མཚོ་མགོ་རྒྱལ་ར།
མཚོ་མགོ་རྒྱལ་ར་ནི་གནའ་མཁར་ཞིག་སྟེ། རིག་སྨོན་གྲོང་རྡལ་སྲིད་གཞུང་གི་ནུབ་ཕྱོགས་སུ་སྤྱི་ལེ ༢༧ གྱིས་ཆོད་པའི་རྒྱ་ཡེ་སྡེ་བའི་ས་ཐོག་གམ། མཚོ་སྔོན་པོའི་མཚོ་མགོ་ན་ཡོད་པས་མིང་ཡང་དེ་སྐད་དུ་གྲགས། འདིའི་ཤར་ནུབ་ཀྱི་སྲིད་ལ་སྨི ༡༧༠ དང་། ལྷོ་བྱང་གི་ཞེང་ལ་སྨི་ ༡༥༠ ཡོད། མཁར་སྒོ་ལྷོ་ཕྱོགས་སུ་བསྐོར་ཡོད། ངག་རྒྱུན་ལ། མཁར་རྫོང་འདི་ནི་བཙན་པོའི་སྐབས་སུ་བོད་ཀྱི་དམག་དཔུང་གིས་བོད་ཀྱི་རྒྱལ་པོའི་བཀའ་དགོངས་བཞིན། མཚོ་སྔོན་པོའི་མཚོ་སྲིབ་དང་མཚོ་མགོ། རིག་སྨོན་གཞོངས་ཀྱི་མགོ་རྔ་སོགས་སུ་བཙན་མཁར་དུ་མ་བརྩིགས་པར་གྲགས་པའི་ཡ་གྱལ་ཞིག་ཡིན་པར་མ་ཟད། མགར་སྟོང་བཙན་ཡུལ་སྲུང་སོགས་ཀྱིས་རྒྱལ་པོའི་ཚབ་མཛད་ནས་མཚོ་གཏེར་འབུལ་སའང་ཡིན་པར་བཤད།
ཉི་ཟླ་ཉག་ཁ།
ཉི་ཟླ་ཉག་ཁ་ནི་རིག་སྨོན་གྲོང་རྡལ་སྲིད་གཞུང་གི་བྱང་ཤར་གྱི་མཚམས་ཏེ། གུང་ཧོ་རྫོང་(གསེར་ཆེན་རྫོང་།)དང་སྟོང་འཁོར་རྫོང་གཉིས་ཀྱི་ས་མཚམས་ན་ཡོད། འདིའི་བབ་ཀྱི་མཐོ་ཚད་ལ་མཚོ་ངོས་ལས་སྨི་༣༥༢༠ ཡོད། འདིའི་མིང་གི་ཐོགས་ཚུལ་ནི་མངའ་བདག་ཁྲི་རལ་སོགས་ཀྱི་སྐུ་དུས་སུ། རྒྱ་བོད་བར་དུ་སྔ་ཕྱིར་མཇལ་དུམ་ཐེངས་འགའ་མཛད་པའི་ལོ་རྒྱུས་དང་འབྲེལ་ཡོད་དེ། དེའི་ཐད་ནས<<ལྡེའུ་ཆོས་འབྱུང་།>>ལས “ཁམས་ཀྱི་གཡེར་མོ་ཐང་མོ་ཐང་དུ་རྡོ་ལ་ཉི་ཟླའི་གཟུགས་བྲིས་ནས་ཐང་གཙིགས་མཛད”ཅེས་བསྟན་པའི་གཡེར་མོ་ཐང་ཟེར་བ་དེ་ནི། ད་ལྟའི་མཚོ་སྔོན་པོའི་ལྷོ་ནུབ་འགྲམ་རྒྱུད་ཀྱི་ཐང་གཞོངས་ཀྱི་ཕྱོགས་འདི་ཡིན་ལ། སྐབས་དེར་རྡོ་ལ་ཉི་ཟླའི་གཟིགས་རིས་འབྲི་སའང་དེང་སང་གི་ཉི་ཟླ་ཉག་ཁ་འདི་ཡིན་པས་མིང་ཡང་དེ་སྐད་དུ་ཐོགས། འདི་ལ་རྡོ་ཉི་ཟླའང་ཟེར།
ངག་རྒྱུན་དང་པོ། རྒྱ་བཟའ་ཀོང་ཇོ་བོད་ལ་ཆས་ཁར། ཡབ་ཡུམ་གཉིས་ཀྱིས་ཆེད་དུ་ཕ་མའི་བརྩེ་སེམས་མཚོན་བྱེད་དུ་གསེར་བཟང་ལས་བྱས་པའི་ཉི་ཟླ་ཟུང་གི་མེ་ལོང་རེ་ཁོ་མོར་དྲན་རྟེན་དུ་གནང་། བློན་པོ་མགར་གྱིས་ཀོང་ཇོ་ཁོ་མོའི་ཕ་མར་ཡིད་ཆད་དུ་མ་བཅུག་ན་བོད་ལ་བསུ་དཀའ་སྙམ་ནས། ཁོས་ལྐོག་ཏུ་རྡོའི་ཉི་ཟླའི་མེ་ལོང་རྫུན་མ་གཉིས་བཟོ་རུ་བཅུག་སྟེ། དེ་ལ་གསེར་དངུལ་གྱིས་ཚོས་བརྒྱབ་ནས་ཀོ་རློན་གྱིས་བཏུགས་ཏེ་ངོ་མའི་ཚབ་ཏུ་བཞག ཀོང་ཇོ་འཁོར་དང་བཅས་པ་དེ་དེང་སང་གི་ཉི་ཟླ་ཉག་ཁའི་ཁར་བུད་སྐབས། ཀོང་ཇོས་ཕ་མ་གཉིས་དྲན་ནས་ཕ་མས་གནང་བའི་མེ་ལོང་ལ་ལྟ་དུས། དེ་ནི་རྡོ་ལེབ་ཀོར་མོ་གཉིས་སུ་འདུག་པ་མཐོང་བས་ན། ཁོ་མོ་ཞལ་སྐྱེངས་ཤིང་ཐུགས་ཁྲོས་ནས་དེ་གཉིས་ཉི་ཟླ་ཉག་ཁའི་གཞོགས་གཉིས་སུ་བསྒྲིལ་ཞིང་། ཀོང་ཇོས་དེར་གཟིགས་ནས་ཉི་ཟླ་གཉིས་ལྷན་དུ་མ་འཛོམས་བར་དུ་ང་རང་ཕ་ཡུལ་དུ་མི་ལོག་ཅེས་པའི་ཞལ་མནའ་བོར་བར་གྲགས་པས། མིང་ཡང་ཉི་ཟླ་ཉག་ཁ་རུ་ཐོགས་པར་བཤད་དོ། །
ངག་རྒྱུན་གཉིས་པ། བོད་རྒྱལ་སྲོང་བཙན་སྒམ་པོའི་རིང་ལ་བོད་མཛངས་མི་བདུན་གྱི་ཡ་གྱལ། བློན་ཆེན་མགར་སྟོང་བཙན་ཡུལ་སྲུང་གིས་རྒྱལ་པོའི་བཀའ་སྤྱི་བོའི་གཙུག་ཏུ་བཀུར་ནས་ཐང་རྒྱལ་རབས་ཀྱི་རྒྱལ་ས་ཁྲང་ཨན་ལ་གཉེན་སློང་དུ་ཕྱིན་ཏེ་གོང་མའི་སྲས་མོ་རྒྱལ་བཟའ་ཀོང་ཇོ་ཐབས་ཀྱིས་བོད་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོར་གདན་དྲངས། ཀོང་ཇོ་བོད་དུ་ཕེབས་ཁར། རྒྱ་ནག་རྒྱལ་པོ་ཡབ་ཡུམ་གཉིས་ཀྱིས་རང་གི་གཅེས་ཕྲུག་དཔྲལ་བའི་མིག་དང་ཁོང་གི་སྙིང་ལྟ་བུ་དེར་འབྲལ་མི་ཕོད་ཀྱང་བོད་ཀྱི་རྒྱལ་བློན་སྤྱི་དང་སྒོས་སུ་བློན་པོ་མགར་ལ་ཚིག་ཤོར་བའི་རྐྱེན་གྱིས་མི་འབྲལ་ཐབས་མེད་བྱུང་བས། རྒྱལ་པོ་མཛོད་ནས་གསེར་སྲང་མང་པོ་བླངས་ནས་མེ་ལོང་ཞིག་བརྡུངས་ཏེ་ཀོང་ཇོ་ལ་གནང་ཞིང་། ཡུལ་དང་ཕ་མ་དྲན་དུས་མེ་ལོང་དེར་གཟིགས་ན་ཡུལ་དང་ཕ་མའི་གནས་ཚུལ་གསལ་པོར་མཐོང་ཐུབ་པ་ཞིག་ཏུ་བྱིན་གྱིས་བརླབས་ཡོད་ཅེས་བསྒོས་པས། རྒྱ་བཟའ་ཀོང་ཇོས་མེ་ལོང་དེ་བསྣམས་ཏེ་འབངས་འཁོར་དང་བཅས་པ་བོད་ཡུལ་དུ་ཕེབས་པའི་ལམ་དུ་ཆས་ནའང་། བློན་པོ་མགར་ཁོང་ཉིད་རིག་པ་རྣོ་སྟབས་རྒྱ་ནག་རྒྱལ་པོས་སྲས་མོ་གཞན་ཞིག་གི་མག་པར་འཇོག་འདོད་ནས་བཙོན་དུ་བཀག་ཀྱང་། ཁོང་གིས་སླར་ཡང་བློ་རིག་སྤྱང་གྲུང་ལྡན་པའི་ཐབས་བཀོད་སྣ་ཚོགས་ལ་བརྟེན་ནས་བྲོས་ཤོར་བྱུང་སྟེ། ཨ་མ་ཟོ་དགུའི་འདབས་རོལ་ནས་རྒྱ་བཟའ་ཀོང་ཇོ་འཁོར་དང་བཅས་པའི་རྗེས་ཆོད་དེ། གནས་དེར་ཉིན་ཞག་འགར་ངལ་གསོ་གནང་རྗེས་སླར་ཡང་ལམ་དུ་ཆས་དུས་ཀོང་ཇོ་ཡུལ་དང་ཕ་མ་དྲན་པའི་དྲན་གདུང་གིས་གཟིར་ཏེ་མེ་ལོང་དུ་གཟིགས་པ་དང་། དེར་རྒྱལ་ས་ཁྲང་ཨན་དང་ཡབ་ཡུམ་འཁོར་འབངས་ཀྱི་གནས་ཚུལ་གསལ་པོར་མཐོང་བས། དྲན་པ་ལྷག་ཏུ་འཕེལ་ནས་ཉིན་ཞག་ཁ་ཤས་ལ་བསྟུད་མར་གཟིགས་ཤིང་ཟས་སྐོམ་ཅི་ཡང་མི་འདོད་པར་གྱུར་སྟབས། བློན་པོ་མགར་གྱིས་ཐབས་བཀོད་ཅིག་མ་འཐེན་ན་ཀོང་ཇོ་བོད་ཡུལ་དུ་གདན་འདྲེན་དཀའ་བར་དགོངས་ནས་ཀོང་ཇོ་གཉིད་པའི་སྐབས་དང་བསྟུན་ནས་གསེར་གྱི་མེ་ལོང་དེ་རྡོ་ལ་གསེར་བྱུགས་པ་ཞིག་ཏུ་བརྗེས། ཀོང་ཇོ་གཉིད་ལས་སད་དེ་སླར་ཡང་མེ་ལོང་དུ་གཟིགས་པ་ན་ཕ་ཡུལ་གྱི་གནས་ཚུལ་ཅི་ཡང་མ་མཐོང་བས། བློན་པོ་མདུན་ནས་བོས་ནས་རྒྱུ་མཚན་དྲིས་པས། བློན་པོའི་ཞལ་ནས་རྒྱ་ནག་གོང་མ་ཐུགས་རེ་ཆུང་། གསེར་གྱི་མེ་ལོང་ཞིག་གནང་བ་ལ་ཟླ་བ་ཁ་ཤས་ཀྱི་ཡུན་ཙམ་ནས་ནུས་མཐུ་མེད་པར་བྱིན་གྱིས་བརླབས། ད་ལྟ་ཁོང་ཚོས་ཀོང་ཇོ་བརྗེད་དེ་བཟའ་བཏུང་གླུ་གར་གྱི་དཔལ་ལ་རོལ་བཞིན་ཡོད་ངེས་ཞེས་ཞུས་པ་ན། ཀོང་ཇོ་ཤིན་ཏུ་སྐྱོ་ནས་ལག་གི་མེ་ལོང་དེ་ཤུགས་ཀྱིས་འཕངས་པ་དང་། ས་ལ་ལྷུང་ནས་དུམ་བུ་གཉིས་སུ་གས། ཉི་ཟླ་གཉིས་ལྷན་དུ་མ་འཛོམས་བར་དུ་ང་རང་ཕྱིར་རྒྱའི་ཡུལ་དུ་མི་ལོག་ཅེས་མནའ་བོར་བས་རྡོ་དེ་རི་བོ་འདི་གཉིས་སུ་གྱུར་པ་དང་། མིང་ལའང་རི་བོ་ཉི་ཟླ་ཞེས་མངོན་པར་གྲགས་པའོ། །
ཅང་སི་རྒྱལ་མཁར།
