བ་ལས་དྲངས།

About རྩོམ་སྒྲིག་པ།