མི་རིགས་རང་སྐྱོང་བཅོས་ཟེར་ནས་དབང་ཆ་བྱིན་ཚེ། རང་ལ་ཡོན་ཏན་མེད་ན། རང་གིས་རང་སྐྱོང་བྱེད་མི་ཐུབ།

གཙམ་ཚ་རྫོང་མི་རིགས་སློབ་འབྲིང་དུ་གསུངས།

འགོ་ཁྲིད་རྣམ་པ།  བློ་མཐུན་རྣམ་པ།

དེ་རིང་ང་ཚོ་གཅན་ཚ་རྫོང་ས་ཁུལ་ལ་ཞིབ་རྟོག་རྒྱག་པར་ཡོང་བའི་སྐབས་ལ་འདི་གའི་འགོ་ཁྲིད་པ་དང་མང་ཚོགས་རྣམས་ཀྱིས་སྙིང་ཐག་པ་ནས་དགའ་བསུ་དང་སྣེ་ལེན་གཟབ་རྒྱས་གནང་བར།ངས་པེ་ཅིང་ནས་ཡོང་བའི་བློ་མཐུན་རྣམས་ཀྱི་ཚབ་བྱས་ནས་ཁྱེད་ཚོ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་།

ད་ཐེངས་ང་ཏང་ཀྲུང་དབྱང་གི་བཀའ་མངགས་ལྟར་ནུབ་ཕྱོགས་ས་ཁུལ་འགའ་ཞིག་ལ་ཞིབ་རྟོག་རྒྱག་པར་ཡོང་ནས་ས་གནས་འདི་དག་གི་མི་རིགས་ཀྱི་སྲིད་ཇུས་དང་ཆོས་ལུགས་ཀྱི་སྲིད་ཇུས།དེ་མིན་གྱི་འབྲེལ་ཡོད་སྲིད་ཇུས་མཐའ་དག་ལག་ལེན་བསྟར་བའི་གནས་ཚུལ་ལ་ཞིབ་འཇུག་རྒྱག་རྒྱུ་ཡིན།

ཀྲུང་དབྱང་གི་གཙོ་འཛིན་རྣམ་པ་ཡིས་ནུབ་ཕྱོགས་ས་ཁུལ་གྱི་མི་རིགས་ཁག་གི་མི་དམངས་རྣམས་ལ་ཧ་ཅང་ཐུགས་འཁུར་ཆེན་པོ་གནང་གི་ཡོད་པར་མ་ཟད།ནུབ་ཕྱོགས་ས་ཁུལ་གྱི་མི་རིགས་ས་ཁུལ་གྱི་དེང་རབས་ཅན་བཞིའི་འཛུགས་སྐྲུན་གྱི་སྐོར་ལ་ཧ་ཅང་བརྩི་མཐོང་ཆེན་པོ་གནང་གིན་ཡོད་ལ།མི་དམངས་རྣམ་ལ་ཡང་སྙིང་ཉེ་བའི་འཚམས་འདྲི་གནང་གི་ཡོད།

མི་བཞི་ཚོགས་ཁག་གཏོར་བའི་རྗེས་དང་།ལྷག་པར་ཏང་གི་གྲོས་ཚོགས་ཐེངས་གསུམ་པ་དང་ལྔ་པའི་རྗེས་སུ་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས།འཐབ་ཕྱོགས་གཅིག་གྱུར་གྱི་སྲིད་ཇུས་ལ་སོགས་པ་རྣམས་རིམ་གྱིས་བསྐྱར་གསོ་དང་འབྲེལ།སྒོ་ཀུན་ནས་དོན་འཁྱོལ་བྱ་རྒྱུ་བྱས་ཡོད་པ་རེད།དེའི་རྐྱེན་གྱིས་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་དང་ལྷག་པར་དུ་ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་ཟེར་དེ་མཚོ་སྔོན་ས་ཁུལ་གྱི་གནས་ཚུལ་ལ་འགྱུར་ལྡོག་དང་ཡར་རྒྱས་ཧ་ཅང་ཆེན་པོ་འབྱུང་རྒྱུ་འགོ་ཚུགས་པ་རེད།མི་དམངས་ཚང་མ་ཡང་སྙིང་ཐག་པ་ནས་དེའི་སྐོར་ལ་དགའ་པོ་ཡོད་པ་རེད།