ཅང་སི་རྒྱལ་མཁར་གྱི་མཁར་ཤུལ་ནི་ཅང་སི་ཡུལ་ཚོ་སྲིད་གཞུང་གི་ཤར་ལྷོའི་ཕྱོགས་སུ་སྤྱི་ལེ ༡ ཙམ་གྱི་མཚམས་ན་ཡོད། བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་ངག་རྒྱུན་ལྟར་ན། གནའ་མཁར་འདི་ནི་སྲོང་བཙན་དུས་སུ་བོད་ཀྱི་དམག་དཔུང་གིས་མཚོ་སྔོན་པོའི་གསེར་ཆེན་རྫ་རྒྱུད་ཀྱི་ཉིན་སྲིབ་དང་། རིག་སྨོན་གཞོངས་ལ་སོགས་པའི་ས་ཁུལ་དུ། བོད་ཀྱི་རྒྱལ་པོའི་བཀའ་བཀོད་བཞིན་འཐབ་ཇུས་ཀྱི་དགོས་མཁོར་དམིགས་ནས་མཁར་རྫོང་མང་པོ་བརྩིགས་པའི་ཡ་གྱལ་ཞིག་ཡིན་པར་གྲགས་ཤིང་། འདི་ཅང་སའི་ས་ཐོག་ཏུ་ཡོད་པས་མིང་ཡང་དེ་སྐད་དུ་ཐོགས། །
དཀར་ལྡང་མཁར།
དཀར་ལྡང་མཁར་གྱི་མཁར་ཤུལ་ནི་རིག་སྨོན་གྲོང་རྡལ་སྲིད་གཞུང་གི་ནུབ་བྱང་སྟེ། དཀར་ལྡང་རྫ་རྒན་ནམ་དཀར་ལྡང་བསྟན་སྲུང་མཐོན་པོའི་འདབས་རོལ་དུ་ཡོད་པས་མིང་ཡང་དེ་སྐད་དུ་ཐོགས། མཁར་འདིའི་སྲིད་ལ་ཧ་ལམ་སྨི་༢༤༠ དང་། ཞེང་ལ་ཧ་ལམ་སྨི་༣༨༥ ཡོད། ཞིག་རལ་དུ་གྱུར་པའི་མཁར་གྱང་གི་མཐོ་ཚད་དང་མཐུག་ཚད་ལ་སོ་སོར་སྨི་༣ཙམ་བཅས་ཡོད། ངག་རྒྱུན་ལ། མཁར་འདི་ནི་སྔར་བཙན་པོའི་སྐབས་སུ་བོད་མདག་གིས་ཕྱོགས་འདིར་མཁར་རྫོང་དུ་མ་བརྩིགས་མྱོང་བར་བཤད་པའི་ནང་གི་གཅིག་ཡིན་པར་གྲགས། ཕྱིས་སུ་མང་ཆིང་སྲིད་གཞུང་གི་བློན་ཆེན་ན་ཡན་ཁྲིན་གྱིས་ཀྱང་མཁར་རྫོང་འདི་ཞིག་གསོ་བྱས་མྱོང་བར་བཤད། འདི་ནི་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་གྱི་སྲས་ཡིན།
ནག་རིལ་མཁར།
འདི་ནི་མཁར་ཤུལ་ཞིག་སྟེ། རིག་སྨོན་གྲོང་རྡལ་སྲིད་གཞུང་གི་བྱང་ཕྱོགས་ན་ཡོད། མཁར་འདིའི་ཕྱི་ངོས་ཀྱི་ཁ་དོག་ནག་ཤས་ཆེ་བས་མིང་ཡང་དེ་སྐད་དུ་ཐོགས། མཁར་འདིའི་ཤར་ནུབ་ཀྱི་རིང་ཚད་ལ་ཧ་ལམ་སྨི་༡༥༠དང་། ལྷོ་བྱང་གི་ཞེང་ཚད་ལ་ཧ་ལམ་སྨི་༡༢༥ཡོད་ཅིང་། མཁར་སྒོ་ནི་ཤར་ནུབ་གཉིས་སུ་བསྐོར་ཡོད། ཞིག་རལ་དུ་གྱུར་པའི་མཁར་གྱང་གི་མཐོ་ཚད་ལ་སྨི་༣དང་ཞེང་ཚད་ལ་སྨི་༢ཡོད། ངག་རྒྱུན་ལ། མཁར་འདི་ནི་སྔར་བོད་དམག་གིས་ཕྱོགས་འདིར་མཁར་རྫོང་དུ་མ་བརྩིགས་མྱོང་བར་བཤད་པའི་ནང་གི་གཅིག་ཡིན་པར་གྲགས།
ཆོས་ཚའི་མཁར་ཤུལ།
ཆོས་ཚའི་མཁར་ཤུལ་ནི་ཨིར་སྟི་ཡུལ་ཚོ་སྲིད་གཞུང་གི་བྱང་ཕྱོགས་ན་ཡོད་ཅིང་། འདི་ལས་རྡོའི་སེང་གེ་ལ་སོགས་པའི་རིག་རྫས་བུད་མྱོང་བར་བཤད། མཁར་ཤུལ་འདི་ཡོད་ས་ནི་ཆོས་ཚ་སྡེ་བའི་ནང་རོལ་ཡིན་པས་མིང་ཡང་དེ་སྐད་དུ་ཐོགས།
དཔལ་ཐལ་རྡོ་མཁར།
དཔལ་ཐུལ་རྡོ་མཁར་གྱི་མཁར་ཤུལ་ནི་ཐང་སྐར་མ་གྲོང་རྡལ་སྲིད་གཞུང་གི་བྱང་ཕྱོགས་ན་ཡོད། འདིའི་ཤར་ནས་ནུབ་ཏུ་སྨི་༡༢༠ དང་། ལྷོ་ནས་བྱང་དུ་སྨི་༡༢༠ཡོད། ངག་རྒྱུན་ལ། མཁར་རྫོང་འདི་ནི་སྔར་རྒྱལ་པོ་ཆུ་དཀར་མིག་ཅེས་པ་ཞིག་གིས་བརྩིགས་པར་གྲགས་ཤིང་། འདི་ནི་དཔའ་ཐུལ་རྫ་རྒན་གྱི་འདབས་རོལ་དུ་ཡོད་པས་མིང་ཡང་དེ་སྐད་དུ་ཐོགས།
ཆོས་རྗེ་རྒྱལ་མཁར།
ཆོས་རྗེ་རྒྱལ་མཁར་གྱི་མཁར་ཤུལ་ནི་མཁར་ཤུལ་གྲགས་ཅན་ཞིག་སྟེ། མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་ནུབ་ཕྱོགས་ཏེ་སྤྲེལ་ནག་ཡུལ་ཚོ་སྲིད་གཞུང་གི་ནུབ་བྱང་ཕྱོགས་སུ་སྤྱི་ལེ ༥ ཡས་མས་ཀྱི་མཚམས་ན་ཡོད། ལོ་རྒྱུས་ཀྱི་ཡིག་ཚང་དུ་བཀོད་པ་ལྟར་ན། མཁར་འདི་ནི། སྒ་རིགས་འ་ཞ་བའི་རྒྱལ་རབས་བཅོ་བརྒྱད་པ་མཁའ་ལུས་ཞེས་པས། སྤྱི་ལོ ༥༤༠ པར་བཀའ་ཕབ་ནས་བརྩིགས་པ་ཞིག་ཡིན་ལ། ཁོང་རང་འ་ཞའི་རྒྱལ་པོ་བཞུགས་སའང་འདི་ཡིན། མཁར་འདི་ལ་ཕྱི་རིམ་ནང་རིམ་གཉིས་ཡོད་ཅིང་། ཕྱི་མཁར་གྱི་གླིང་རེར་སྨི་༢༠༠ཡས་མས་ཡོད། འདིའི་བྱང་གི་མཁར་གྱང་ནི། ཆོས་རྗེ་ཆུས་བསྣུབས་ཟིན་པས། ད་ལྟ་མཁར་ཤུལ་གསལ་པོར་མི་མངོན། ནང་མཁར་གྱི་གླིང་རེར་སྨི་༡༥༠ཡས་མས་ཡོད། མཁར་འདིའི་ནང་ཕྱོགས་ཀྱི་ནུབ་ངོས་སུ་རྒྱལ་པོའི་ཕོ་བྲང་གི་བཞེངས་ཤུལ་ཡོད། མཁར་གྱང་གི་མཐོ་ཚད་ལ་སྨི་༩ཡས་མས་དང་ཞེང་ཚད་ལ་སྨི་༦ཡས་མས་ཡོད། མཁར་སྒོ་ཤར་ཕྱོགས་སུ་བསྐོར་ཡོད། མཁར་ཤུལ་འདི་ཡོད་ས་ནི་ཆོས་རྗེ་ཐང་ཡིན་གཤིས་མིང་ཡང་དེ་སྐད་དུ་ཐོགས་ཤིང་། ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་གྱི་གྲས་སུ་གཏོགས།
ཁྲི་ཀའི་གནའ་མཁར།
ཁྲི་ཀའི་གནའ་མཁར་གྱི་མཁར་ཤུལ་ནི་རྨ་སྲིབ་གྲོང་རྡལ་གྱི་བྱང་རྒྱུད་དེ། རྨ་ཆུ་དང་བར་ཐག་སྨི་༥༠༠ཙམ་གྱི་མཚམས་ན་ཡོད། མཁར་འདི་ནི་མིང་རྒྱལ་རབས་ཀྱི་གོང་མ་མིང་ཐའེ་ཙུའུ་ཀྲུའུ་ཡོན་ཀྲང་་་་་གི་ཧུང་ཝུའུ་ཁྲི་ལོ་བདུན་པ་ནས་བཅུ་གསུམ་གྱི་བར་ཏེ། སྤྱི་ལོ་༡༣༧༤ནས་༡༣༨༠སྐབས་སུ་བསྐྲུན་པ་ཞིག་ཡིན་ཞིང་། མིང་རྒྱལ་རབས་ཀྱི་གོང་མ་མིང་ཧྲིན་ཙུང་གི་ཝན་ལི་ཁྲི་ལོ་བཅོ་བརྒྱད་པར་(སྤྱི་ལོ ༡༥༩༠)མཁར་འདིའི་གྲུབ་ཆ་ཁག་ཅིག་གསར་དུ་བསྐྲུན་པ་ནས་བཟུང་སྟེ། ཆིང་རྒྱལ་རབས་ཀྱི་གོང་མ་ཆིང་མུའུ་ཙུང་གི་ཐུང་ཀྲི་ཁྲི་ལོ་དང་པོ་(སྤྱི་ལོ༡༨༦༢)དང་། ཀྲུང་ཧྭ་མིན་གོའི་སྲིད་ལོ་བརྒྱད་པ་(སྤྱི་ལོ ༡༩༡༩)ཀྲུང་ཧྭ་མིན་གོའོ་སྲིད་ལོ་བཅོ་བརྒྱད་པའི་(སྤྱི་ལོ ༡༩༢༩)བར་དུ་སྔ་ཕྱིར་ཐེངས་གསུམ་ལ་ཞིག་གསོ་བྱས་མྱོང་། མཁར་ཧྲིལ་པོའི་ཆགས་དབྱིབས་གྲུ་བཞིར་སྣང་ཞིང་། མཐའ་སྐོར་གྱི་རིང་ཚད་ལ་སྨི་༢༢༧༨དང་། མཐོ་ཚད་ལ་སྨི་༡༡་༧མཁར་རྟིང་གི་ཞེང་ཚད་ལ་སྨི་༩་༣མཁར་ཁའི་ཞེང་ཚད་ལ་སྨི་༤མདའ་ཡབ་ཀྱི་རིང་ཚད་ལ་སྨི་༡་༧་མཁར་ཁར་མདའ་ར་༣༢བཅས་ཡོད། མཁར་མཐའ་རུ་གཏིང་ཚད་ལ་སྨི་༥དང་། ཞེང་ཚད་ལ་སྨི་༡༠་༧ཅན་གྱི་དགྲ་འགོག་འོབས་དོང་ཡོད། ལྷོ་བྱང་གཉིས་སུ་མཁར་སྒོར་བཏོད་ཡོད། བཤད་ཚུལ་ལ་འདི་ནི་མིང་རྒྱལ་རབས་ཀྱི་དུས་འགོར་འཁྲུག་ལོང་ཧ་ཅང་རྒོད་པའི་དུས་སྐབས་སྐབས་ཀྱི་འགོག་སྲུང་གི་རང་བཞིན་ཆེས་ཆེར་ལྡན་པའི་དམག་དོན་གྱི་བཟོ་བཀོད་ཅིག་ཡིན་སྐད།
