མདོ་སྨད་ཡུལ་གྱི་རིས་མེད་དགོན་སྡེ་ཁག

༡   དགའ་ལྡན་ཆོས་གླིང་ལྷ་ཁང་།

དགའ་ལྡན་ཆོས་གླིང་ལྷ་ཁང་ནི་སྤྱི་ལོ་༡༩༨༨ལོར་བོད་སྟག་བཱ་ཏེན་དུ་བླ་མ་སྐལ་ལྡན་ནས་བཏབ།ཆོས་རྒྱུད་རིས་མེད་ཡིན།

འདི་ནི་སྤྱི་ལོ་༡༩༨༨ ལོར་ས་གནས་ཡུལ་མིས་ཞུས་ངོར་བླ་མ་སྐལ་ལྡན་བྱ་བས་གནས་གཟིགས་མཛད་དེ་ལྷ་ཁང་བཞེངས། ཕྱིས་མཚོ་སྔོན་པོའི་འགྲམ་རྒྱུད་དུ་སྒོམ་སྒྲུབ་བྱེད་བཞིན་པའི་ཧ་ཏ་དགེ་བཤེས་བྱ་བའང་གདན་འདྲེན་ཞུས་པས།དེས་དགའ་ལྡན་ཆོས་གླིང་ཞེས་པའི་མཚན་གནས་གནང་ཟེར།

 

 

༢    བྲག་དམར་དགོན་སྨིན་གྲོལ་དར་རྒྱས་གླིང་།

བྲག་དམར་དགོན་སྨིན་གྲོལ་དར་རྒྱས་གླིང་ནི་སྤྱི་ལོ་༡༨༤༠ལོར་ཐེམ་ཆེན་རྫོང་དུ་གཏེར་སྟོན་བླ་མས་བཏབ།ཆོས་རྒྱུད་རིས་མེད་ཡིན།

འདི་ལ་བཀྲ་ཚ་སྔགས་དགོན་ཡང་ཟེར་ཞིང༌། སྡེ་དགེ་རྫོགས་ཆེན་དགོན་གྱི་དགོན་ལག་ལྟ་བུར་བཤད། ཆོས་རྒྱུད་དགེ་རྙིང་གཉིས་རིས་མེད་ལྟ་བུ་ཡིན། ཕྱག་འདེབས་མཛད་མཁན་མཚན་གཞན་ལ་ཨ་ལགས་རྩི་གཡོག་ཀྱང་ཟེར་ལ། དེ་བའི་སྐུ་ཕྲེང་གསུམ་པས་འདི་ཉིད་བཏབ་པ་འདྲ། དགོན་སྡེ་ལ་ཆག་འཇིག་བྱུང་བ་ཡིན་

ནམ་ལན་གསུམ་ལ་རྒྱ་བསྐྱེད་བྱས་པར་གྲགས། སྤྱི་ལོ་༡༩༥༨ ལོར་རྒྱ་གཞུང་གིས་བཅོམ་སྟེ་ཆོས་སྒོ་བརྒྱབ། སྤྱི་ལོ་༡༩༨༡ ལོ་ནས་ས་གནས་དད་ལྡན་ཡུལ་མིསབསྐྱར་གསོ་བྱེད་མགོ་ཚུགས།

 

 

༣    བྱམས་པ་ལྷ་ཆེན།

བྱམས་པ་ལྷ་ཆེན་ནི་ཆུ་གི་མེར་དུ་ཡོད།འདེབས་མཁན་དང་བཏབ་ལོ་སོགས་མི་གསལ།

ཆོས་རྒྱུད་རིས་མེད་ཡིན།

འདི་རྒྱ་མི་ཚོས་ཏཱ་ཧོའུ་ཟིར་འབོད། བྱམས་ཆེན་འདི་འབུམ་གླིང་བྱམས་པ་དང་འདྲ་མཚུངས་གཞུ་འདོམ་སོ་དྲུག་ཅན་བཞུགས་ཤིང་། དེའི་གཡས་གཡོན་དུ་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་ཆེ་ཆུང་མང་བོ་བཞུགས་ཚུལ་ཡིག་ཆ་དུ་མར་གསལ། འཇིགས་བྱེད་དང་སེང་གེ་སོགས་ཀྱི་སྐུ་བརྙན་ཀྱང་ཡོད་གསུངས། སྔར་ལུང་བ་འདི་ཐམས་ཆད་ཆུས་གང་བས་ཆུ་གི་མེར་དུ་ཐོགས་པར་བཤད། ད་ལྟའི་གནས་ཚུལ་མ་ཤེས།

