བར་བརྒལ་གྱི་དུས་རིམ།

བར་བརྒལ་གྱི་དུས་རིམ།

ཧྭ་གོ་ཧྥིན། ༡༩༧༦ ལོའི་ཟླ་༤ ཚེས་༧ ཉིན། དབུས་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་སྟེང་ཧྭ་གོ་ཧྥིན་སྲིད་བློན་དུ་བསྐོས་པ་དང༌། མའོ་ཡི་འདོད་འདུན་ལྟར་ཏིན་ཞའོ་ཕིན་གྱི་དམར་ཤོག་ཚོགས་མིའི་ཐོབ་ཐང་གཅིག་པུ་རང་སོར་བཞག་སྟེ་གོ་གནས་ཡོངས་རྫོགས་མེད་པར་བཟོས། ཟླ་༩ ཚེས་༩ ཉིན་མའོ་ཙེ་ཏུང་དབུགས་ཀྱི་རྒྱུ་བ་ཆད།@ མའོ་ཤི་ཁར་ཧྭ་གོ་ཧྥིན་ལ་” སྔོན་མའི་བྱེད་སྟངས་ལྟར་གྱིས་” ཞེས་ཁ་ཆེམས་བཞག་པ་དང༌། དེ་སྔ་” ཁྱོད་ཀྱིས་བྱ་བ་བསྒྲུབས་ན་ངའི་སེམས་བདེ་” ཞེས་བརྗོད་པའི་” ཆེས་མཐོའི་མཛུབ་སྟོན་” འདི་འཕྱར་ནས་དབུས་གཞུང་གི་དབང་ཆ་བདག་གིར་བཟུང༌། ཁོས་” མི་བཞི་ཤོག་ཁག་” འཛིན་བཟུང་དང༌། ཏིན་ཞའོ་ཕིན་རོ་ལངས་ཐེངས་གསུམ་པ་རྒྱག་ཏུ་བཅུག་པས། རྒྱ་ནག་ལ་ལོ་རྒྱུས་ཀྱི་དུས་རིམ་གསར་པ་ཞིག་ཕྱེས། ༡ མི་བཞི་ཤོག་ཁག་འཛིན་བཟུང༌། མའོ་ཤི་མ་ཐག རྒྱ་ནག་དབུས་གཞུང་གི་དབང་ཆ་བགོ་འགྲེམས་ལ་མཚམས་ཚིགས་གསལ་བོ་མེད་པའི་དབང་གིས། ཕྱོགས་སོ་སོ་ནས་དབང་རྩོད་ཀྱི་ཚ་ངར་འཕྱུར་ཏེ། ཧྭ་ཡིས་ཕྱོགས་སྔར་ལངས་པའི་” མི་བཞི་ཤོག་ཁག་” གཞོམ་ཆེད། ལག་གང་སྔ་བརྩད་དེ། སྐབས་དེར་དམག་གི་དབང་ཆ་ལག་ཏུ་ཡོད་པའི་ཡེ་ཅིན་དབྱིང་དང་མཉམ་འབྲེལ་གྱིས། ཟླ་༡༠ ཚེས་༦ ཉིན་ཅང་ཆིན་སོགས་ཚོགས་འདུར་འབོད་འགུག་གིས། དབུས་སྐུ་སྲུང་དམག་སྡེའི་འགོ་བ་ཝང་ཏུང་ཞིན་ལ་སྐུ་སྲུང་དམག་སྡེ་༨༣༤༡ བཀོད་སྒྲིག་བྱེད་དུ་བཅུག་སྟེ། ” མི་བཞི་ཤོག་ཁག་” དང་ཕྱོགས་གཏོགས་རྣམས་འཕྲལ་མར་འཛིན་བཟུང་གིས་ཟུར་བཀར་ཞིབ་བཤེར་བྱས། ཚེས་༡༨ ཉིན་ཧྭ་གོ་ཧྥིན་གྱིས་དབུས་དམར་ཤོག་ཚོགས་པའི་མིང་ཐོག་ནས་” མི་བཞི་ཤོག་ཁག་” ཕམ་པར་བརྒྱབ་པའི་བརྡ་ཁྱབ་བཏང༌། ༡༩༧༧ ལོའི་ཟླ་༨ པར་ཏང་གི་ཚོགས་ཆེན་བཅུ་གཅིག་སྟེང༌། ” རིག་གནས་གསར་བརྗེ་” དངོས་སུ་མཇུག་བསྒྲིལ་བའི་ཁྱབ་བསྒྲགས་བྱས། ༡༩༨༡ ལོར། རྒྱ་ནག་གི་ཆེས་མཐོའི་ཁྲིམས་ཁང་གིས་ཡོངས་བསྒྲགས་ཁྲིམས་བཤེར་བྱས་ཏེ། མི་བཞི་ཤོག་ཁག་ལ་ལོ་༢༠ ནས་ཚེ་བཙོན་ནམ། ལོ་གཉིས་རྗེས་སྲོག་ཐོག་གཏོང་རྒྱུའི་ཁྲིམས་ཆད་བཅད། ༢ ཏིན་ཞའོ་ཕིན་རོ་ལངས་ཐེངས་གསུམ་པ། མི་བཞི་ཤོག་ཁག་བཟུང་རྗེས་ཀྱི་ཉིན་བཞི་རྗེས། ཏིན་གྱིས་ཧྭ་གོ་ཧྥིན་ལ་རྒྱབ་སྐྱོར་ཡོད་པའི་རྣམ་པ་བསྟན་ནའང༌། ཧྭ་ཡིས་” ཁྱོད་ཀྱིས་ནོར་འཁྲུལ་བཟོས་མྱོང་ཡོད་པས། ངེས་པར་དུ་མུ་མཐུད་སྐྱོན་བརྗོད་དང་ལེན་བྱེད་དགོས་” ཞེས་ཁ་ཡ་བྱས་མེད། སྤྱི་ལོ་༡༩༧༧ ཟླ་༤ ཚེས་༡༠ ཉིན་ཏིན་གྱིས་བསྐྱར་དུ། ” ཧྭ་ཀྲུའུ་ཞིའི་གནད་འཛིན་རྒྱལ་སྐྱོང་གི་བྱེད་ཕྱོགས་དང༌། ད་ལྟའི་གནད་དོན་ཁག་གི་ལས་དོན་བཀོད་སྒྲིག་ལ་རྒྱབ་སྐྱོར་གཙང་མ་ཡོད་” ལུགས་སོགས་ཀྱི་སྙན་ཞུ་ཞིག་སྤྲད་པས། ཧྭ་དང་ཆབ་སྲིད་ཅུས་ཀྱིས་དེར་མོས་མཐུན་བྱས་པ་དང༌། ཟླ་༧ ནང་ལས་འགན་ཡོངས་རྫོགས་བསྐྱར་གསོ་བྱས། ཟླ་༨ ནང་དབུས་དམར་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང༌། དབུས་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པར་བསྐོས་པ་དང༌། ༡༩༧༨ ལོའི་ཟླ་༣ ནང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིར་བདམས། ཏིན་ཞའོ་ཕིན་ནི་གོ་གནས་འདི་ཙམ་གྱིས་བློ་ཁ་ཁེངས་མཁན་ཞིག་མིན་ལ། ཧྭ་ནི་ཉམས་མྱོང་དང༌། བསླབ་པ་རྒན་གཞོན། མིང་གྲགས་གང་ཐད་ནས་རང་ཉིད་དང་བསྡུར་རིན་མེད་པ་ཞིག་ཡིན་པས། ཏིན་གྱིས་སོ་སོའི་མགོ་ཐོག་ཏུ་ཁུར་འདོད་གཏན་ནས་མེད།

 

རིག་གནས་གསར་བརྗེའི་ཤུགས་རྐྱེན་དང་མཇུག་འབྲས།

དྲག་ཆར་རླུང་འཚུབ་ལྟ་བུའི་རིག་གནས་གསར་བརྗེའི་ལས་འགུལ་དེས་རྒྱ་གཞུང་གི་མངའ་ཁོངས་སུ་འཚོ་སྡོད་བྱེད་མཁན་ཡོངས་སུ་རྫོགས་པར་ཤུགས་རྐྱེན་ཐེབས་ཡོད་པ་སྨོས་མེད་ཁར། ལས་འགུལ་གཅིག་མཇུག་གཉིས་མཐུད་དུ་སྤེལ་བ་དེ་དག་གིས་དཔལ་འབྱོར་གྱི་འཕེལ་རིམ་ཧྲིལ་གྱིས་བཀག་པ་དང༌། འཐབ་རྩོད་རྡུང་རྡེག་འོག་བསད་པ་དང༌། མནར་ལྕེབས་སོགས་དུས་མིན་འཆི་གོད། དགོན་པ་ལྷ་ཁང་དང་རིག་དངོས་གཏོར་བཤིག་གི་གྱོང་གུན་སུས་ཀྱང་གྲངས་ཀར་དགོད་ཐབས་མེད་ལ། སྐབས་དེའི་ཡིག་ཆ་ཕལ་ཆེ་བ་མེད་བརླག་ཏུ་བཏང་ཚར་བས། རྗེས་སུ་གསར་བ་རྙེད་རྒྱུའང་ཅང་མེད། སློབ་གསོ་ལས་རིགས་ནི་ལས་འགུལ་འདིའི་གནོད་སྐྱོན་ཕོག་ཆེ་ཤོས་གྲས་ཤིག་ཡིན་ཞིང༌། སློབ་གྲྭ་ཚང་མར་སློབ་ཁྲིད་མཚམས་བཞག་པ་དང༌། མཐོ་སློབ་ཀྱི་རྒྱུགས་སྤྲོད་ཕྱིར་བསྡུ་བྱས་ཏེ། དགེ་ལས་དང་ཆེད་མཁས་པར་དམའ་འབེབས་གཅར་རྡུང་གིས་བསད་པའམ་ལྕེབ་ཏུ་བཅུག་པ། དཔེ་མཛོད་ཁང་ཁག་གི་ཡིག་རྙིང་མེར་བསྲེགས་སོགས་འཇིགས་ཡེར་བའི་ནམ་ཟླ་ཞིག་བྱུང་བ་དང༌། མི་ལ་ལས་དེང་སང་རྒྱ་ནག་ནང་འཇིག་རྟེན་ཡ་རབས་ཀྱི་སྤྱོད་པ་ཧ་ཅང་ཉམས་ཆག་ཕྱིན་པ་དེ་རིག་གསར་སྐབས་འུ་ཐུག་པའི་གནས་སྟངས་འོག་ཕན་ཚུན་འཐབ་རྩོད་བྱེད་རེས་དང༌། བཙོང་རེས། ཐེར་འདོན་བྱེད་རེས་བྱས་པའི་ཉེར་ལེན་ལས་བྱུང་བར་འདོད་པ་དང༌། སྐབས་དེར་བསམ་མ་ཤེས་པའི་དམར་སྲུང་དམག་དང༌། འཐབ་རྩོད་ཕོག་མཁན་སུ་ཡིན་ཡང༌། ད་ཆ་ཕ་མའམ་སྤོ་བོ་རྨོ་མོ་ཆགས་ཟིན་ཡོད་ལ། ལུས་སེམས་གཉིས་ཀར་མི་སྤྱོད་ལས་འདས་པའི་མནར་གཅོད་གཏོང་མཁན་དང་མྱོང་མཁན་དེ་དག་གི་བུ་ཕྲུག་ཚོར་ཁོ་ཚོའི་ལྟ་སྤྱོད་ཀྱི་བག་ཆགས་བཞག་ཡོད་སྟབས། རིག་གསར་ཀྱི་ཤུགས་རྐྱེན་ནི་ལས་འགུལ་དེ་བརྒྱུད་མ་མྱོང་བའི་མི་རབས་གསར་བ་ཚོ་དང༌། ཐ་ན་ད་དུང་མི་རབས་ཁ་ཤས་ལ་ཤན་ཤུགས་ཐེབས་རྒྱུ་ཡིན་ཚུལ་མཁས་པ་ཚོས་བློ་གཡེང་བྱེད་ཀྱིན་ཡོད། ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུའང་མའོ་ཙེ་ཏུང་རིང་ལུགས་ལ་རྗེས་འབྲངས་བྱེད་མཁན་མང་དག་ཅིག་བྱུང་ཡོད་པ་མ་ཟད། སློབ་མ་མང་དག་ཅིག་གིས་དམར་སྲུང་དམག་གི་སྦྲེལ་གཏུགས་དང་གཏོར་བཤིག་གི་ཐལ་ཆེའི་བྱེད་ཐབས་ལད་ཟློས་བྱས་ཡོད་པ་དང༌། ལྷག་པར་དུ་ཧྥ་རན་སིར་༡༩༦༨ ལོར་རྒྱལ་ཡོངས་སུ་ཟིང་ཆ་ཚབས་ཆེ་བྱུང་སྟེ། སློབ་ཕྲུག་དང་བཟོ་བ་ཚོས་ལག་ཏུ་མའོ་ཡི་< < གསུང་བཏུས་> > འཁྱེར་ནས་གཞུང་ལ་ངོ་རྒོལ་བྱས་ཡོད་པ་དང༌། ཨ་རིའི་སློབ་ཕྲུག་ཚོས་ཀྱང་ཝེ་ཏི་ནམ་ཡོ་ནན།དམག་འཐབ་ལ་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེ་བ་སྤེལ་ཏེ། དམག་དཔུང་ཕྱིར་འཐེན་ལ་ནུས་པ་འགངས་ཆེན་ཐོན་ཡོད་པ་དང༌། དབྱིན་ཇིས་སྐྱོང་བའི་ཧོང་ཀོང་དུའང་གུང་ཁྲན་ཏང་གིས་སྐུལ་སློང་བྱས་པའི་བཟོ་བས་ལས་མཚམས་བཞག་པའི་ངོ་རྒོལ་ལས་འགུལ་ཐེངས་འགར་བྱུང་མཐར། དྲག་པོའི་ཟིང་ཆའང་བསླངས་ཡོད། བཙན་བྱོལ་ནང་དུའང་ན་གཞོན་སྐོར་ཞིག་གིས་བོད་ཀྱི་དམར་ཤོག་ཚོགས་པ་བཙུགས་ཏེ་གྲགས་ཆེ་བ་ཞིག་བྱུང་འདུག་ཀྱང༌། མཐར་ཁུངས་མ་འཁྱོལ་བར་ཡལ་འཇགས་སུ་ཕྱིན། རྒྱ་གཞུང་གིས་རིག་གནས་གསར་བརྗེ་ལ་གདེང་འཇོག་བྱེད་སྟངས་ནི། ” མགོ་ཁྲིད་པས་མའོ་ཙེ་ཏུང་ནོར་འཁྲུལ་ངང་སྐུལ་སྤེལ་བྱས་པ་དང༌། ངོ་ལོག་ཤོག་ཁག་ལིན་པེའོ་དང་ཅང་ཆིནགྱིས་བེད་སྤྱོད་བཏང་སྟེ། ཏང་དང་རྒྱལ་ཁབ། མི་རིགས་སོ་སོར་ཆག་སྒོ་ཚབས་ཆེན་བཟོས་པའི་ནང་ཟིང་ཞིག་ཡིན་” Aཞེས་དང༌། དེ་ལངས་པའི་རྒྱུ་རྐྱེན་གཙོ་བོ་གཉིས་ཡོད་པ་ལས་གཅིག་ནི། མའོ་ཙེ་ཏུང་གིས་རྒྱལ་ནང་གི་གཞི་རིམ་གནས་ཚུལ་དང་འཕེལ་རྒྱས་ཀྱི་དུས་རིམ་ལ་རྡར་གཅོད་བྱེད་ནོར་ཤོར་བ་དང༌། སྐབས་དེའི་གྲལ་རིམ་འཐབ་རྩོད་ཀྱི་གནས་སྟངས་ལ་ཐལ་དྲགས་པའི་ཚོད་དཔག་བྱས་པ་ལས་བྱུང་བ་དང༌། ཕྱོགས་གཞན་ནས་མའོ་ཙེ་ཏུང་གིས་ཀྲུང་གོའི་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་དང་སྤྱི་ཚོགས་རིང་ལུགས་བསྒྱུར་བཀོད་ལ་རླབས་ཆེ་བའི་བྱས་རྗེས་བཞག་སྟེ། ཁོང་གི་སྙན་གྲགས་ཚད་མཐོ་ཤོས་སུ་སླེབས་པ་དང༌། མི་དམངས་ཀྱི་སེམས་ནང་གི་རླབས་ཆེ་བའི་གཙོ་འཛིན་ཆགས་པའི་རྒྱབ་ལྗོངས་འོག མའོ་ཙེ་ཏུང་རིམ་གྱིས་མང་ཚོགས་དང་ཁ་བྲལ་ནས་སྒེར་གཅོད་དང༌། ཀྲུང་དབྱང་གི་ཡན་ཆད་དུ་བཀོད་པས། ཏང་དང་རྒྱལ་ཁབ་ཀྱི་ཐུན་མོང་མགོ་ཁྲིད་དང་དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་ལ་དོ་ཕོག་ཚབས་ཆེན་ཐེབས་བྱཞེས་བཀོད་ཡོད།

མཆན།