ལོ་རྒྱུས་ཡིག་ཚང་ཁག་ལས་གསལ་བ་ལྟར་ན། གནའ་མཁར་འདི་བསྐྲུན་ནས་ད་ལྟའི་བར་མི་ལོ་དྲུག་བརྒྱ་ལྷག་འགོར་ཡོད་ཀྱང་། མཁར་གྱང་རྣམས་ཕལ་ཆེར་རང་སོར་གནས་ཡོད་པ་དང་། མཁར་གྱང་ནང་རོལ་གྱི་བཟོ་བཀོད་ཀྱང་མིང་རྒྱལ་རབས་ཀྱི་གོང་མ་མིང་ཧྲིན་ཙུང་གི་ཝན་ལི་ཁྲི་ལོ་བཅོ་བརྒྱད་པར་(སྤྱི་ལོ༡༥༩༠)ཐོག་མར་བསྐྲུན་འགོ་བརྩམས་པ་ནས། དུས་ཕྱིས་ཀྱི་ཆིང་རྒྱལ་རབས་ཀྱི་གོང་མ་ཏའོ་ཀོང་དང་ཀོང་ཞུའི་སྐབས་སུ་མུ་མཐུད་དུ་རྒྱ་བསྐྱེད་ཞིག་གསོ་བགྱིས་ཏེ་ད་ལྟའི་གཞི་ཁྱོན་འདི་ལྟ་བུ་ཞིག་ཏུ་ཆགས་གྲུབ་བྱུང་བ་ཞིག་སྟེ། གནའ་མཁར་ཧྲིལ་པོའི་རྒྱ་ཁྱོན་ལ་ས་མུའུ་༦༡ཡོད་ཅིང་། དེའི་ནང་གི་བཟོ་བཀོད་ཀྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་༤༩༡༥ཡོད། ༡༩༥༨ལོར་འགྲོ་ལམ་རྒྱ་བསྐྱེད་པའི་ཆེད་དུ་གནའ་མཁར་གྱི་ལྷོ་སྒོ་དང་མཁར་སྒོའི་ལྕོག་ཁང་སོགས་མེད་པར་བཟོས་ཟིན་ན་ཡང་། ད་སྐབས་ལྷོ་ངོས་ཀྱི་མཁར་གྱང་ཞིག་རལ་དུ་སོང་འདུག་པ་ལས། ཕྱོགས་གཞན་རྣམས་ལ་ཞིག་སྐྱོན་མ་བྱུང་བར་རང་སོར་གནས་ཡོད་ཅིང་། ༢༠༠༡ལོར་འདི་དང་མི་ཉག་དགུ་ཐོག་གིས་ཐོག་དྲངས་པའི་གནའ་བོའི་བཟོ་བཀོར་སྐོར་ཞིག་རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་གྱི་གྲས་སུ་བཞག་ཡོད། བཤད་ཚུལ་གཞན་ཞིག་ལ། ཁྲི་ཀའི་གནའ་མཁར་འདི་ནི་མིང་རྒྱལ་རབས་ཀྱི་དུས་འགོར་བཞེངས་པའི་མཚོ་སྔོན་གྱི་རྨ་ཆུ་དང་ཙོང་ཚུ་འདྲེས་ཁུལ་གྱི་སྲུང་མཁར་གསུམ་ཡོད་པའི་ནང་གི་གཅིག་ཡིན་ལ། གནའ་མཁར་གཞན་གཉིས་ནི་སོ་སོར་ཟི་ལིང་དང་གྲོ་ཚང་ས་ཆར་ཡོད་པར་གྲགས་ཀྱང་རྐྱེན་དབང་གིས་ད་ལྟ་ཡོངས་སུ་འཇིག་ཟིན་པས། གོང་གསལ་གནའ་བོའི་སྲུང་མཁར་གསུམ་ལས་སྲུང་སྐྱོབ་བྱས་པ་ཅུང་བཟང་བ་ནི་ཁྲི་ཀའི་གནའ་མཁར་འདི་ཡིན་ཞིང་། གནའ་མཁར་འདི་གནའ་རབས་དམག་དོན་གྱི་སྒྲིག་གཞི་དང་འཐབ་ཇུས་བཅས་ལ་ཞིབ་འཇུག་བྱེད་པར་དོན་སྙིང་གལ་ཆེན་ལྡན་པའི་ཁར། ར་སྤྲོད་བྱུང་བ་ལྟར་ན། གནའ་མཁར་འདི་ནི་མཚོ་སྔོན་ཁོ་ན་ཙམ་དུ་མ་ཟད་ནུབ་བྱང་ས་ཆར་མཚོན་ན་ཡང་སྲུང་སྐྱོབ་བྱས་པ་ཆེས་བཟང་བའི་གནའ་མཁར་གྲས་ཀྱི་གཅིག་ཡིན་པར་གྲགས་སོ།།
མཛོ་མོ་རི་རྫོང་མཁར།
(ཀ་རིང་གནའ་མཁར།)མཛོ་མོ་རི་རྫོང་མཁར་ནི་གནའ་བོའི་མཁར་ཤུལ་ཞིག་སྟེ། ཀ་རིང་ཡུལ་ཚོ་སྲིད་གཞུང་གི་གནས་ཡུལ་ཏེ། ཀ་རིང་ཞོལ་མ་སྡེ་བའི་གྲམ་པའི་ནུབ་ངོས་ཀྱི་ཐེམ་ཐོག་ཏུ་ཆགས་ཡོད། དབྱིབས་ནི་གྲུ་བཞི་སྣ་རིང་ཞིག་ཡིན། འདིའི་ལྷོ་བྱང་གི་རིང་ཚད་ལ་སྨི་༢༨༨དང་ཤར་ནུབ་ཀྱི་ཞེང་ཚད་ལ་སྨི་༡༤༠ཡོད། མཁར་རྟིང་གི་ཞེང་ཚད་ལ་སྨི་༡༠དང་མཁར་ཁའི་ཞེང་ཚང་ལ་སྨི་༥ཡོད། ད་ལྟ་མཁར་གྱང་ལ་ཞིག་སྐྱོན་ཆེན་པོ་བྱང་ནས་ཕལ་ཆེར་ཞིག་རལ་དུ་སོང་ཡོད་ན་ཡང་ཐོག་མའི་རྣམ་པ་ད་དུང་གསལ་པོར་མཐོང་ཐུབ། རྒྱའི་ལོ་རྒྱུས་ཡིག་ཚང་དུ་བཀོད་པ་ལྟར་ན། གནའ་མཁར་འདི་ནི་ཐོག་མར་ཧན་རྒྱལ་རབས་ཀྱི་སྐབས་སུ་བརྩིགས་པར་གྲགས་མོད། ངག་རྒྱུན་ལ། མཁར་འདི་ནི་ཧོར་སྡིག་གཅོད་ཤན་པ་རྨེ་རུ་རྩེའི་སྐུ་མཁར་མཛོ་མོ་རི་རྫོང་སྟེ་སྔོན་དུས་གེ་སར་རྒྱལ་པོས་རྫུ་འཕྲུལ་གྱིས་མཁར་འདིའི་ཁ་གཏད་ཀྱི་རི་རྩེ་ཞིག་བཅད་ནས་མཁར་འདིའི་ལྷོ་ངོས་མཁར་གྱང་གི་ཟུར་གཅིག་བཤིགས་པར་བརྟེན། ད་ལྟ་ལྷོ་ངོས་ཀྱི་མཁར་ཤུལ་དུ་ས་དམར་སྤུངས་ཐོ་ཞིག་ཡོད་དོན་ནི་དེ་ཡིན་ཟེར་ལ།་ཁ་གཏད་ཀྱི་རི་དེའི་མགོ་ནི་མིས་ཆེད་དུ་བཞར་བ་དང་འདྲ་བ་ཞིག་ཡིན་དོན་ཡང་དེ་རེད་ཟེར།
བཤད་ཚུལ་ལ་ཀ་རིང་ས་ཆ་འདི་སྔོན་ཆད་ཧོར་གྱི་ས་ཆ་ཡིན ཞིང་ཧོར་གླིང་གཉིས་ཀྱིས་ཡུལ་འདིར་དམག་འཁྲུག་མང་པོ་བརྒྱབ་མྱོང་། ས་འདིའི་སྟོད་སྨད་ཀུན་ཏུ་གེ་སར་གྱི་སྒྲུང་དང་འབྲེལ་བ་ཡོད་པའི་ས་མིང་མི་ཉུང་བ་ཞིག་ཡོད་དེ། བྲག་དམར་རྟ་ཕུར་དང་། གེ་སར་རྟ་འགྱེལ། འབྲུག་མོའི་སྦྲ། འབྲུག་མོའི་ཕུར་རྡེབ། འབྲུག་མོའི་མར་སྒམ། སྐྱ་བདུན་ནང་། ཧོར་རྒྱལ་རྟ་ར། ཁྲག་བཀྱམ་ཐང་། ཧོར་བསྐྱངས་ལུང་པ་ཟེར་བ་ལྟ་བུའི་ས་མིང་མང་པོ་ཡོད་པར་མ་ཟད། ས་མིང་དེ་རེ་རེ་ལའང་གེ་སར་སྒྲུང་དང་འབྲེལ་བའི་ངག་རྒྱུན་ངོ་མཚར་བ་མང་པོ་བཤད་རྒྱུ་ཡོད། དཔེར་ན། བྲག་དམར་རྟ་ཕུར་ནི་འཛམ་གླིང་གེ་སར་རྒྱལ་པོ་ཧོར་འདུལ་དུ་ཕེབས་དུས། ཁོང་གི་ཆིབས་པ་རྟ་ཕོ་རྐྱང་རྒོད་གཡེར་བ་བྲག་དམར་ཁེར་སྐྱེས་འདི་ལ་བཏགས་ནས་གནས་འདི་རུ་ཐུགས་ངལ་གསོས་པར་གྲགས་པས་མིང་ལའང་དེ་སྐད་དུ་ཐོགས་པར་བཤད་པ་དང་། སྐྱ་མདུན་ནང་ཞེས་པའི་ལུང་པ་འདིའི་ནང་དུ་མིས་ཆེད་དུ་བསྟར་ཆགས་སུ་བསྒྲིགས་པ་ལྟ་བུའི་ཕ་བོང་བདུན་ཡོད་པ། ཧོར་གླིང་གཡུལ་འགྱེད་ཀྱི་སྐབས་སུ་གླིང་གི་དཔའ་ཆེན་ཁྲོད་ཀྱི་སྐྱ་མི་བདིན་ཕ་བོང་དེ་དག་ཏུ་ཐིམ་པར་གྲགས་པས་མིང་ཡང་དེ་སྐད་དུ་ཐོགས་པར་བཤད། ཁྲག་བཀྱམ(བཀྲམ)ཐང་ཞེས་པའི་ས་འདི་ནི་ངག་རྒྱུན་ལྟར་ན་ཧོར་གླིང་གཡུལ་འགྱེད་སྐབས་སུ་ཧོར་དམག་མང་པོ་བསད་པའི་ཁྲག་རྒྱུན་ཐང་ཁུག་ཧྲིལ་པོར་བཀྲམ་པས་མིང་དེ་ལྟར་ཐོགས་ཤིང་། ཧོར་བསྐྱངས་པ་ལུང་པ་ལྟ་བུར་མཚོན་ན་ཡང་ངག་རྒྱུན་ལ་ཧོར་གླིང་གཉིས་ཀྱིས་གཡུལ་བཀྱེས་སྐབས། ཧོར་དམག་རྣམས་གཡུལ་ལས་ཕམ་རྗེས་ལུང་པ་འདི་བརྒྱུད་ནས་བྲོས་པས་མིང་ཡང་དེ་ལྟར་ཐོགས་ཟེར་ཞིང་དཀར་བརྗིད་སྔགས་ཁང་གི་གནས་འདི་ནི་སྔོན་ཆད་ཤན་པ་རྨེ་རུ་རྩེ་མཚམས་ལ་བཞུགས་སའི་མཚམས་ཁང་གི་ཤུལ་ཡིན་པ་དང་། སྔགས་ཁང་གི་རྒྱབ་རི་གཉན་པོ་སྟོབས་ལྡན་ཞེས་པ་དེ་སྔོན་ཆད་ཧོར་གྱི་བླ་རི་ཡིན་པར་བཤད་དོ། །
གཙང་དགེ་གནའ་མཁར།
གཙང་དགེ་གནའ་མཁར་ནི་གནའ་བོའི་རིག་གནས་ཀྱི་རྗེས་ཤུལ་ཞིག་སྟེ། ཀབ་རོན་གཞུང་ཡུལ་ཚོ་སྲིད་གཞུང་གི་ལྷོ་ཕྱོགས་སུ་ཕལ་ཆེར་སྤྱི་ལེ་༡༠ཡི་མཚམས་ཀྱི་གཙང་དགེ་སྡེ་བའི་ས་ཐོག་ཏུ་ཡོད་ཅིང་། འདི་ནས་བྱང་ཕྱོགས་སུ་ཁྲི་ཀའི་རྫོང་མཁར་བར་དུ་སྤྱི་ལེ་༤༥ཡོད། གནའ་མཁར་འདིའི་ཤར་ཕྱོགས་མཐའ་བ་གྲམ་པ་དང་འབྲེལ་ཞིང་། ལྷོ་རྒྱབ་རི་བོ་མཐོན་པོར་གཏད་ཡོད། ནུབ་ངོས་མོ་ཆུས་བཅད་དེ་བེའུ་ལ་སྒང་དང་འབྲེལ་ཡོད། གནའ་མཁར་འདི་ནི་ལྷོ་རིའི་འདབས་སུ་དབྱིབས་ཟུར་གསུམ་ཅན་གྱི་ཐེམ་སྟེགས་ཤིག་གི་སྟེང་དུ་ཆགས་ཡོད་ཅིང་། མཁར་གྱང་གི་ལྷོ་བྱང་གི་རིང་ཚད་ལ་ཕལ་ཆེར་སྨི་༨༦༠༠དང་། ཤར་ནུབ་ཀྱི་ཞེད་ཚད་ལ་སྨི་༣ཡོད། མཁར་ནང་ནས་རྫ་ཆས་ཆག་རོ་དང་རྡོ་ཆས་སོགས་རིག་དངོས་དངོས་བུད་མྱོང་ཞིང་། ཡུལ་དེའི་མང་ཚོགས་ཀྱིས་བཤད་ན་མཁར་འདིའི་ནང་ནས་ད་དུང་གནའ་བོའི་མཚོན་ཆ་དང་། ཁྲབ་རྨོག ཐོང་ལྕགས་སོགས་ཀྱང་བུད་མྱོང་ཟེར། ད་ལྟ་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་གྱི་གྲས་སུ་བཞག་ཡོད།