 

 

༤    ཞུ་གུས་ཁྲང་།

ཞུ་གུས་ཁྲང་ནི་ལང་ཇུའི་ཁོངས་སུ་ཡོད།ཆོས་རྒྱུད་རིས་མེད་ཡིན།

༢ ༩འདིར་གནས་བརྟན་བཅུ་དྲུག་དང༌། བདེ་མཆོག་དང་འཇིགས་བྱེད་སོགས་ཀྱི་སྐུ་བརྙན་ཡི་དམ་ཆོས་སྲུང་དག་གི་སྐུ་བརྙན་མང་བོ་བཞུགས་པར་བཤད།གྲོ་ཚང་སྐུ་ཕྲེང་གི་གདུང་རྟེན་འདིར་བཞུགས་པའི་བཤད་ཚུལ་ཡང་ཡོད་པ་འདྲ།རྒྱུས་གཞན་མི་གསལ། ད་ལྟའི་གནས་སྟངས་མ་ཤེས།

 

 

༥    ཚན་ཕུང་དུང་།

ཚན་ཕུང་དུང་ནི་ལང་ཇུའི་ཁོངས་སུ་ཡོད་ཆོས་རྒྱུད་རིས་མེད་ཡིན།།

འདིར་སངས་རྒྱས་སྟོང་སྐུ་དང༌། ཚེ་ལྷ་རྣམ་གསུམ་བར་དོའི་འཕྲང་གི་རྣམ་པ་འབུར་བཟོས་སུ་བྱས་པ་དག་བཞུགས་པར་བཤད། ལོ་རྒྱུས་གཞན་མི་གསལ། ད་ལྟའི་གནས་སྟངས་མ་ཤེས།

 

 

༦    ཤང་གུས་ཁྲང་།

ཤང་གུས་ཁྲང་ཡང་ལང་ཇུའི་ཁོངས་སུ་ཡོད།ཆོས་རྒྱུད་རིས་མེད་ཡིན།།

ལ་འདིར་ཐུབ་པ་གྲོང་ཁྱེར་མའི་བཞུགས་ཁང་ཡོད། ཤིང་སྐུ་ཆེན་པོ་དེའི་དབུས་གཙུག་ཏུ་རང་བྱོན་ཡིན་ཟེར་བའི་ཐུབ་སྐུ་བྱིན་ཅན་སོགས་བཞུགས་པར་བཤད། ལོ་རྒྱུས་གཞན་མི་གསལ། ད་ལྟའི་གནས་སྟངས་མ་ཤེས།

 

 

༧    ཐུ་བོ་ཟི།

ཐུ་བོ་ཟི་ནི་ལང་ཇུའི་ཁོངས་སུ་ཡོད།ཆོས་རྒྱུད་རིས་མེད་ཡིན།

འདིར་དབུ་ལ་ཚེ་དཔག་མེད་བཞུགས་པའི་ཇོ་བོ་རང་བྱོན་ཡོད་པས་བཤད་པས། སྔར་སྨོས་ཐུབ་སྐུ་དང་གཅིག་གམ་དཔྱད་ཅེས་མདོ་སྨད་ཆོས་འབྱུང་དུ་གསུངས། ལོ་རྒྱུས་གཞན་མི་གསལ། ད་ལྟའི་གནས་སྟངས་མ་ཤེས།།

 

 

༨    གྲུང་ཡང་ཟི།

གྲུང་ཡང་ཟི་ནིལང་ཇུའི་ཁོངས་སུ་ཡོད།ཆོས་རྒྱུད་རིས་མེད་ཡིན།

འདིར་ཚེ་དཔག་མེད་དང་ཀྱེ་རྡོར་སོགས་ཀྱི་སྐུ་བརྙན་བཞུགས་པར་བཤད་པ་ལས་གཞན་པའི་ལོ་རྒྱུས་མི་གསལ། ད་ལྟའི་གནས་སྟངས་མ་ཤེས།