མའོ་ཙེ་ཏུང་གི་གསུམ་རྩོམ་གཅེས་བཏུས། བམ་པོ་གཉིས་པ། ཡོད་རྒུ་རྩལ་དུ་སྤྲུགས་ནས་མང་ཚོགས་སྐུལ་སློང་གིས། གུང་རྒོལ་ལ་མཁྲེགས་འཛིན་ཤོག་ཁག་གི་ཚུར་རྒོལ་ལ་འགོག་རྒོལ་བྱེད་དགོས། ༡༩༤༠།༥།༤ ཐུན་མོང་རྩ་འཛིན་འདིར་རྒྱ་སྐད་དུ ” གུང་ཐུང་ཀང་ལིན་” ཟེར་ཞིང༌། གྲོས་མཐུན་དོན་ཚན་བཅུ་བདུན་དུ་རྒྱ་སྐད་རང་སོར་བཞག་ཡོད་ལ། ལེའུ་བདུན་དང་དོན་ཚན་༦༠ ཅན་གྱི་ཐུན་མོང་རྩ་འཛིན་དེའི་དོན་ཚན་༥༡ ནང༌། ” གྲངས་ཉུང་མི་རིགས་སོ་སོ་འདུ་སྡོད་ཀྱི་ས་ཁུལ་དུ་མི་རིགས་ཀྱི་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་དགོས་པ་དང༌། མི་རིགས་འདུ་སྡོད་ཀྱི་མི་འབོར་མང་ཉུང་དང་ས་ཁོངས་ཆེ་ཆུང་ལ་གཞིགས་ཏེ། མི་རིགས་རང་སྐྱོང་གི་ཚན་པ་ཁག་གསར་འཛུགས་བྱེད་དགོས། མི་རིགས་སོ་སོ་འདྲེས་སྡོད་ཀྱི་ས་གནས་སམ་མི་རིགས་རང་སྐྱོང་གི་ས་ཁོངས་ཀྱི་སྲིད་གཞུང་ཚན་པར་མི་རིགས་སོ་སོའི་སྐུ་ཚབ་ཀྱི་ས་མིག་གང་འཚམ་ཡོད་དགོས་པ་དང༌། མི་རིགས་སོ་སོར་རང་ཉིད་ཀྱི་སྐད་ཡིག་ཡར་རྒྱས་གཏོང་བའི་རང་དབང་དང༌། རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་དད་མོས་སྲུང་འཛིན་ནམ་བཅོས་བསྒྱུར་གྱི་རང་དབང་ཡོད་” ཅེས་བཀོད་ཡོད་ལ། ༡༩༥༡ ལོའི་ཟླ་༥ ཚེས་༢༣ ཉིན་པེ་ཅིང་དུ་རྒྱ་བོད་སྐུ་ཚབ་དབར་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གི་བོད་ཞི་བའི་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་ལ་མིང་རྟགས་བཀོད་དེ། གྲོས་མཐུན་དོན་ཚན་དགུ་བའི་ནང༌། ” བོད་ལྗོངས་ཀྱི་དངོས་ཡོད་གནས་སྟངས་ལ་གཞིགས་ཏེ། རིམ་བཞིན་བོད་མི་རིགས་ཀྱི་སྐད་དང་ཡི་གེ། སློབ་གྲྭའི་སློབ་གསོ་ཡར་རྒྱས་གཏོང་རྒྱུ་” ཞེས་བཀོད་པའི་ཁྲིམས་ལུགས་ཀྱི་ཆ་རྐྱེན་ཡང་ཐུན་མོང་རྩ་འཛིན་ཀྱི་དོན་གནད་ལ་གཞི་བཅོལ་བ་ཞིག་ཡིན། ➂༡༩༥༠ ལོའི་ཟླ་༡ ཚེས་༡ ཉིན། རྫོང་ཁག་༢༠ བཅིངས་འགྲོལ་བཏང་བའི་རྨང་གཞིའི་སྟེང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་བཙུགས། ༡༩༥༠ ལོའི་ཟླ་༣ ཚེས་༢༤ ཉིན་བཅིངས་འགྲོལ་དམག་དར་མདོར་འབྱོར་ཞིང༌། ལོ་དེའི་ཟླ་༡༢ ཚེས་༢༤ ཉིན་ནུབ་ཁམས་ཞིང་ཆེན་བོད་རིགས་རང་སྐྱོང་ལྗོངས་ཆུས་བཙུགས། འདི་ནི་རྒྱ་ནག་རྒྱལ་ཡོངས་སུ་ཀྲོན་ཆུས་རིམ་པའི་མི་རིགས་རང་སྐྱོང་ས་ཁུལ་བཙུགས་པ་ཐེངས་དང་བོ་དེ་ཡིན་ལ། ༡༩༥༠ ལོའི་ཟླ་༥ ཚེས་༡༠ ཉིན་” བཅིངས་འགྲོལ་” བཏང་བའི་རྨང་གཞིའི་སྟེང༌། ༡༩༥༡ ལོའི་ཟླ་༤ བར་རྫོང་རིམ་པའི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བཙུགས་པ་དང༌། རྗེས་སོར་རྫོང་གསུམ་ཟླ་སྒྲིལ་གྱིས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་མིང་བསྒྱུར་བྱས། རྔ་བ་བོད་རིགས་རང་སྐྱོང་ལྗོངས་ཆུས།། ༡༩༥༢།༡༢།༦ ཟླ་བ་བཅུ་གཅིག་ལྷག་གི་རྗེས་ནས་རང་སྐྱོང་ཁུལ་དུ་མིང་བསྒྱུར་བྱས། ” ཧོང་ཀོང་ནས་འདོན་འགྲེམས་བྱེད་བཞིན་པའི་སྒོ་འབྱེད་དུས་དེབ་དུ་ཞུས་ཞིན་གྱིས་བྲིས་པའི་རྒྱ་ནག་གི་དམངས་གཙོའི་ལས་འགུལ་གཅིག་འགྱེལ་གཉིས་མཐུད་ཅེས་པའི་རྩོམ་དུ་གསལ། ” རྒྱ་ནག་གི་མུ་གེ་ཆེན་མོའི་ཡིག་ཚགས། ༡༩༥༩ ནས་༡༩༦༡ ལོ། ” རང་གསུམ་ཟེར་བ་ནི་རང་བདག་གི་ས་སྐལ་དང༌། རང་དབང་གི་ཁྲོམ་ར། ཁེ་གྱོང་རང་འཁུར་གསུམ་ལ་ཟེར་ཞིང༌། འགན་གཙང་གཅིག་ནི་ཐོན་སྐྱེད་འགན་གཙང་ལེན་དུ་བཅུག་པ་ལ་ཟེར། རིག་གནས་གསར་བརྗེའི་སྐབས། འདི་ནི་ལིའུ་ཧྲའོ་ཆི་མ་རྩ་རིང་ལུགས་ཀྱི་ལམ་ལ་བསྐྱོད་པའི་དཔང་རྟགས་སུ་བགྲང་ཡོད། ” རིག་གསར་ཞིབ་འཇུག་ཐད་ཀྱི་གནད་དོན་འགའ། ཁྲིན་ཞའོ་ཡ།http://guancha.org/info/da.asp?ID=19259 & ad=10/9/2002 ” The Great Chinese Revolution 1800-1985 by John King Fairbank རྒྱ་འགྱུར། ” ཅང་ཆིན་ནི་རྒྱ་ནག་ཧྲན་ཏུང་གི་མི་ཡིན་ཞིང༌། ༡༩༣༣ ལོར་དམག་ཤོག་ཚོགས་པའི་ནང་ཞུགས། ༡༩༣༤ ལོར་གོ་མིན་ཏང་སྲིད་གཞུང་གིས་བཟུང༌། ༡༩༣༥ ལོར་གློག་བརྙན་འཁྲབ་སྟོན་བྱེད་མགོ་ཚུགས་མོད། ལམ་ལྷོངས་དེ་ཙམ་བྱུང་མེད། ཕོ་གསར་ཁ་ཤས་དང་མཉམ་དུ་འཁྲུག་པོ་བྱུང་མྱོང་ཡོད་པ་དང༌། ཐང་ན་ཟེར་བ་ཞིག་དང་མཉམ་དུ་གཉེན་སྒྲིག་བྱས་ཏེ། ཁྱོ་གས་མོའི་ཆེད་དུ་ཐེངས་ཁ་ཤས་ལྕེབས་རྩིས་བྱས་པའི་གསར་འགྱུར་གྲགས་ཆེ་བ་ཞིག་ཡོང་ཡོད་སྐད། ༡༩༣༧ ལོའི་སྟོན་ཀར་དམར་ཤོག་ཚོགས་པའི་སྐབས་དེའི་ལྟེ་གནས་ཡན་ཨན་དུ་སོང་བ་དང༌། དམག་ཤོག་གི་མགོ་ཁྲིད་ཁ་ཤས་ཀྱིས་དགག་ཆ་བྱས་མིན་ལ་མ་ལྟོས་པར། མའོ་ཡིས་ཁྱིམ་ཐབ་ཏུ་བསུས། དམར་ཤོག་གི་སྲིད་དབང་བཙུགས་རྗེས། རྒྱལ་ཡོངས་གློག་བརྙན་སློབ་སྟོན་ལྷན་ཚོགས་ཀྱི་ཚོགས་མི་བྱས། ༡༩༦༣ ལོ་ནས་སྲིད་སྟེགས་སུ་འཛེག་མགོ་བརྩམས་ཏེ། ཐོག་མར་རིག་རྩལ་ལས་རིགས་ནང་གཡོན་ཐལ་གྱི་བསམ་བློ་དར་སྤེལ་བཏང༌། ༡༩༦༥ ལོའི་ཟླ་༥ པར། ཀྲུང་དབྱང་རིག་གནས་གསར་བརྗེ་ཚོགས་ཆུང་གི་ཚོགས་གཞོན་དང་པོའི་འགན་ཁུར། ༡༩༦༩ ལོར་དབུས་ཆབ་སྲིད་ཅུས་ནང་སླེབས། ༡༩༧༦ ཟླ་༡༠ ཚེས་༦ ཉིན་འཛིན་བཟུང་བྱས། ༡༩༧༧ ཟླ་༧ ནང་ཏང་ཕྱི་ནང་གི་ལས་གནས་ཡོངས་རྫོགས་ཕྱིར་བསྡུ་བྱས། ༡༩༨༣ ཟླ་༡ ནང༌། ཚེ་བཙོན་གྱི་ཁྲིམས་ཐག་བཅད། སྤྱི་ལོ་༡༩༩༡ ཟླ་༥ ནང༌། བཙོན་ཁང་ཕྱི་ལོགས་སུ་སྨན་བཅོས་བྱེད་སྐབས་རང་ཤི་བརྒྱབ། ” སྒྲོལ་མ་ཆོས་འཛོམས་ཀྱི་བྱརྒན་མོའི་མ་བཅོས་དྲང་གཏམ་བྱཞེས་པའི་ནང་ལྷ་སར་རྒྱ་ནང་གི་དམར་སྲུང་དམག་ཡོང་སྟངས་སྐོར་བྲིས་ཡོད། , དེང་རབས་རྒྱ་སྐད་ཀྱི་ཚིག་མཛོད་ལྟར་ན། བཟོ་རྐུན་ཞེས་པ་ནི་བཟོ་བའི་ལས་འགུལ་ཁྲོད། འབྱོར་ལྡན་གྲལ་རིམ་གྱིས་བླུས་ཏེ། བཟོ་བ་གྲལ་རིམ་གྱི་ཁེ་ཕན་གཡོ་འཚོང་དང༌། བཟོ་བའི་ལས་འགུལ་ལ་་གཏོར་བཤིག་གཏོང་མཁན་གྱི་བཟོ་བར་གོ་དགོས། – རྒྱ་ནག་གཞུང་འབྲེལ་གྱི་ཡིག་ཆ་ལྟར་ན། དམར་སྲུང་དམག་གིས་པེ་ཅིན་གཅིག་པུར་མི་༡༧༠༠ ཙམ་གཅར་རྡུང་གིས་བསད་ཡོད། . བསྲེགས་ཀྱང་མི་འཚིགས་པའི་བོད། ཀུན་བཟང་དཔལ་འབྱོར། བོད་གཞུང་ཤེས་རིག་དཔར་ཁང༌། ༡༩༧༡ བོད་ཡིག / རྔ་བ་ཁུལ་ས་གནས་ལོ་རྒྱུས། སྟོད་ཆ། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ས་གནས་ལོ་རྒྱུས་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་ནས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང༌། ཤོག་ངོས་༡༠༢ ། ཧོང་ཁྲིན་ཞེས་པ་ནི་དམར་སྲུང་དམག་ཁྲིན་ཏུ་དམག་དཔུང་ཞེས་པའི་རྒྱ་ཡིག་གི་ཚིག་སྡུད་ཡིན་པ་ལས། གྲོང་ཁྱེར་དམར་པོ་ཟེར་བའི་གོ་དོན་མེད། 1 < < འགུ་ལོག་གི་ལོ་རྒྱུས་གཉན་པོ་གཡུ་རྩེའི་བསང་དུད > > སྨད་ཆ། འགུ་ལོག་དམ་ཆོས་དཔལ་བཟང༌། ༼བོད་ཡིག༽ ཤོག་ངོས་༥༠༤ 2 < < འགུ་ལོག་གི་ལོ་རྒྱུས་གཉན་པོ་གཡུ་རྩེའི་བསང་དུད > > སྟོད་ཆ། འགུ་ལོག་དམ་ཆོས་དཔལ་བཟང༌། ཤོག་ངོས་༤༧༦ ནས་༤༧༩ 34 ཀྲུང་གུང་བོད་ལྗོངས་ཏང་གི་ལོ་རྒྱུས་ཀྱི་དོན་ཆེན་ཟིན་ཐོ།སྤྱི་ལོ་༡༩༤༩ནས་༡༩༩༤ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང༌། ༡༨༧།༢༣༦ 5 རྒྱ་དམར་གྱིས་བོད་ནང་མི་སྤྱོད་ལས་འདས་པའི་བྱ་ངན་ཇི་བྱས་དངོས་བྱུང་གནས་ལུགས་རགས་བསྡུས་གསལ་བར་མཐོང་བའི་མེ་ལོང༌། ༡༩༥༩ ནས་༡༩༨༤ ཤེས་རིག་དཔར་ཁང༌། བོད་ཡིགཤོག་གྲངས་༥༣༡ ནས་༥༥༧ བར། 6 ཚོགས་ཆེན་དགུ་བའི་སྟེང་ཚོགས་ཞུགས་འཐུས་མི་ཆིག་སྟོང་ལྔ་བརྒྱ་ལྷག་ཙམ་ལས། གསུམ་ཆའི་གཉིས་ལིན་པེའོ་མངའ་འོག་གི་དམག་མི་ཡིན་པ་དང༌། ཀྲུང་དབྱང་ཨུ་ཡོན་དབུས་འཐུས་མི་ལྷན་ཚོགས་ཀྱི་འཐུས་མི་ནང་བརྒྱ་ཆའི་༤༥ དམག་མིས་ཟིན་ཡོད། སྤྱི་ལོ་༡༩༥༦ ལོར་དམག་མིས་བརྒྱ་ཆའི་༡༩ མ་གཏོགས་ཟིན་མེད། 7 མའོ་ཀྲུ་ཞི་ཁྲི་ལོར་བརྟན་པར་ཤོག་ཅེས་པའི་ཁ་གཡང་ངག་ནས་བཟླ་མཚམས་ནི་འཇོག་པ་དང༌། མའོ་ཡི་གསུང་བཏུས་དེབ་དམར་རྟག་པར་ལག་ཏུ་འཆང་བ་ལ་གོ། 8 ༥༧༡ ཞེས་པའི་རྒྱ་ཡིག་གི་ཨང་གྲགས་འདིའི་སྒྲ་དོད་ནི། ༥ དྲག་པོ་གོ་བ་དང༌། ༧༡ གྱེན་ལངས་ལ་གོ་དགོས། 9 རྒྱ་ནག་སྤྱི་ཚོགས་ཚན་རིག་ཁང་ཆབ་སྲིད་རིག་པ་ཞིབ་འཇུག་སྡེ་ཚན་གྱི་འགན་འཛིན་དང༌། རྒྱ་ནག་དབུས་གཞུང་ཆབ་སྲིད་ལམ་ལུགས་བཅོས་བསྒྱུར་ཉམས་ཞིབ་ཚོགས་ཆུང་གི་མགོ་ཁྲིད་གྲས་ཡན་ཅ་ཆི་ཡིས་བྲིས་པའི་ཆབ་སྲིད་ཧ་ཅང་ལས་སླ་བོ་ཡོད། ཀྲིན་ཀྲུང་ཧྲུའུ་ཅུས་ནས་སྤྱི་ལོ་༡༩༩༢ ལོར་དཔར། ཤོག་ངོས་༦༨ ། : ཆར་རླུང་བྲག་རྡོ་ལྟ་བུའི་ལོ་ཟླ། ༡༩༧༠ ལོའི་བྱགཅིག་རྡུང་གསུམ་རྒོལ་བྱལས་འགུལ། ཏིང་ཧྲུའུ། ཧྭ་ཤ་ཝིན་ཀྲའེ། འདོན་ཐེངས་༣༤༣ པ། ; རྔ་བ་ཁུལ་ས་གནས་ལོ་རྒྱུས། སྟོད་ཆ། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ས་གནས་ལོ་རྒྱུས་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་ནས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང༌། ཤོག་ངོས་༡༠༢ ། < འཛམ་གླིང་གསུམ་ནི། སྟོབས་ལྡན་རྒྱལ་ཁབ་ཨ་རི་དང་ར་ཤི་ཡ་གཉིས་འཛམ་གླིང་དང་པོ་དང༌། འདི་གཉིས་ཀྱི་བར་དུ་གནས་པའི་དབྱིན་ལན་དང༌། ཧཕ་རན་སི། འཇར་མན། ཉི་ཧོང༌། ཁེ་ན་ཊ། ཨོ་སི་ཀྲི་ལི་ཡ་སོགས་ཡར་རྒྱས་ཀྱི་རྒྱལ་ཁབ་རྣམས་འཛམ་གླིང་གཉིས་པ། ཨེ་ཤ་ཡ་དང༌། ཨ་ཧཕེ་རི་ཀ ལྷོ་ཨ་རི་དང་ས་གནས་གཞན་གྱི་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་རྣམས་འཛམ་གླིང་གསུམ་པ་སྟེ། སྟོབས་ཆེན་རྒྱལ་ཁབ་ཀྱིས་འཛམ་གླིང་ཧྲིལ་པོ་ཁ་དབང་དུ་སུས་སྡུད་འཕྲོག་རྩོད་བྱེད་པས། དེ་ནི་འཛམ་གླིང་བདེ་ལ་འཁོད་དུ་མི་འཇུག་པའི་གེགས་རྐྱེན་གཙོ་བོ་ཡིན་པ་དང༌། འཛམ་གླིང་གསུམ་པ་ནི་བཙན་རྒྱལ་རིང་ལུགས་དང༌། མི་སེར་སྤེལ་ཡུལ་རིང་ལུགས། བཙན་དབང་རིང་ལུགས་ལ་ངོ་རྒོལ་བྱེད་པའི་སྟོབས་ཤུགས་གཙོ་བོ་ཡིན་ཞེས་སྒྲོག་གི་ཡོད། = ༡༩༨༠ ལོར། དབྱི་ཏ་ལི་ཡི་གསར་འགོད་པ་Oriana Fallaciཡིས་ཏིན་ཞའོ་ཕིན་ལ་བཅར་འདྲི་བྱེད་སྐབས། བྱརྒྱ་ནག་མི་དམངས་ཀྱིས་ནོར་འཁྲུལ་ཡོད་ཚད་བྱམི་བཞི་ཤོག་ཁག་བྱགི་མགོ་ལ་གཡོག་གི་འདུག འོན་ཀྱང་ངས་གོ་ཚོད་བྱས་ན་རྒྱ་མི་ཚོས་མི་བཞི་ཤོག་ཁག་གླེང་སྐབས། མཛུབ་མོ་ལྔ་རྐྱོང་གི་འདུག་བྱཅེས་དྲི་བ་བཏོན་ཡོད། > ཁུང་དགག་གམ་ཁུང་བཀུར་ཅེས་པ་ཁུང་ཙི་སྤྱི་ལོ་སྔོན་གྱི་ལོ་༥༥༡ ནས་༤༧༩ བར།དང་དེའི་ལྟ་གྲུབ་ལ་དགག་པ་རྒྱག་པའམ་བཀུར་བརྩི་བྱེད་པའི་དོན་ཏེ། ཐུབ་བཀྭན་གྲུབ་མཐར་འདི་བར་བོད་སྐད་དུ་ཀོང་ཙེ་ཞེས་བྲིས་ཡོད་པ་དང༌། ལ་ལས་ཀོང་རྩེ་འཕྲུལ་གྱི་རྒྱལ་པོ་ཞེས་ཀྱང་འབོད་ཀྱི་ཡོད་ཚོད། རྒྱ་ནག་གི་སྲོལ་རྒྱུན་རིག་གཞུང་རུའུ་ལུགས་ཀྱི་ལྟ་གྲུབ་དང་ཆོས་རྒྱུན་སྲོལ་གཏོད་མཁན་ཡིན་ཞིང༌། རྒྱ་ནག་གི་ལོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ནང༌། གོང་མ་ཆིན་ཧྲི་ཧོང་གིས་རུའུ་ལུགས་ཀྱི་དེབ་བསྲེགས་པ་དང༌། རྗེས་འཇུག་གསོན་སྦས་བཏང་མྱོང་ཞིང༌། མའོ་ཡིས་དགག་པ་ཕུད། དེའི་འཕྲོས་རྒྱ་ནག་གོང་མ་རིམ་བྱོན་གྱིས་རུའུ་ལུགས་དེ་རྒྱལ་ཁབ་འཛིན་སྐྱོང་གི་ལྟ་གྲུབ་གཙོ་བོར་བཟུང་ཡོད། ཧཕ་རྒོལ་ཟེར་བ། ཧཕ་ལུགས་ལ་ངོ་རྒོལ་གྱི་དོན་ཏེ། རྒྱ་ནག་གི་ཀྲན་གོའི་སྐབས་ཀྱི་གྲུབ་མཐའ་ཞིག་སྟེ། རུའུ་ལུགས་ཀྱིས་གུས་ལུགས་ལ་བརྟེན་ནས་མངའ་འབངས་སྐྱོང་བའི་ལྟ་ཚུལ་ལས་ལྡོག་སྟེ། ཁྲིམས་ལུགས་ལ་བརྟེན་ནས་སྐྱོང་རྒྱུའི་འདོད་ཚུལ་འཛིན་ཞིང༌། དེ་ནི་སྐབས་དེའི་ས་བདག་གི་ཁེ་ཕན་དང་མཐུན་ཆེ། ? ཧྭ་གོ་ཧཕིན་ནི་༡༩༢༡ ལོར་ཧྲན་ཞི་ཞིང་ཅའོ་ཁྲིན་དུ་སྐྱེས་ཤིང༌། ༡༩༣༨ ལོར་རི་འགོག་དམག་འཁྲུག་ཏུ་ཞུགས་པ་དང༌། ལོ་རབས་བཞི་བཅུའི་ནང་ཅའོ་ཁྲིན་རྫོང་གི་ཧྲུའུ་ཅིའི་གོ་གནས་ཁུར། སྤྱི་ལོ་༡༩༤༩ རྗེས་ཧུའུ་ནན་ཐན་ཞང་རྫོང་གི་ཧྲུའུ་ཅི་དང༌། ས་ཁུལ་གྱི་ཁུལ་གཙོའི་ལས་ཁུར་བླངས། རིག་གསར་སྐབས་ཧུའུ་ནན་ཞིང་ཆེན་གྱི་ཧྲུའུ་ཅི་དང་པོ་ནས་པེ་ཅིང་དུ་བསྐོངས་ཏེ། ༡༩༧༥ ལོར་སྲིད་བློན་གཞོན་པ་དང་སྤྱི་བདེ་བློན་ཆེན་གཅིག་ལྕོགས་བྱས། ༡༩༧༦ ལོར་ཀྲོའུ་ཨིན་ལེ་ཤི་རྗེས། སྲིད་བློན་ལས་ཚབ་དང༌། སྲིད་བློན། དབུས་དམར་ཤོག་ཚོགས་པའི་ཀྲུའུ་ཞི་གཞོན་པ་དང་པོ་བཅས་ཀྱི་གོ་ཐོབ་སྤྲད་དེ་མའོ་ཡི་ཤུལ་འཛིན་པར་བསྐོས། མའོ་ཤི་མ་ཐག ཅང་ཆིན་སོགས་ཀྱིས་འགྲན་རྒོལ་བྱས་པས། སྐབས་དེའི་དམག་གི་དབང་ཤུགས་འཛིན་མཁན་ཡེ་ཅན་དབྱིང་དང༌། མའོ་ཡི་སྐུ་སྲུང་དམག་དཔོན་ཝང་ཏུང་ཞིན་སོགས་ལག་འབྲེལ་གྱིས་བྱམི་བཞི་ཤོག་ཁག་ཕམ་པར་བརྒྱབ་བྱསྟེ། དབུས་དམར་ཤོག་ཚོགས་པའི་ཀྲུའུ་ཞི་དང༌། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན། དབུས་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི་བཅས་ཏང་སྲིད་དམག་གསུམ་གྱི་གོ་མིང་མི་གཅིག་ལ་ཐོབ་མཁན་རྒྱ་དམར་གྱི་ལོ་རྒྱུས་སྟེང་ཐོག་མ་དེ་ཡིན། ༡༩༨༠ ལོར་ཏིན་ཞའོ་ཕིན་གྱིས་གནོན་བཙིར་འོག་དབང་ཆ་ཚང་མ་ཤོར། སྤྱི་ལོ་༡༩༨༢ ནས་༢༠༠༢ བར་གྱི་ཏང་གི་ཚོགས་ཆེན་སྐབས་བཞིའི་རིང་དབུས་འཐུས་མི་ལྷན་ཚོགས་ཀྱི་ཚོགས་མིར་བདམས་ཡོད་པ་དང༌། ༢༠༠༧ ལོའི་ཟླ་༡༠ ཚུགས་པའི་ཚོགས་ཆེན་བཅུ་བདུན་པར་ཡང་ཚོགས་ཞུགས་བྱས་འདུག ༢༠༠༨ ཟླ་༨ ཚེས་༢༠ ཉིན། རྒྱལ་སྤྱིའི་ཨོ་ལིམ་ཕེཀ་རྩེད་འགྲན་པེ་ཅིང་དུ་འཚོགས་བཞིན་པའི་མུར་འདས། @ མདོ་སྨད་པ་སྐོར་ཞིག་གི་བྲིས་པའི་ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་མཆོག་གི་སྲིད་ཕྱོགས་ཀྱི་མཛད་འཕྲིན་གཙོ་བོར་བརྗོད་པ་འཛམ་གླིང་ཉིན་མོར་བྱེད་པའི་སྣང་བ། ཀྱག་ཀྱོག་ཆེ་བའི་བཞུད་ལམ་དང༌། འོད་སྟོང་འབར་བའི་མི་ཚེ་ཞེས་པའི་ནང༌། སྲིད་བློན་ཀྲོའུ་ཤི་བའི་ཟླ་༡ ཚེས་༨ ཉིན་བོད་ལུགས་ཀྱི་ངན་པ་དགུ་འཛོམས་ཡིན་པ་དང༌། དམངས་འཐུས་ཚོགས་གཙོ་ཀྲུའུ་ཏེ་ཤི་བའི་ཉིན་ནི། རྒྱལ་བ་རིན་པོ་ཆེའི་འཁྲུངས་སྐར་དུས་ཆེན་ཏེ། ཟླ་༧ ཚེས་༦ འཁེལ་ཡོད་ལ། ཟླ་༩ ཚེས་༩ ཉིན་མའོ་ཤི་བའི་དུས་ཚེས་དེ་ས་བདག་བ་དན་འཕྱར་བའི་ཉིན་ཡིན་ལུགས་གསལ། མའོ་ཤི་བའི་དུས་ཚེས་འདི་རྗེས་སུ་འགྱུར་བ་བཏང་བ་མ་གཏོགས། བོད་རང་སྐྱོང་ལྗོངས་ཟེར་བ་བཙུགས་པའི་རྟེན་འབྲེལ་གྱི་ཉིན་མོ་ཞིག་ཏུ་ཐེངས་འགར་སྲུང་བརྩི་བྱས་ཡོད། A ཀྲུང་གུང་སྐབས་༡༡ པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་གཏན་འབེབས་བྱས་པའི་ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་ཁབ་བཙུགས་ཚུན་གྱི་ལོ་རྒྱུས་གནད་དོན་འགའི་གྲོས་ཆོད་ཅེས་པའི་ཡིག་ཆ་ནང་བཀོད་ཡོད། B ཏིན་ཞའོ་ཕིན་གྱི་དུས་རབས། ༡༩༧༨ ནས་༡༩༩༤ བར་གྱི་རྒྱ་ནག་གི་སྤྱི་ཚོགས་རིང་ལུགས་ཀྱི་ལས་དབང་ལ་རྟོག་ཞིབ་ཅེས་པའི་ལེའུ་བརྒྱད་པའི་རྒྱ་འགྱུར་ལས།

About ལས་འབྱེད།