གཙང་དགེ་གནའ་མཁར་འདི་ནམ་བཞེངས་ཀྱི་ལོ་ཚིགས་ལ་ད་ལྟའི་བར་གཅིག་མཐུན་གྱི་བཤད་ཚུལ་ཞིག་མེད་པས། གཤམ་དུ་དེའི་སྐོར་ཅུང་ཙམ་གླེང་བར་བྱ་སྟེ།རྒྱའི་གནའ་རབས་ཀྱི་ལོ་རྒྱུས་ཡིག་ཚང་<<སྲིད་སྐྱོང་མེ་ལོང་>>སོགས་སུ་བཀོད་པ་ལྟར་ན། ཐང་རྒྱལ་རབས་ཀྱི་ཐེན་པའོ་ཁྲི་ལོ་བཅུ་གསུམ་པ་སྟེ་སྤྱི་ལོ་༧༥༤ལ་ལུང་ཡིའུ་ས་ཆའི་དྲག་དཔུང་སྤྱི་ཁྱབ་ཀེ་ཧྲུའུ་ཧན་[1]()གྱིས་རྨ་ཆུའི་འབབ་རྒྱུད་ཀྱི་ཡུལ་གྲུ་མང་པོ་ཞིག་ཕྱིར་བླངས་ཏེ། རྨ་ཆུའི་ལྷོ་ཕྱོགས་སུ་ཅའོ་ཧོ་ཀྱུན་(རྒྱ་སྐད་དུ “”ཟེར་ཞིངད་ད་ལྟའི་ཁྲི་ཀ་རྫོང་གི་མཁའ་ཁོངས་སུ་ཡོད་པར་བཤད། )བརྩིགས་ཤིང་ཝན་ཞིའུ་ཅུན་[2]()སོགས་བཙུགས་ནས་བོད་དམག་འགོག་རྒོལ་བྱས་པར་གྲགས།
རྒྱུ་མཚན་འདི་ལ་ཁུངས་བཅོལ་ནས་ཁ་ཅིག་གིས། མཁར་འདི་ནི་ཐང་རྒྱལ་རབས་སྐབས་ཀྱི་རྒྱའི་དམག་དཔོན་ཆེན་པོ་ཀེ་ཧྲུའུ་ཧན་གྱི་ཝན་ཞིའུ་དམག་དཔུང་གི་དམག་སྒར་བཙུགས་པའི་ཤུལ་དུ་ངོས་འཛིན་བཞིན་ཡོད། ཡིན་ན་ཡང་། ལ་ལས་ལོ་རྒྱུས་ཡིག་ཚང་གཞན་ལ་ཁུངས་གཏུག་ཅི་ཐུབ་བྱས་ཏེ། འདི་དང་ཀ་རིང་ཡུལ་ཚོ་སྲིད་གཞུང་གི་མཛོ་མོ་རི་རྫོང་ངམ་ཀ་རིང་གནའ་མཁར་()གཉིས་ནི་ཧན་རྒྱལ་རབས་ཀྱི་སྐབས་སུ་ཕལ་ཆེར་དུས་སྐབས་གཅིག་གི་ནང་ལ་བརྩིགས་པར་འདོད་པ་དང་། དེ་ཡང་<<ཧན་རྒྱལ་རབས་ཕྱི་མའི་ནུབ་ཆཱང་གི་ལོ་རྒྱུས>>གསལ་བ་ལྟར་ན། གནའ་མཁར་འདི་ཉིད་ཧན་རྒྱལ་རབས་ཤར་མའི་ཡོན་ཧོ་ཁྲི་ལོ་གསུམ་པ་སྟེ་སྤྱི་ལོ་༨༦གི་ཡར་སྔོན་དུ་ཡོད་པ་གསལ་ཞིང་། རྒྱའི་ལོ་རྒྱུས་དེབ་ཐེར་ནང་དུ་ཅན་ཝེ་མཁར་()ཞེས་བཀོད་ཡོད། དུས་མཚུངས་སུ། <<ཆུ་མདོའི་བརྡ་འགྲེལ>><<>>ལས་གནའ་མཁར་འདི་གཉིས་ཀྱི་གནས་ཡུལ་ངོ་སྤྲོད་བྱེད་སྐབས། གཙང་དགེ་གནའ་མཁར་ནི་ཁྲི་ཀའི་རྨ་ཆུའི་ལྷོ་འགྲམ་གྱི་གོང་རོལ་དུ་ཡོད་ཅིང་། ཀ་རིང་གནའ་མཁར་ནི་ཁྲི་ཀའི་རྨ་ཆུའི་བྱང་འགྲམ་དུ་ཡོད་ཅེས་གསུངས་པ་དེ་ད་ལྟའི་གནའ་མཁར་གནའ་མཁར་འདི་གཉིས་ཀྱི་གནས་ཡུལ་དང་ཡོངས་སུ་མཐུན་པར་མ་ཟད། ཐང་རྒྱལ་རབས་ཀྱི་ཡོན་ཧོ་ཁྲི་ལོའི་སྐབས་སུ་བརྩམས་པའི་ལོ་རྒྱུས་ཡིག་ཚང(<<>>་སྤྱི་ལོ་༨༠༦ནས་སྤྱི་ལོ༨༢༠བར་བརྩམས།)ནང་དུ་ཝན་ཞིའུ་དམག་དཔུང་གི་བཅའ་སྡོད་གནས་ཡུལ་མཚམས་སྦྱོར་བྱེད་སྐབས། ཝན་ཞིའུ་དམག་དཔུང་དེ་སྐབས་དེར་ད་ལྟའི་ཁྲི་ཀ་རྫོང་མཁར་གྱུ་ནུབ་ཕྱོགས་སུ་སྤྱི་ལེ་༤༠ཙམ་གྱིས་ཆོད་པའི་ཝན་སུའུ་མཁར་<<>>ན་ཡོད་ཅེས་བཀོད་འདུག་པར་གཞིགས་ན་ཡང་། གནས་དེ་ནི་ད་ལྟའི་ཁྲི་ཀ་རྫོང་གི་ནུབ་ཕྱོགས་སུ་སྤྱི་ལེ་༤༠ཙམ་འདས་པའི་ཀོས་ནན་རྫོང་(མང་ར་རྫོང་)གི་བྱ་མདོ་ཡུལ་ཚོའི་ཕྱོགས་ཤིག་ཡིན་དགོས་པ་ལས། གཙང་དགེ་གནའ་མཁར་ཡིན་མི་སྲིད་པར་འདོད་དེ། གཙང་དགེ་གནའ་མཁར་ནི་ཁྲི་ཀ་རྫོང་མཁར་གྱི་ལྷོ་ཕྱོགས་ཀྱི་སྤྱི་ལེ་༤༠ལྷག་གི་མཚམས་ན་ཡོད་པས། གལ་སྲིད་གཙང་དགེ་གནའ་མཁར་འདི་ཐང་རྒྱལ་རབས་སྐབས་ཀྱི་ཝན་ཞིའི་དམག་དཔུང་གི་གནས་གཞིར་ངོས་བཟུང་ན་ལོ་རྒྱུས་ཡིག་ཚང་ནང་བཀོད་པའི་ཕྱོགས་མཚམས་དང་འགལ་བ་ཡོད་པ་སོགས་ཀྱི་རྒྱུ་མཚན་དྲངས་ནས། གཙང་དགེ་གནའ་མཁར་འདི་ནི་ཧན་རྒྱལ་གྱི་དུས་སུ་བཞེངས་པའི་ཅན་ཝེ་མཁར་<<>>ཞེས་པ་དེ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་དོ། །
དེ་ལྟར་གནའ་མཁར་འདི་ནམ་བཞེངས་ཀྱི་ལོ་ཚིགས་དང་དེ་འབྲེལ་གྱི་ལོ་རྒྱུས་སོགས་ལ་བཤད་ཚུལ་འདྲ་མིན་ཅི་རིགས་མཆིས་ན་ཡང་། འདི་དང་ཀ་རིང་གནའ་མཁར་ལ་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་ནི། འདི་གཉིས་ཀའང་དམག་འཁྲུག་གི་མེ་ལྕེ་འུར་འུར་དུ་མཆེད་པའི་འདས་པའི་ལོ་རྒྱུས་ཀྱི་དུས་རབས་དེ་དག་གི་ནང་དུ་བྱུང་བ་ཞིག་ཡིན་པར་མ་ཟད། གནས་ཡུལ་གྱི་ཆ་ནས་བཤད་ན་ཡང་། རྒྱབ་ཕྱོགས་སུ་གཡང་གཟར་བའི་རི་བོ་མཐོན་པོར་བརྟེན་ཡོད་པ་དང་། གཡས་གཡོན་དང་མདུན་ཕྱོགས་ནི་ལུང་གཞུང་ཟབ་མོར་ཁ་གཏད་ཡོད་པས། མཐོངས་ཡངས་ཤིང་ཕྱོགས་སོ་སོ་ནས་དགྲ་ཚུར་ཡོང་ལ་སོ་ལྟ་དང་ཕར་རྒོལ་དྲག་པོ་བྱེད་ཐུབ་པའི་དམག་དོན་གྱི་རྟེན་གཞི་གལ་ཆེན་ཞིག་ཏུ་གྲུབ་ཡོད་པ་དེ་ཡིན་ཞིང་། དེའི་ཞོར་ལ་ཁྲི་ཀ་གསེར་མོ་ལྗོངས་སུ་གྲགས་པའི་ཡུལ་གྲུ་འདི་ནི་གནའ་སྔ་མོ་ཞིག་ནས་བཟུང་སྟེ་གཡུལ་འབྱེད་མཁན་པོ་དག་གི་རྩོད་གཞིར་གྱུར་པའི་འཐབ་ཇུས་ཀྱི་གཡུལ་ས་གནད་ཆེན་ཞིག་ཡིན་པའང་བློ་ངོར་ངང་ངམ་ཤུགས་ཀྱིས་འཆར་ནུས་སོ། །
དཀར་བརྗིད་ཞིང་རྒན།
དཀར་བརྗིད་ཞིང་རྒན་ནི་གནའ་བོའི་རིག་གནས་ཀྱི་རྗེས་ཤུལ་ཞིག་སྟེ། ལ་ཟེ་བ་གྲོང་རྡལ་སྲིད་གཞུང་གི་ཤར་ལྷོའི་ཕྱོགས་སུ་ཧ་ལམ་སྤྱི་ལེ་༣གྱི་མཚམས་ན་ཡོད། གནས་འདི་ནས་དེ་སྔ་ཚོན་ལྡན་རྫ་ཆས་ཆག་རོ་དང་མདོག་མེད་རྫ་ཆས་ཆག་རོ་སོགས་རྡོ་ཆས་གསར་པའི་དུས་རབས་ཀྱི་རིག་རྫས་མང་པོ་བུད་མྱོང་བ་དང་། གནའ་བོའི་རིག་རྫས་དེ་དག་བུད་སའི་བྱེ་བྲག་གི་ས་མིག་ནི། སྔོན་དུས་དཀར་བརྗིད་ཞིང་རྒན་དུ་གྲགས་པ་སྟེ། དཀར་བརྗིད་དཔོན་ཚང་གི་ཞིང་ཁ་ཆེན་པོ་ཞིག་ཡོད་པའི་ས་ཆ་དེ་ཡིན་པས་མིང་ཡང་དེ་སྐད་དུ་བཏགས། འདི་ནི་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་བྱ་ཡུལ་དུ་གྱུར་ཡོད།
ཕོ་རོག་ཚང་སྣ།