 

 

༩    ཧུང་ཧྭ་ཟི།

ཧུང་ཧཱ་ཟི་ནི་ལང་ཇུའི་ཁོངས་སུ་ཡོད།ཆོས་རྒྱུད་རིས་མེད་ཡིན།

འདིར་ཐུབ་པ་མྱང་འདས་ཀྱི་རྣམ་པ་ཅན་བཞུགས།དེའི་ཉེ་འཁོར་རི་རྒྱུད་ལ་ཐུབ་སྐུ་གཟིམ་སྟབས་ཀྱི་རྣམ་པ་གསལ་བའི་ཚབ་ཏུ་བཞེངས་པར་ཡང་བཤད།ལོ་རྒྱུས་མི་གསལ།ད་ལྟའི་གནས་སྟངས་མ་ཤེས།

 

 

༡༠   ཏུ་ཧོ་ཡེ།

ཏུ་ཧོ་ཡེ་ནི་ལང་ཇུའི་ཁོངས་སུ་ཡོད།ཆོས་རྒྱུད་རིས་མེད་ཡིན།

འདིར་གསེར་ཟངས་ཀྱིས་གྲུབ་པའི་ཐུབ་སྐུ་བཞུགས་པའི་ལྷ་ཁང་ཡོད་ཅིང་།མིང་གོང་མ་ཡུང་ལོས་འདི་ལ་གཟུངས་བཞུགས་ཕུལ། མིང་རྒྱལ་རབས་ཐ་མའི་སྐབས་རྒྱ་སྤྲང་མང་བོས་སྐུ་གཟུགས་དེ་ཉིད་ཕྱིར་བཏོན་ནས། དཔྲལ་བའི་རིན་པོ་ཕྲ་རྒྱན་རྩ་ཆེན་ཞིག་ཡོད་པར་མཚོན་བརྒྱབ་ནས་ལེན་རྩིས་ལ་ལྟས་ངན་བསྟན་པས་མ་ནུས་ཟེར། ལོ་རྒྱུས་གཞན་མ་རྙེད། ལང་ཇུ་མཁར་ཕྱི་ནང་ཐམས་ཅད་ལྷ་ཁང་གིས་ཁེངས་ནས་ཡོད་འདུག་ཀྱང་རེ་རེ་བཞིན་བྲིར་མ་ལངས།

 

 

༡༡     བན་ཀོ་ཟི།

བན་ཀོ་ཟི་ནི་ལང་ཇུའི་ཁོངས་སུ་ཡོད།ཆོས་རྒྱུད་རིས་མེད་ཡིན།

 

འདིར་རྣམ་སྣང་དང་སའི་སྙིང་བོ། གནས་བཅུ་སོགས་ཀྱི་སྐུ་བརྙན་མང་བོ་བཞུགས་པའི་དགོན་སྡེའམ་ལྷ་ཁང་ལྟ་བུ་ཡོད།

 

 

༡༢    དུང་ཕོ་ཟི།

དུང་ཕོ་ཟི་ནི་ལང་ཇུའི་ཁོངས་སུ་ཡོད།ཆོས་རྒྱུད་རིས་མེད་ཡིན།

འདིར་ཐུབ་དབང་རྡོ་རྗེ་འཆང་གི་ལྷ་ཁང་ཡོད་ཟེར་བ་ལས་ལོ་རྒྱུས་གཞན་མ་རྙེད། ད་ལྟའི་གནས་སྟངས་མ་ཤེས།

 

 

༡༣     པད་མོ་ཟི།

པད་མོ་ཟི་ནི་ལང་ཇུའི་ཁོངས་སུ་ཡོད།ཆོས་རྒྱུད་རིས་མེད་ཡིན།

འདིར་སྟོན་པའི་སྐུ་བརྙན་བཞུགས་པའི་ལྷ་ཁང་ཙམ་ལས་འཆད་ཉན་ཡོད་པའི་བཤད་སྒྲུབ་ཀྱི་སྡེ་ནི་མེད་པ་འདྲ། ལོ་རྒྱུས་གཞན་མ་རྙེད། ད་ལྟའི་གནས་སྟངས་མ་ཤེས།