ཕོ་རོག་ཚང་སྣ་ནི་གནའ་བོའི་རིག་གནས་ཀྱི་རྗེས་ཤུལ་ཞིག་སྟེ། ཆུ་ཤར་ཡུལ་ཚོ་སྲིད་གཞུང་གི་བྱང་ཕྱོགས་སུ་སྤྱི་ལེ་༢ལྷག་གི་མཚམས་ན་ཡོད། གནའ་ཤུལ་བརྟག་དཔྱད་མཁས་པ་དག་གིས་དཔྱད་འཇོག་བྱས་པ་ལྟར་ན། གནས་འདི་ནི་ལི་ཆས་སྤྱོད་པའི་དུས་རབས་ཀྱི་ཁ་འོག་རིག་གནས་ཀྱི་རྗེས་ཤུལ་ཞིག་ཡིན་པར་བཤད། དེ་ཡང་ས་འདི་གར་རྫ་བུམ་སོགས་གནའ་བོའི་ཤུལ་རྫས་མོད་པོ་བུད་མྱོང་བས་ན། འདི་ནི་ཞིང་ཆེན་རིམ་པའི་གནའ་ཤུལ་སྲུང་སྐྱོབ་བྱ་ཡུལ་གྱི་གྲས་སུ་ཚུད་ཡོད་ཅིང་། འདིར་གདོང་སྣ་ཞིག་ཡོད་པ་དེའི་བྲག་ཐེམ་དུ་བྱ་ཕོ་རོག་གི་ཚང་ཡོད་པས་མིང་ཡང་དེ་ལྟར་ཐོགས།
མཁར་ནག
མཁར་ནག་མཁར་ཤུལ་ནི་ཀ་རིང་ཡུལ་ཚོ་སྲིད་གཞུང་གི་ནུབ་ཕྱོགས་སུ་ཕལ་ཆེར་སྤྱི་ལེ་༡༥ཡི་མཚམས་ན་ཡོད། དབྱིབས་ནི་གྲུ་བཞི་ཡིན་ཞིང་གླིང་གཅིག་གི་རིང་ཚད་ལ་སྨི་༥༦དང་། མཁར་གྱང་གི་མཐོ་ཚད་ལ་སྨི༥གྱང་རྟིང་གི་ཞེང་ཚད་ལ་སྨི་༢གྱང་ཁའི་ཞེང་ཚད་ལ་སྨི་༠།༣༥བཅས་ཡོད། ཁ་ཅིག་གིས་ཧོར་གླིང་གཡུལ་འགྱེད་དུས་སྐབས་ཀྱི་དམག་མཁར་ཞིག་གི་ཤུལ་ཡིན་པར་བཤད་པ་དང་། ཡང་ཁ་ཅིག་གིས་ཀ་རིང་སྟོད་དཔོན་གྱི་གཞིས་རྙིང་ཡིན་པར་བཤད། མཁར་གྱང་གི་ས་མདོག་གི་སྒོ་ནས་མིང་ལའང་དེ་སྐད་དུ་ཐོགས།
གཡུ་ཚའི་མཁར་ཐོག
གཡུ་ཚའི་མཁར་ཐོག་ནི་ཀ་རིང་ཡུལ་ཚོ་སྲིད་གཞུང་གི་ནུབ་ཕྱོགས་སུ་སྤྱི་ལེ་༡༠ལྷག་གི་མཚམས་ན་ཡོད། ཆིང་རྒྱལ་རབས་ཀྱི་གོང་མ་ཆིང་གོ་ཙུང་གི་ཆན་ལུང་ཁྲི་ལོ་དྲུག་པར་མཁར་འདི་བསྐྲུན་པར་མགོ་བརྩམས་ཏེ། ཆན་ལུང་ཁྲི་ལོ་བཅོ་བརྒྱད་པར་ཡོངས་སུ་གྲུབ་པར་བཤད། དབྱིབས་ནི་གྲུ་བཞི་མ་ཡིན་ཞིང་མཐའ་སྐོར་ལ་སྨི་༡༡༧ཡོད། མཁར་འདིའི་གྱང་རྟིང་ལ་སྨི༤།༦དང་གྱང་ཁར་སྨི་༢།༤ཡོད།རྒྱ་ཁྱོན་ལ་ཧ་ལམ་སྨི་གྲུ་བཞི་མ་༥༠༠ཡོད། ད་ལྟ་མཁར་འདིའི་ནུབ་བྱང་གི་གྲུ་ཁ་ཙམ་མ་གཏོགས་ལུས་མེད། མཁར་རྙིང་འདི་ནི་གཡུ་ཚ་སྡེ་བ་རུ་ཡོད་པས་མིང་ཡང་དེ་སྐད་དུ་ཐོགས།
ཐང་སྐྱ་རིས།
ཐང་སྐྱ་རིས་ནི་གནའ་བོའི་རིག་གནས་ཀྱི་རྗེས་ཤུལ་ཞིག་སྟེ། ལ་ཟེ་བ་གྲོང་རྡལ་སྲིད་གཞུང་གི་བྱང་ཤར་ཕྱོགས་སུ་ཧ་ལམ་སྤྱི་ལེ་༤ཡིས་ཆོད་པའི་རྫོང་མགོ་སྡེ་བ་དང་སྣེའུ་སྣ་སྡེ་བ་གཉིས་ཀྱི་བར་རྒྱུད་ཀྱི་ཐང་སྐྱ་རིས་ཟེར་ས་དེ་ན་ཡོད། ཐང་འདིའི་ས་མདོག་སྐྱ་ཤས་ཆེ་བས་མིང་ཡང་དེ་སྐད་དུ་ཐོགས། གནས་འདི་རུ་དེ་སྔར་ལི་ཆས་སྤྱོད་པའི་དུས་རབས་ཀྱི་རྫ་གཡམ་སྣ་ཚོགས་བུད་མྱོང་ཞིང་། ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་བྱ་ཡུལ་དུ་གྱུར་ཡོད།
མུ་གེ་ཐང་།
ཐང་འདི་ནི་མགོ་མང་གྲོང་རྡལ་སྲིད་གཞུང་གགི་ལྷོ་ནུབ་ཕྱོགས་སུ་ཧ་ལམ་སྤྱི་ལེ་30ཡིས་ཆོད་པའི་མཚམས་ཏེ། ཀོས་ནན་རྫོང་(མང་རྫོང་)གི་དབུས་རྒྱུད་དུ་ཡོད། ཐང་འདི་ཡངས་ཤིང་རྒྱ་ཆེ་ལ་སྲིད་དུ་རིང་བ་ཞིག་ཡིན། འདིའི་ཤར་ཕྱོགས་ནི་མང་སྟོད་ཐང་དང་། ལྷོ་ཕྱོགས་ནི་མང་ཆུ། ནུབ་ཕྱོགས་ནི་ཚལ་རྔ་འགག་ཆུ་མཛོད། བྱང་ཕྱོགས་ནི་བྱ་ཆུའི་འགྲམ་ངོགས་བཅས་འབྲེལ་ནས་ཡོད། ཐང་འདིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་131 ཡོད་ཅིང་རྫོང་ཡོངས་ཀྱི་ཆེས་ཆེ་བའི་ཐང་གཞོངས་ཤིག་ཡིན། འདིའི་ནུབ་བྱང་གི་རྒྱུད་དུ་སྒང་གཤོ་མང་ལ། དེ་གར་རྩྭའི་སྐྱེ་ཚུལ་ཡང་བཟང་། འདིའི་ལྷོ་རྒྱུད་དང་ཤར་ལྷོའི་རྒྱུད་ནི་བྱེ་ས་ཡིན། མུ་གེ་ཐང་ནི་མདོ་སྨད་མང་ར་དང་བྱ་མདོ་གཉིས་ཀྱི་བར་དུ་ཡོད་ཅིང་། འདིའི་མིང་ལ་བཞེད་པ་དུ་མ་མཆིས་ཏེ། མུ་ལེ་དིང་། མུ་ལེ་ཐང་། མུ་གེ་ཐང་། མོ་ཧོ་ཁྲོམ་བཅས་འདྲ་མིན་འགའ་རེ་ཡོད། ཐང་སྡེའི་སྟོད་ཕྱོགས་སུ་བྱེ་མས་ཁྱབ་ཅིང་དེ་ལ་མང་རའི་གླང་ཆེན་བྱེ་མ་ཟེར། བྱེ་མའི་ཁྲོད་དུ་ཆུའི་རྒྱུན་ཕུན་སུམ་ཚོགས་ཤིང་ཚྭ་ཆུ་མིན་པའི་མཚོ་ཆུང་ངུ་ངེ་གཉིས་ཡོད་ལ། མང་ཆུའི་ཆུ་མང་ཆེ་བ་མུ་གེ་ཐང་གི་སྟོད་ནས་བབས་པ་ཡིན། དེ་བས་རྒྱ་ཡིག་གི་རྩོམ་ཡིག་མང་པོར་མུ་གེ་ཐང་ན་ཆུ་མེད་པར་བཤད་པ་ནི་གནས་ཚུལ་དངོས་མ་ཤེས་པར་འཁྱོག་གཏམ་བཤད་པ་ཞིག་རེད། ངག་རྒྱུན་དུ་མུ་གེ་ཐང་ཞེས་པའི་གནས་འདི་སྔོན་ཆད་རྒྱལ་པོ་ཁྲི་ལ་ཞམ་ཞེས་པས་བཟུང་ཞིང་“རྒན་པོ་རྣམས་ཀྱིས་བཤད་པ་ལྟར་ན། དེ་སྔོན་བོད་ཀྱི་རྒྱལ་པོ་ཁྲི་ལ་ཞམ་ཞེས་པའི་ཕ་སྤུན་རྣམས་ཀྱིས་རྒྱལ་སྲིད་སྐྱོང་དུས་ནང་མ་འཆམས་པར་བོད་དམག་མང་པོ་ཁྲིད་ནས་ཡུལ་ལྷ་ཤམ་པོ་སོགས་སུ་རི་དྭགས་མང་པོ་བརྔོན་ཏེ། ཤ་རྭ་དང་། གླ་རྩི། བསེ་རུའི་རྭ་སོགས་རིན་པོ་ཆེ་དང་པགས་རིགས་སྣ་ཚོགས་ཁྱེར་ནས་རྒྱ་ནག་ཏུ་སོང་། གསེར་དངུལ་གྱི་ཚོང་བྱས། ཕྱིར་ཡོང་ནས་ས་འདིར་གཞི་བཟུང་། ལོ་མང་པོ་མ་འགྱངས་པར་ཡུལ་ལྷ་ཤམ་པོ་སོགས་ལྷ་གཉན་རྣམས་ཀྱི་བཀའ་ཆད་ཕོག་ནས་རྒྱལ་པོ་གཤེགས། བློན་པོ་དང་ཆབ་འབངས་རྣམས་ཀྱིས་གསེར་དངུལ་གྱི་ཡོ་བྱད་དང་། རིན་པོ་ཆེའི་རིགས་མ་ནོན་པར་ས་འགུལ་བྱུང་ནས་བྱེ་མ་འཕྱུར། མི་རྟ་ཁྲི་སྟོང་མང་པོའི་ཚེ་སྲོག་ལ་གནོད་པ་བྱུང་། དུས་དེར་བོད་ཡུལ་ཀུན་ནས་བྱེ་མ་མདུན་འཕྱུར་ཟེར། བོད་རྣམས་ཀྱི་མྱ་ངན་ཆེཔོ་བྱས་པས་མྱ་ངན་ཐང་ཟེར། ”①
ཡང་མུ་གེ་ཐང་དུ་འབྲུ་སྡེ་ཐང་ཞེས་པ་ཞིག་ཡོད་ཅིང་”འབྲུ་རྡེའུ་ཟེར་བའི་མིས་བཟོས་པའི་རི་པོ་ཆུང་ཆུང་ཞིག་ཡོད། བཤད་པ་ལྟར་ན་རྒྱལ་པོ་ཁྲི་ལ་ཞམ་སྐུ་གཤེགས་པའི་དུར་ས་ཡིན་པར་བཤད། འབྲུ་རིགས་དང་རིན་པོ་ཆེ་མང་པོ་དུར་དུ་སྦས་པས་འབྲུ་སྡེའུ་བཏགས་པ་དང་། རྒྱལ་ཁབ་གནས་ཤུལ་བརྟག་དཔྱད་མཁན་གྱིས་གནས་ཤུལ་གྱི་རྡོ་རིང་ཡང་བཙུགས་ཡོད་”② རྒྱལ་པོ་ཁྲི་ལ་ཞམ་ནི་གཉའ་ཁྲི་བཙན་པོའི་ཡབ་ཁྲི་བདུན་ཚིགས་ཀྱི་གཅེན་པོ་དང་ཡབ་བླ་བརྡལ་དྲུག་གུ་བུའི་བུ་སྲས་ཆུང་བ་སྣེ་ཁྲོམ་ལག་ཁྲའི་སྲས་རྒྱལ་པོ་མཐིང་གེའི་སྲས་ཡིན་ཏེ། 《རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ་》ལས་“ཡབ་བླ་བརྡ་དྲུག་གིས་ལྷ་སྲས་མོ་ཁབ་ཏུ་བཞེས་པའི་སྲས། ལྷ་ཚ་མཆེད་སྲས་དགུ་ཡོང་། སྙན་མོ་ཁབ་ཏུ་བཞེས་པ་ལ་སྙན་ཚ་མཆེད་དགུ་ཡོང་། རྨུ་ཐང་ཁབ་ཏུ་བཞེས་པ་ལ་རྨུ་ཚ་མཆེད་དགུ་ཡོང་། ལར་སྲས་ཕོ་སུམ་ཅུ་སོ་ལྔ་ཡོད། དེ་རྣམས་ཀྱིཆུང་བ་སྟེ། སྣེ་ཁྲོམ་ལག་ཁྲ་དེས། ལྷ་ལྕམ་དཀར་མོ་བཞེས་པའི་སྲས། ནི་ཕ་རྒྱལ་པོ། དེས་ལུང་ཁ་ཧྲིལ་མོ་ཁབ་ཏུ་བཞེས་པའི་སྲས་རྒྱལ་བུ་མཐིང་གི་མཐིང་བོ། མཐིང་གཉིས་གསུམ་དུ་ཡོང་། རྒྱལ་པོ་མཐིང་གེས། ལྷ་ལྕམ་དཀར་མོ་ཁབ་ཏུ་བཞེས་པའི་སྲས། བོད་འབྱོང་ལ་བངས། རྨུ་བཟའ་མཐིང་སྒྲིལ་མ་ཁབ་ཏུ་བཞེས་པའི་སྲས་ཁྲི་ལ་ཞམ་”③ཞེས་པ་ལས་ཁྲི་ལས་ཞམ་ནི་རྒྱལ་པོ་མཐིང་གེ་དང་རྨུ་བཟའ་མཐིང་སྒྲིལ་མ་གཉིས་ཀྱི་སྲས་ཡིན་པ་གསལ་པོར་བསྟན་ཡོད། དེ་ལས་བྱུང་བའི་ཁྲི་ལ་ཞམ་ནི་མུ་གེ་ཐང་དབང་དུ་བསྒྱུར་བའི་ཁྲི་ལ་ཞམ་ཡིན་པ་རིགས་པས་བདེན་དཔང་བྱ་ཐུབ་སྟེ། མིང་གཉིས་འདྲ་བ་དང་གཅིག མུ་གེ་ཐང་དབང་དུ་བསྒྱུར་བའི་ཁྲི་ལ་ཞམ་ཕ་སྤུན་རྣམས་ཀྱིས་རྒྱལ་སྲིད་སྐྱོང་དུས་ནང་མ་འཆམས་པར་བོད་དམག་མང་པོ་ཁྲིད་ནས་ཡར་ལྷ་ཤམ་པོའི་གནས་ནས་ཡོང་བ་དང་གཉིས། ལོ་མང་པོ་འགྱངས་པར་ཡར་ལྷ་ཤམ་པོ་སོགས་ལྷ་གཉན་རྣམས་ཀྱི་བཀའ་ཆད་ཕོག་ནས་རྒྱལ་པོ་གཤེགས་པ་ཟེར་བ་དང་གསུམ་གྱིས་གསལ་པོར་མཚོན་ནོ།།
དེ་ནས་ཁོང་གི་རྒྱལ་སྲིད་ཉམས། བཙན་པོའི་རྒྱལ་རབས་སྐབས་ཏེ་སྤྱི་ལོ་330ལ་བོད་ཀྱི་
①ནམ་མཁའ། འབྲོག་རིའི་སྙན་གྲགས། 《བྱ་ཁོག་གི་དེབ་ཐེར་ནོར་བུའི་མགུལ་རྒྱལ།》དཔེ་སྐྲུན་ཁང་མི་གསལ ཤོག་ངོས་10བར་གསལ
②ནམ་མཁའ་འབྲོག་རིའི་སྙན་གྲགས། 《བྱ་ཁོག་གི་དེབ་ཐེར་ནོར་བུའི་མགུལ་རྒྱན 》དཔེ་སྐྲུན་ཁང་མི་གསལ། ཤོག་ངོས་12པར་གསལ།
③ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་སོགས།《རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ།》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཤོག་ངོས་5པར་གསལ།
ཕྲན་འ་ཞས་བཟུང་སྟེ་རྒྱལ་སར་བྱས་ཤིང་། སྤྱི་ལོ་670ལ་བོད་བཙན་པོས་ཐད་ཀར་མངའ་འོག་ཏུ་བཅུག་ནས་དབང་བསྒྱུར་བ་སོགས་ལོ་རྒྱུས་ཀྱི་དར་རྒུད་མང་པོ་བརྒྱུད་པས་གནའ་དཔྱད་རིག་པས་དཔྱོད་པའང་ཤིན་ཏུ་དཀའ་ཞིང་ད་ལྟའི་ཞིབ་འཇུག་པ་ལ་ལས་རྒྱལ་བུ་ཁྲི་ལ་ཞམ་དང་འ་ཞའི་རྒྱལ་རབས་ཀྱི་རིག་དངོས་གཉིས་བསྲེས་ཏེ་དཔྱད་པའང་མཐོང་།
ཡོན་རྒྱལ་རབས་ཀྱི་སྐབས་སུ་འདིར་བོད་ཀྱི་ས་གནས་ལ་དོ་དམ་བྱེད་པའི་ལས་ཁུངས་འགའ་བཙུགས་པར་བཤད། 167 ལོར་མིན་རྒྱལ་རབས་ཀྱི་ནུབ་སྐྱོད་དམག་མང་རར་སླེབས་པ་སོགས་ལོ་རྒྱུས་འཕོ་འགྱུར་མང་པ་བྱུང་། དེ་ནས་བཟུང་བོད་ཀྱི་གནས་འདིར་བདག་གིར་བཞེས་ནའང་ཞིབ་གསལ་གྱི་ལོ་རྒྱུས་མི་གསལ། སྔོན་ཆད་ཡུལ་འདིར་དར་རྒྱས་ཆེ་བའི་སྤྱི་ཚོགས་ཤིག་བྱུང་མྱོང་བར་མ་ཟད་རྒྱལ་པོ་ཞིག་གི་རྒྱལ་ས་འཇིག་པ་དང་། བྱེ་ཐང་འདིར་གསེར། མཆོང་། རྫ་མ། མདེའུ། ཟངས་ང་། མེ་ལོང་། རྡོ་ཆས། གཡུ་བྱུར་སོགས་རྙེད་མཁན་མང་ལ། དེང་སང་ཡང་རུས་པའི་བྱེ་མ་དང་སའི་བྱེ་མ་ཕལ་ཆེར་མང་ཉུང་མེད་ས་ཡོད་ཅིང་། འབྲོག་རུའི་སྙན་གྲགས་ཀྱིས་བྱེ་མ་ལས་ས་རྫ་དམར་པོ་ལས་བཟོས་པའི་སྒྲོལ་དཀར་གྱི་སྐུ་ཨ་ཡིག་གཟུངས་འཇུག་ཅན་ཞིག་ཡིན་པ་དང་། རྡོ་སྨུག་ནག་རིལ་བུ་སྒོ་ང་ལྟ་བུ་ཐོག་ཏུ་མཐེབ་རྡེའུ་ཡིན་ཞེས་བྲིས་པ་ཞིག་རྙེད་པ་ནི་སྲོང་བཙན་རྗེས་ཀྱི་རིག་དངོས་ཏེ་བསྟན་པ་ཕྱི་དར་རིང་གི་ཡིན་སྙམ།
རྒྱལ་པོ་ཁྲི་ལ་ཞམ་གྱི་གཏམ་རྒྱུད། དེ་སྔོན་བོད་ཀྱི་རྒྱལ་པོ་ཁྲི་ལ་ཞམ་ཞེས་པའི་ཕ་སྤུན་རྣམས་ཀྱིས་རྒྱལ་སྲིད་སྐྱོང་དུས་ནང་མ་འཆམས་པར་བོད་དམག་མང་པོ་ཁྲིད་ནས་ཡུལ་ལྷ་ཤམ་པོ་སོགས་སུ་རི་དྭགས་མང་མརྔོན་ཏེ། ཤ་རྭ་དང་། གླ་རྩི། བསེ་རུའི་རྭ་སོགས་རིན་པོ་ཆེ་དང་པགས་རིགས་སྣ་ཚོགས་ཁྱེར་ནས་རྒྱ་ནག་ཏུ་སོ་ང། གསེར་དངུལ་གྱི་ཚོང་བྱས། ཕྱིར་ཡོངས་ནས་འདིར་གཞི་བཟུང་། ལོ་མང་པོ་མ་འགྱངས་པར་ཡུལ་ལྷ་ཤམ་པོ་སོགས་ལྷ་གཉན་རྣམས་ཀྱི་བཀའ་ཆད་ཕོག་ནས་རྒྱལ་པོ་གཤེགས། བློན་པོ་དང་ཆབ་འབངས་རྣམས་ཀྱིས་གསེར་དངུལ་གྱི་ཡོད་བྱད་དང་། རིན་པོ་ཆེའི་རིགས་མ་ནོན་པར་ས་འགུལ་བྱུང་ནས་བྱེ་མ་འཕྱུར། མི་རྟ་ཁྲི་སྟོང་པོའི་ཚེ་སྲོག་ལ་གནོད་པ་བྱུང་། དུས་དེར་བོད་ཡུལ་ཀུན་ནས་བྱེ་མ་བདུན་འཕྱུར་ཟེར། བོད་རྣམས་ཀྱི་མྱ་ངན་ཆེན་པོ་བྱས་པས་མུ་གེ་ཐང་དུ་གྲགས་སྐད།
མངའ་རའི་བྱེ་མ་འཕྱུར་བའི་གཏམ་རྒྱུད། གནའ་སྔ་མོ་ཞིག་ལ་མངའ་རའི་ས་འདི་ནི་གཡུ་ཡི་མཎྜལ་བཤམས་པ་ལྟ་བུའི་ཡུལ་ལྗོངས་ཤིག་ཡིན་ལ། ནམ་ཞིིག་ལ། མ་རུངས་པ་ཞིག་གིས་མང་རའི་བྱེ་མ་འཕྱུར་དུ་བཅུག་ནས་འགྲོ་བ་མང་པོ་ལ་གནོད་པ་ཆེན་པོ་བྱས། སྐབས་དེར་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཁྱེན་ཏེ་མང་རའི་བྱེ་མ་འདུལ་དུ་རྫུ་འཕྲུལ་གྱིས་གནས་འདིར་ཕེབས་ཏེ། བྱེ་མ་ལ་མནན་པ་བརྒྱབ། སྐབས་དེར་བྱེ་མ་ལོ་བའི་ཐད་དུ་མང་རའི་ལུང་པར་འཕྱུར་བ་ལ་ཁོང་མཁའ་འགྲོ་མའི་ཐོད་ནས་འཕུར་ཏེ་ཐོ་ནོ་ཅི་མཚམས་ཁང་དུ་སླེབས་ནས་ཕུར་བུ་བརྡབས་པས་འཕྱུར་མ་ཐུབ།
ཁོང་གིས་ལྟ་དུས་བྱེ་མའི་མགོ་གླང་ཆེན་སྐེད་ལ་སླེ་བ་ཉེ་བས་ཁོང་རྫུ་འཕྲུལ་གྱིས་འཕུར་ནས་བྱེ་སྣ་ཡོད་སར་བསླེབས་ཏེ། དེར་ལྕགས་ཀྱི་ཕུར་བུ་བྱིས་པ་ལོ་བརྒྱད་ཙམ་བརྡབས་ནས་བྱེ་འདུལ་བརྒྱབ། ད་དུང་ཁོང་གིས་འདིང་བ་བཏིང་བ་ཡིན་ཞེས་ས་གྲུ་བཞི་མ་དབྱར་དུས་སུ་མེ་ཏོག་སྣ་ཚོགས་བཞད་པ་དང་དུས་ཚིགས་རེ་རེར་རྩྭ་ཡི་ཁ་དོག་མི་འདྲ་བ་ཞིག་ཡོད།
ཁོང་གིས་དེ་ལྟར་ས་འདུལ་ཡང་འདུལ་བྱས་ཤིང་། མདོ་སྨད་མང་རའི་ཡུལ་འདིར་བྱིན་གྱིས་བརླབས་ཏེ་དེ་ནས་བཟུང་ས་འདིའི་ཡུལ་མི་དགའ་བདེ་དགེའི་དཔལ་ལ་རོལ་པར་གྱུར་ཏོ། །དཔལ་ལྡན་ལྷ་མོའི་གཏམ་རྒྱུད། སྔོན་ས་ཆ་འདིར་ཆུས་འཇིག་པ་ཆེ་བ་ལ་སློབ་དཔོན་པདྨ་ཕེབས་ཏེ། འདྲ་སྲིན་གདུག་པ་ཅན་རྣམས་དམ་ལ་བཏགས་ཤིང་དཀར་ཕྱོགས་སྐྱོང་བའི་ལས་ལ་བཀོད། རྨ་ཆུ་སྔོན་མོའི་ནང་ལུང་གི་འགག་འཕྲང་གཤགས་ཏེ་རྨ་ཆུ་སྔོན་མོ་ཤར་གྱི་ཕྱོགས་སུ་བཞུར་དུ་བཅུག རྨ་ཀླུང་རིང་མོ་ཤར་ལྷོའི་ཕྱོགས་སུ་འབབ་ཅིང་། མུ་མཐའ་མི་མངོན་པའི་ཐང་ཆེན་དུ་མེ་ཏོག་སྣ་ཚོགས་བཞད་པ་དང་། རྟ་ནོར་གསུམ་ཕྱོགས་སུ་མཆེད་དེ་བདེ་དགའི་དཔལ་རོལ་པའི་དུས་སུ་ས་འདིའི་མ་རངས་པ་དག་ཞེ་སྡང་མེ་བཞིན་དུ་འབར། ཉིན་ཞིག་གློ་བུར་དུ་འབྲུག་སྒྲ་ལྟ་བུའི་འུར་སྒྲས་ནམ་མཁའ་དཀྲིགས་ཤིང་། རླུང་ནག་འཚུབ་ནས་ཕྱོགས་སུ་བཏུམས། དཀར་ནག་གི་ཕྱོགས་གཉིས་ཀྱི་ལྷ་འདྲེ་མི་གསུམ་གྱིས་གཡུལ་འཁྲུགས་ཏེ་ས་འདིར་ཁྲག་གི་འཁོར་ལོ་བསྐོར། སྐྱེས་པ་དག་བསད་ཚར་ནས་བུད་མེད་དག་གིས་འཐབ། སྐབས་དེར་གར་ཡོང་མི་ཤེས་པའི་བུད་མེད་དཀར་ཕྱོགས་པས་དཔུང་སྣེ་དྲངས་ཏེ་འཐབ་པས་མི་མཐུན་གཡུལ་ལས་རྣམ་པར་རྒྱལ། ཚུལ་དེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལྷ་ཡུལ་ནས་གཟིགས་རྗེས། དཔལ་ལྡན་དམག་ཟོར་རྒྱལ་མོ་ཡིན་པ་མཁྱེན་ནས་སངས་རྒྱས་བསྟན་པའི་དམ་སྲུང་ཆོས་སྐྱོང་ལ་བཀའ་བསྒོས། དེ་ནས་བཟུང་འདི་ལ་དཔལ་ལྡན་ལྷ་མོའི་གནས་སུ་བྱས་ཏེ་འགྲོ་བའི་སྐྱབས་གནས་སུ་བཞུགས་པར་བཤད། ①མུ་གེ་ཐང་གི་བླ་མཚོའི་གཏམ་རྒྱུད། མུ་གེ་ཐང་ནི་དཔལ་ལྡན་ལྷ་མོའི་བླ་མཚོ་སྟེ། མུ་ལེ་དིང་གི་སྒྲ་འགྱུར་ནས་མུ་གེ་ཐང་དུ་འགྱུར་བ་ཡིན་ཟེར། མུ་གེ་ཐང་ནས་དཔལ་ལྡན་ལྷ་མོའི་བླ་མཚོ་ཞིག་ཡོད་པས་མཚོ་ཆུ་འཐུང་ན་ཚེ་ཐག་རིང་ཞིང་། དེའི་འགྲམ་གྱི་ས་རྡོ་འཁྱེར་ནས་ཡོང་ན་གསེར་དངུལ་ཏུ་འགྱུར་འགྲོ་ཟེར། ཉིན་ཞིག་ས་འདིར་ཡོད་པའི་ཁྱིམ་ཚང་ཞིག་གི་མཛོ་མོ་ཞིག་བོར་སོང་། བདག་པོས་མཛོ་མོ་བཙལ་ཏེ་སོང་བ་ན། མཐར་བྱེ་མའི་གསེབ་ཏུ་ལྗོན་ཤིང་སྣ་ཚོགས་རྒྱས་པའི་ས་ཕྱོགས་ཤིག་ལ་སླེབས་ཤིང་མཛོ་མོས་དེ་རུ་མཚོ་དྭངས་མོ་ཡིད་དུ་འོང་བ་ཞིག་ལས་ཆུ་འཐུང་བཞིན་པ་མཐོང་། ཁོས་ཀྱང་ཆུ་འཐུངས་རྗེས་རྡོ་ཞིག་བཏུས་ནས་མཛོ་མོ་དེད་ནས་རང་ཡུལ་དུ་སླེབས་དུས་རྡོ་དེ་གསེར་དུ་འགྱུར་འདུག་པ་མཐོང་། ཁོ་ཚོ་ཧ་ལས་ཏེ་ཕྱིར་མཚོ་མོ་དེ་བཙལ་དུ་ཡོང་ནས་ཇི་ལྟར་བཙལ་ནའང་མ་རྙེད། ཁོ་དང་མཛོ་མ་གཉིས་རྒས་པ་མེད་པར་ལོ་ངོ་བརྒྱ་ཕྲག་ལ་གསོན་པར་གྱུར་སྐད།
ལོ་ངོ་གཉིས་བརྒྱའི་ཡར་སྔོན་གྱི་མང་རའི་ཀླུ་ཚང་ཚོ་བའི་ཀླུ་བྷ་ཚང་གི་གལོ་རྒྱུས་ཏེ་ད་ལྟ་ཡང་སྐལ་ལྡན་ལས་འཕྲོ་ཅན་གྱི་མུ་ལེ་དོང་གི་མཚོ་མོར་མཇལ་ཐུབ་པའི་བཤད་ཚུལ་ཡོད། ②རྡོ་མན་ཆེན་དང་མན་ཆུང་། སྔོན་ཆད་རྒྱ་བུར་མྱིག་ཟེར་བ་ཞིག་རང་རེའི་ས་ཆར་བྱུང་ནས་བོད་མི་རིགས་ཀྱི་ས་ཆ་བཙན་གྱིས་འཕྲོག་ཅིང་རྒྱུ་ནོར་མཐའ་དག་ཧམ་འཛིན་བྱེད་པའི་མི་གདུག་རྩུབ་ཅན་ཞིག་བྱུང་། དེས་ད་ལྟའི་ཚལ་རྔ་འགག་གི་ཆུ་མཛོད་བསྐྱིལ་ཡུལ་འཁྱིལ་ཁུག་ནས་བཟུང་མཁར་རྫོང་བཙན་པོ་བརྩིགས་ཏ་ཁོས་རྨ་ཆུ་ཤར་ལྷོའི་བོད་འབངས་རྣམས་དབང་དུ་བསྡུ་བའི་ཆེད་དུ་དཔུང་ཆེན་བསྒྲིགས། ཡུན་རིང་པོར་གྲ་སྒྲིགས་བྱས་ནས་རྨ་ཆུ་བཅད་དེ་མུ་གེ་ཐང་གི་ཕྱོགས་སུ་བསྙེགས།
སྐབས་དེར་རྨ་ཆུའི་ལྷོ་ཕྱོགས་ཀྱི་ཤར་ལྷོའི་བོད་མི་དག་གིས་ཀྱང་ཚུལ་དེ་སྔ་མོ་ནས་ཤེས་ཏེ་བློ་ཁ་གཅིག་ཏུ་བསྡུས་ནས་འཐབ་པའི་གྲ་སྒྲིག་བྱས། རྒྱ་ཆུ་བུར་མྱིག་གི་དམག་དཔོན་མུ་གེ་ཐང་གི་ཁར་བུད་མ་ཐག་སྔོན་ནས་གྲ་སྒྲིག་བྱས་ནས་སྡོད་པའི་བོད་དམག་ལ་ཕྲད་དེ་འཐབ་མོ་དྲག་ཏུ་བྱས་①མཁའ་འགྲོ་སྐྱབས། 《 མང་རའི་ལོ་རྒྱུས་དེབ་ཐེར་སེང་གེ་རྒྱལ་མཚན།》 ནང་ཁུལ་དཔྱད་གཞི། ཤོག་ངོས་29པར་གསལ།②མཁའ་འགྲོ་སྐྱབས། 《 མང་རའི་ལོ་རྒྱུས་དེབ་ཐེར་སེང་གེ་རྒྱལ་མཚན།》 ནང་ཁུལ་དཔྱད་གཞི། ཤོག་ངོས་29པར་གསལ།
1མཁའ་འགྲོ་སྐྱབས། 《 མང་རའི་ལོ་རྒྱུས་དེབ་ཐེར་སེང་གེ་རྒྱ་མཚན།》 ནང་ཁུལ་དཔྱད་གཞི། ཤོག་ངོས་29པར་གསལ། མཐར་རྒྱ་ཆུང་བུར་མྱིག་གི་དཔུང་ལ་ཕམ་ཉེས་ཡ་ང་བ་ཞིག་བྱུང་ནས་འཁྱིལ་ཁུག་ཕྱོགས་སུ་བྲོས། དེ་ནས་རིང་པོ་མ་འགོར་བར་ཨ་མྱེས་སྒྲོ་བུར་སྒྲོ་སྒང་ནས་ལྐོག་མདའ་འཕངས་ནས་རྒྱ་ཆུ་བུར་མྱིག་བསད་པས་ཁོའི་འཁོར་དག་གིས་བེམ་པོ་ཁྱེར་ཏེ་ཕྱིིར་བྲོས། ཕྱིས་སུ་བོད་མི་དག་གིས་རྒྱ་ཆུ་བུར་མྱིག་ལས་རྣམ་པར་རྒྱལ་བའི་རྗེས་དྲན་གྱི་ཆེད་དུ་གོང་ཞོལ་གཉིས་སུ་རྡོ་ཡི་ཐོག་ཏུ་མ་ཎི་ཡི་གེ་དྲུག་མ་བརྐོས། དེ་ནིི་ད་ལྟ་མུ་གེ་ཐང་གི་བྱང་ཕྱོགས་བྱ་མདོ་ཡུལ་ཚོའི་གོ་རའི་མདོ་དང་སྲིབ་ནགས་ཕྱོགས་སུ་ཡོད་པའི་རྡོ་མན་ཆེན་དང་མན་ཆུང་ཟེར་བའི་ས་ཆ་ཞིག་ཡོད་པ་དེ་ཡིན་ཟེར།(1)
རབ་རྒན་རྨ་འགག་གི་ལོ་རྒྱུས་གནའ་ཤུལ།
རབ་རྒན་རྨ་འགག་ཏུ་གེ་སར་དང་འབྲེལ་བའི་ངག་རྒྱུན་ཤིན་ཏུ་མང་སྟེ། སྡེ་བའི་འདིའི་རྒན་པ་རྣམས་ཀྱི་ངག་རྒྱུན་ལ་སྔོན་ཁྲོ་ཐུང་གི་ཇོ་རུ་དང་འགག་བཟའ་གཉིས་རྨ་ཡུལ་དུ་རྒྱང་ཕུད་དུ་བཏང་བའི་གནས་འདི་ཡིན་ཟེར་ཞིང་། གནས་དི་ན་ཇོ་རུ་དང་འབྲེལ་བའི་གཏམ་རྒྱུད་མང་པོ་ཡོད།
འབེན་གྲྭ་ངོས་ཞེས་པ་ནི་ཇོ་རུའི་མདའ་རྩེད་འགྲན་པའི་ས་དང་། རི་་གྱོད་པུ་ནི་བདུད་ཀྱི་མ་མོ་ཁྲ་ལོ་མ་བསད་པའི་གྲོད་པུ་དང་། གདོང་འཚེར་བ་ནི་མ་མོ་དེའི་འཚེར་བ། རི་ཟོ་བ་ནི་འགག་བཟའི་འོ་མ་དཀྲགས་པའི་ཟོ་བ་ཡིན་ཟེར་ཞིང། རྡོ་བརྐོས་པའི་རྟ་སྒ་ཞིག་ཡོད་པ་རྟ་ཀྱང་ངེའི་རྟ་སྒ་ཡིན་ཞིང་། བྲག་རྡོའི་ནང་དུ་རྟ་རྗེས་དང་ཁྱི་རྗེས། མི་རྗེས་སོགས་ཡོད་པ་རྟ་རྐྱང་ངེ་དང་ཁྱི་དང་ལ། གེ་སར་སོགས་ཀྱི་རྗེས་དང་། བྲག་ངོས་སུ་མཛོའི་སྣ་འདྲ་བ་ཞིག་ཡོད་པ་མཛོ་ཁྱུང་དཀར་གྱི་སྣ་ཡིན་ཟེར་ཞིང་། ལྷག་པར་རྡོའི་སྟེང་དུ་བབས་པའི་རྟ་རྗེས་ཆེན་པོ་ཞིག་ཡོད་པ་རྟ་རྐྱང་ངེའི་རྐང་རྗེས་ཡིན་ཟེར།
སྡེ་བ་འདིའི་མང་འགག་ཏུ་དགུན་ཁའི་ཞོགས་པར་འགག་ནང་ནས་རླུང་གཡུགས་ན་ཉིན་དེར་གནམ་ཐང་ཡིན་ངེས་ལ། རླུང་མ་གཡུགས་ན་ཉིན་དེར་ནུབ་རླུང་གཡུག་ངེས་ཡིན་པ་མངོན་སུམ་དུ་གྲུབ་པ་ཞིག་ཡོད་པ་དེ་ཇོ་རུའི་ཁོལ་མོ་ཡིན་ལ་ཁོང་ཕྱིར་གླིང་དུ་འགྲོ་དུས་འདིར་བསྐྱུར་བ་ཡིན་ཟེར། རྨ་འགག་འདི་བྲག་ངོས་ན་སྔོན་ཆད་རྨ་ཆུར་ཟམ་པ་འཕངས་པའི་ཤུལ་ཏེ་བྲག་ངོས་བརྐོས་པ་ད་ལྟའང་མཐོང་རྒྱུ་ཡོད་པས། དེ་ལ་དཔགས་ན་རྒྱའི་ཡི་གེར་སྤྱི་ལོ་540ལ་འ་ཞ་མཚོ་སྔོན་པོ་ལ་འགྲོ་དུས་རྨ་ཆུ་ལ་ཟམ་པ་ཞིག་འཕངས་པར་བཤད་པ་དེ་ཡིན་པར་མངོན་ཞིང་། གོང་གི་རྡོའི་རྟ་སྒ་སོགས་ཀྱང་སྔོན་གྱི་བཙན་པོའི་སྐབས་ཀྱི་དམག་གི་ཤུལ་ཏེ། འདི་ནི་མཚོ་སྔོན་པོའི་ཕྱོགས་དང་།