 

 

༡༤     ཤུ་ཕོ་ཟི།

ཤི་ཕོ་ཟི་ནི་ལང་ཇུའི་ཁོངས་སུ་ཡོད།ཆོས་རྒྱུད་རིས་མེད་ཡིན།

འདིར་དུས་གསུམ་སངས་རྒྱས་ཀྱི་སྐུ་བརྙན་བཞུགས་པའི་ལྷ་ཁང་ཡོད་ཟེར་བ་ལས་ལོ་རྒྱུས་གཞན་མ་རྙེད། ད་ལྟའི་གནས་སྟངས་མ་ཤེས།།

 

 

༡༥    བླ་མ་ཨ་ཝ་དྷུ་ཏིའི་སྒྲུབ་སྡེ།

བླ་མ་ཨ་ཝ་ངྷུ་ཏིའི་སྒྲུབ་སྡེ་ནི་ཀན་གྲུའུ་ཁོངས་སུ་ཡོད།ཆོས་རྒྱུད་རིས་མེད་ཡིན།

 

འདི་རྒྱལ་བུ་བློ་གྲོས་འཕེལ་གྱི་བླ་མ་དག་གིས་བཞུགས་གནས་སྒྲུབ་སྡེ་ངོས་གཙང་གསུམ་ཡོད་ཅེས་མདོ་སྨད་ཆོས་འབྱུང་དུ་གསུངས་ཀྱང༌། སྒྲུབ་སྡེ་དག་གི་མིང་མ་བཤད་པས་འདིར་འགོད་ཐབས་མ་བྱུང༌། རྗེ་ཐུའུ་བཀྭན་ཆོས་ཀྱི་ཉི་མས་འདི་ཕྱོགས་ཀྱི་ཡུལ་སྡེ་དང་བོད་མིའི་གཞིས་ལ་བསྔགས་པའི་ཚིགས་བཅད་ལོ་རྒྱུས་ཀྱི་རིན་ཐང་ཅན་ཡོད།

 

 

༡༦    བྷན་ཏ་ཧོར་གྱི་སྒོམ་གྲྭ།

བྷན་ཏ་ཧོར་གྱི་སྒོམ་གྲྭ་ནི་ཀན་གྲུའུ་ཁོངས་སུ་ཡོད།ཆོས་རྒྱུད་རིས་མེད་ཡིན།

འདི་སྔར་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་པེ་ཧར་བསམ་ཡས་ཀྱི་སྲུང་མར་འགུག་སའི་དགོན་སྡེ་འདི་ཉིད་ཡིན་ལ། དེ་སྐབས་སྒོམ་གྲྭ་བཅོམ་པའི་གྱང་རོ་དང་རྩིག་ཤུལ་ཕྱིས་ཀྱི་བར་དུ་ཡོད། སོག་སྐད་དུ་གུར་ལ་ཨུརྒེར་འབོད་པ་བརྡ་ལོག་ནས་ཡུ་གུར་དུ་གྲགས་པར་ཧོར་སོག་གི་མཁས་པ་དུ་མས་བཤད།

 

 

 

༡༧    སྒོ་མེ་མ་ཎི་ཁང་།

སྒོ་མེ་མ་ཎི་ཁང་ནི་སྤྱི་ལོ་༡༩༨༧ལོར་མདོ་ལ་རྫོང་ཁོངས་སུ་མང་ཚོགས་ནས་བཏབ།ཆོས་རྒྱུད་རིས་མེད་ཡིན།

འདི་ནི་སྒོ་མེ་དགོན་པ་བསྐྱར་གསོ་མ་བྱས་གོང་སྡེ་གཞུང་གིས་དགེ་སྒྲུབ་མཉམ་གསོག་བྱེད་ས་ཞིག་བསྐྲུན་པ་དེ་ཡིན་ལ། སྐུ་གསུང་ཐུགས་རྟེན་དང་། དུས་ཆེན་ཁག་གི་མཉམ་ཚོགས་སོགས་དགོན་མིང་ ཀྱང་མི་རུང་བ་མེད་པ་ལྟ་བུར་སྣང་།

 

About རྩོམ་སྒྲིག་པ།