(1)སྔོན་ཆད་མཁར་ཤུལ་མཐོང་ཐུབ་ཀྱང་ད་ལྟ་ཆུ་མཛོད་ཀྱི་དབང་གིས་མཐོང་མི་ཐུབ།
རྒྱ་བོད་གཡུལ་སྤྲད་དེ་རྒྱའི་དམག་དཔོན་ཞུའེ་རེན་ཀུའེ་ཕམ་པའི་ས་ཆ་ཇི་མ་ཁོལ་ལ་འགྲོ་ཤིན་ཏུ་བདེ་བས་སོ། །
རྫོང་རུའི་རིག་གནས། རྫོང་རུའི་རིག་གནས་ཡོད་ས་ནི། འབའ་ལུང་ཡུལ་ཚོ་སྲིད་གཞུང་གི་ནུབ་ཕྱོགས་སུ་ཧ་ལམ་སྤྱི་ལེ་༡༦ཙམ་གྱི་མཚམས་ཏེ། ཁ་སྒང་དང་ཐོན་ཅེ་སྡེ་བ་གཉིས་ཀྱི་བར་ན་ཡོད། འདི་ནི་རབ་བྱུང་བཅུ་དྲུག་པའི་ཆུ་ཁྱི(སྤྱི་ལོ་1982)ལོར་མཚོ་སྔོན་ཞིང་ཆེན་གྱི་གནའ་རྫས་རྟོག་ཞིབ་རུ་ཁག་གིས་གསར་རྙེད་བྱུང་ཞིང་། འདི་ལ་སྔོན་གྱི་ཐོ་ལེ་ཐང་གནའ་ཤུལ་དང་། འབའ་མདོའི་གནའ་ཤུལ་བཅས་འདུག གནའ་ཤུལ་འདི་གསར་རྙེད་བྱུང་བ་ནི་དུས་ད་ལྟའི་བར་དུ་གནས་༣༡ཙམ་སྔོག་འདོན་བྱས་ཏེ། དུར་ས་༣༤༡དང་ཐལ་དོང་༡༨དུར་མཆོད་དོང་༡༨བཅས་གཙང་སྒྲིག་བྱས་ཤིང་། རིག་རྫས་༢༣༠༠༠ཙམ་བཏོན། གནའ་རྫས་རྟོག་ཞིབ་པས་བརྟག་དཔྱད་ཞིབ་འཇུག་བྱས་པའི་དཔྱད་འབྲས་ལྟར་ན། ད་སྔའི་བར་རྫོང་རུའི་རྣམ་པ་ཅན་གྱི་གནའ་ཤུལ་༥༡ཤེས་རྟོགས་བྱུང་ཡོད་པ་དང་། གནའ་ཤུལ་དེ་དག་རྨ་ཆུ་སྔོན་མོའི་འགྲུམ་རྒྱུད་དང་རྨ་ཆུའི་ཡན་ལག་གི་གཙང་པོ་རྨ་ཆུར་འདྲེས་མཚམས་སོགས་དང་། རྨ་ཆུ་སྟོད་རྒྱུད་ཀྱི་འབའ་གཞུང་རིང་མོ་ནས་རྨ་སྨད་ཁྲི་ཀའི་བར་དང་། མཚོ་ཆེན་ཁྲི་ཤོར་རྒྱལ་པོའི་ལྷོ་རྒྱུད་དེ་ཆབ་ཆ་ས་ཁུལ་སོགས་སུ་གྲམ་ཡོད། འདི་དག་ནི་རྨ་ཆུའི་སྟོད་རྒྱུད་དུ་ཤེས་རྟོགས་བྱུང་བའི་དུས་ཚོད་སྔ་ཤོས་དང་། ལོ་རྒྱུས་རིང་ཤོས། རྒྱ་ཁྱོན་ཆེ་ཤོས། ནང་དོན་ཕུན་སུམ་ཚོགས་པའི་རྡོ་ཆས་གསར་པའི་དུས་སྐབས་ལས་ཀྱང་སྔ་བའི་རིག་དངོས་གནའ་ཤུལ་ཡིན་ནོ། །
སྟག་རྫོང་།
སྟག་རྫོང་ནི། མཁར་ཤུལ་ཞིག་སྟེ། རྐ་འབའ་སུམ་མདོ་གྲོང་རྡལ་སྲིད་གཞུང་གི་ཤར་ལྷོའི་ཕྱོགས་སུ་ཧ་ལམ་སྤྱི་ལེ་༨ཀྱི་མཚམས་ཏེ། རྐ་རྒན་གྲམ་པའི་བྱང་རྒྱུད་དུ་ཡོད། འདིའི་མཐའ་སྐོར་གྱི་རིང་ཚད་ལ་སྨི་༧༩༠དང་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་༥༩༠༠ཙམ་ཡོད། བྱང་ཕྱོགས་ནི་དགྲ་འགོག་མཁར་སྲུང་གི་ནུས་པ་ཐོན་ཐུབ་པའི་གྲོག་རོང་ཞིག་ལ་གཏད་ཡོད་པ་དང་། ལྷོ་ཕྱོགས་ནི་དགྲ་འགོག་མཁར་སྲུང་གི་འོབས་ཆུའི་ནུས་པ་ཐོན་ཐུབ་པའི་རྐ་ཆུང་ལ་གཏད་ཡོད། བྱང་ཕྱོགས་སུ་མཁར་སྒོའི་ཤུལ་ཡོད། མཁར་དཀྱིལ་ན་ཚངས་ཐིག་ལ་སྨི་༦༠ཙམ་ཡོད་པའི་ས་སྟེགས་ཤིག་ཡོད་ཅིང་། མཁར་ནང་དུ་མཐུག་ཚད་ལ་ལི་སྨི་༤༠ཡོད་པའི་ཐལ་སྤུངས་ཤིག་ཡོད། དེའི་ནང་དུ་སོལ་བ་དང་། རྫ་ཁོག་དམར་པོ། ཟོག་གི་རུས་པ། ལྕགས་ལེབ་སོགས་ཡོད། མཁར་ཤུལ་འདི་ནི་སྟག་རྫོང་གི་ས་ཁུལ་ན་ཡོད་པས་མིང་ཡང་དེ་སྐད་དུ་ཐོགས།
ར་མོ་མཁར་དམར།
ར་མོ་མཁར་དམར་ནི་འབྲོང་འཐུས་ཡུལ་ཚོའི་ར་མོ་ཐང་ཞེས་པའི་ས་ཆར་ཡོད་ཅིང་།དེའི་མཁར་གྱང་ས་དམར་ཁོ་ནས་གྲུབ་པ་ཞིག་ཡིན་པས་མིང་ཡང་དེ་སྐད་དུ་ཐོགས།འདི་ལ་ཡོངས་གྲགས་སུ་ར་མོ་མཁར་དམར་ཟེར་ཞིང་།མིང་གཞན་ལ་ར་མོ་མཁར་ཆག་ཀྱང་ཟེར།ངག་རྒྱུན་ལྟར་ན།གནའ་སྔོ་མོ་ཞིག་ལ་རྒྱ་ཆུ་དཀར་མིག་ཟེར་བའི་བློན་ཆེན་ཞིག་གོང་མའི་ཁྲིམས་དང་འགལ་བས་ཐབས་ཟད་དེ་ཡུལ་བྱོལ་དུ་ཡོང་།ཐོག་མར་ད་ལྟའི་ཐང་ནག་ཡུལ་ཚོའི་ན་རྒན་སྡེ་བའི་ཕྱོགས་སུ་སའི་འཐབ་ར་བརྩིགས་ཏེ་བསྡད་ཅིང་།དེ་ནས་ད་ལྟའི་འབྲོང་ཐུས་ཡུལ་ཚོའི་ར་མོ་མཁར་ཆག་ཡོད་སར་གནས་སྤར།
རྒྱ་ཆུ་དཀར་མིག་ཟེར་བ་དེ་ནི་འཁོར་མང་ལ་གདུག་རྩུབ་ཆེ་བ་ཞིག་ཡིན།འདིར་སླེབས་རྗེས་མི་གསོད་རྒྱུ་འཕྲོག་གིས་ཡུལ་འདིའི་མི་རྣམས་ལ་ཡ་ང་བའི་མནར་གཅོད་བཏང་།བྲག་གཡོག་ཏུ་བཀོལ་བའི་ཡུལ་མི་རྣམས་ཕོ་མོ་བཀར་ནས་ར་མོ་མཁར་དམར་བརྩིག་ཏུ་བཅུག
སྐབས་དེར་བུད་མེད་ཅིག་གི་རྨི་ལམ་དུ་བྱ་སྒྲོ་ཞིག་གིས་འདོད་པ་སྤྱད་པའི་ཉམས་སྣང་ཞིག་ཤར་སྟེ་བུ་ཞིག་སྐྱེས་པའི་མིང་ལ་སྒྲོ་རིང་མདུང་རྩེ་རུ་བཏགས།ཡུལ་འདིའི་གཞི་བདག་བུ་ཆེན་རྩེ་རྒྱལ་རིང་མོའི་རྫུ་འཕྲུལ་ཏེ།སྒྲོ་རིང་མདུང་རྩེ་ནི་རྒྱ་ཆུ་དཀར་མིག་འདུལ་ཕྱིར་མི་ཡུལ་དུ་སྐྱེས་པའི་ལྷའི་བུ་ལྟ་བུ་ཞིག་ཡིན་ཟེར།བུད་མེད་དེས་སྒྲོ་རིང་མདུང་རྩེ་གསང་བའི་སྒོ་ནས་ལེགས་པར་བསྐྱངས།བུ་དེ་ཆུང་ངུའི་དུས་ནས་དཔའ་ཞིང་རྟུལ་ཕོད་ཅིང་སྟོབས་རྩལ་རྒྱས་ཏེ་མི་དན་དེ་འདུལ་རྩིས་བྱས་ཀྱང་།རྒྱ་ཆུ་དཀར་མིག་ནི་གཡོ་སྒྱུ་ཆེ་བའི་མི་ཞིག་ཡིན་པས།རྒྱུན་པར་དགྲ་འོང་བར་དོགས་ནས་ར་མོ་མཁར་དམར་ནང་དུ་འཛུལ་ནས་སྡོད་པ་ལས་མཁར་དེའི་ཕྱི་རོལ་དུ་གཏན་ནས་འཐོན་ཕོད་ཀྱི་མེད།
ནམ་ཞིག་དབྱར་ཟླ་གསུམ་ལ་བསྟུད་མར་ཆར་བབས་པ་ན།རྒྱ་ཆུ་དཀར་མིག་ནི་མི་ཚན་པོ་ཞིག་ཡིན་པས།ཁོའི་ལྟོ་ཤའི་ལྟེབ་ཁུག་ལས་དྲི་ངན་འཐུལ་ནས་སྡོད་མི་ཐུབ་པར་གྱུར།ཉིན་ཞིག་ཆར་བ་འབབ་མཚམས་བཞག་ནས་གནམ་ཐང་བ་ན།རྒྱ་ཆུ་དཀར་མིག་དེས་རང་གི་ལྟོ་བ་ཉི་མར་ལྡེ་དགོས་སྙམ་སྟེ་མཁར་གྱི་ཕྱོགས་བཞི་དགྲ་ཡོད་མེད་ལ་སོ་ལྟ་བྱེད་པར་མངགས།སོ་པས་མདུན་ཕྱོགས་ཀྱི་བུ་ཆེན་རྩེ་རྒྱལ་རིང་མོའི་རི་གསེབ་ཏུ་ཡུ་མོ་དཀར་མོ་ཞིག་གིས་བག་ཡངས་སུ་སྤང་རྩྭ་ཟ་བ་གཏོགས་ཕྱོགས་གཞན་ཅི་ཡང་མཐོང་རྒྱུ་མི་འདུག་ཚུལ་ཞུས་པས།ཁོ་རང་མཁར་སྒོའི་ཕྱི་རུ་བུད་དེ་སེམས་ལྷོད་ལ་བབས་ནས་ཉི་མར་ལྡེས།
མ་གཞི་རྩྭ་ཟ་བཞིན་པའི་ཡུ་མོ་དེ་སྒྲོ་རིང་མདུང་རྩེ་ཡིས་དགྲ་བོ་བསླུ་ཐབས་སུ་བཟོས་པའི་ཡུ་མོ་པགས་གསོབ་ཅིག་ཡིན་ཞིང་།ཁོས་མདའ་གཞི་ཐོགས་ཏེ་དེའི་ཕག་ཏུ་བསྐུངས་ནས་ཉིན་ཞག་མང་པོར་བསྒུགས།ཉིན་དེར་རྒྱ་ཆུ་དཀར་མིག་དོགས་ཟོན་ཤོར་ནས་ར་མོ་མཁར་དམར་གྱི་ཕྱི་རུ་ཐོན་འཕྲལ་དུ།སྒྲོ་རིང་མདུང་རྩེ་ཡིས་ལྕགས་མདའ་ཞིག་རྒྱ་ཆུ་དཀར་མིག་གི་ལྟོ་བར་གཟས་ནས་འཕངས་ཏེ་བསད།རྒྱ་ཆུ་དཀར་མིག་ཤི་བས་དེའི་འཁོར་གཡོག་ཐམས་ཅད་ཕྱོགས་བཞི་མཚམས་བརྒྱད་ལ་བྲོས་སོང་བར་བཤད།