ང་ཡིན་ན་ཡང་གནས་ཚུལ་དེ་འདྲ་ཞིག་གི་འོག་ཡང་བསྐྱར་ལོ་བཅོ་བརྒྱད་རིང་ཡོང་མ་ཐུབ་པའི་རང་གི་ཕ་ཡུལ་མཚོ་སྔོན་ལ་ཞིབ་རྟོག་རྒྱག་པར་ཡོང་ཐུབ་པར་མ་ཟད།འདི་གའི་སྤུན་ཟླ་ཁག་གི་མི་རིགས་རྣམས་ལ་སླར་ཡང་ཐུག་ཐུབ་པ་བྱུང་བ་འདི་ང་ཧ་ཅང་དགའ་བ་ཡིན།

མཚོ་སྔོན་ས་ཁུལ་མཚོན་ན།བཅིངས་འགྲོལ་བྱས་པ་ནས་བཟུང་སྟེ་ང་བརྒྱད་ལོའི་བར་དུ་ཕྱོགས་གང་ཅིའི་ཐད་ནས་ཡར་རྒྱས་དང་འཕེལ་རྒྱས་ཧ་ཅང་ཆེན་པོ་བྱུང་བ་རེད།མི་རིགས་ཀྱི་འབྲེལ་བ་ཡིན་ན་ཡང་ཇེ་བཟང་ཇེ་ཡག་ཏུ་སོང་ནས་མིང་དང་དོན་མཚུངས་པའི་མི་རིགས་ཕན་ཚུན་བར་སྤུན་ཟླ་ལྟ་བུའི་འབྲེལ་བ་ཞིག་ཆགས་ནས།གཅིག་གིས་གཅིག་ལ་མི་དགའ་བ་དང་།གཅིག་གིས་གཅིག་ལ་བར་ཐག་ཡོད་པ་དེ་རིམ་གྱིས་སེལ།མི་རིགས་ཚང་མ་མཐུན་སྒྲིལ་དང་མཉམ་གནས།ཐུན་མོང་ནས་ཡར་རྒྱས་སུ་འགྲོ་བའི་བསྐལ་པ་དེ་འདྲ་ཞིག་བྱུང་ན་རེད།

དེང་གི་དུས་སྐབས་འདི་ནི་གསེར་ལྟ་བུའི་དུས་ཚོད་ཅིག་རེད།དེ་ང་ཚོ་མི་ཚང་མས་སེམས་ལ་དྲན་བཞིན་ཡོད།

༡༩༥༨ལོ་ནས་བཟུང་སྟེ་ང་ཚོའི་སྤྱི་ཡི་ལམ་ཕྱོགས་དེ་གཡོན་དུ་རིམ་གྱིས་ལྷུང་ནས་གཡོན་ལྷུང་གི་སྲིད་ཇུས་ཀྱི་མཛུབ་ཁྲིད་འོག་ཏུ།མཚོ་སྔོན་ས་ཁུལ་གྱི་བྱ་བ་མཐའ་དག་གཡོན་དུ་རིམ་གྱིས་ལྷུང་བ་རེད།

སྤྱིར་ན་མཚོ་སྔོན་ས་ཁུལ་ལ་དམངས་གཙོའི་བཅོས་སྒྱུར་བཏང་བ་དང་དགོན་པ་སོགས་ཡིན་ན་ཡང་ཆོས་ལུགས་བཅོས་སྒྱུར་བཏང་བ་དེ་ཡང་དག་པ་རེད།བཅོས་སྒྱུར་ངེས་པར་དུ་གཏོང་དགོས་པ་རེད།དགོན་པའི་ཆོས་ལུགས་ཀྱི་ནང་ན་ཡང་བཀས་བཀོད་རྒྱུད་འཛིན་གྱི་མི་སེར་དབང་སྒྱུར།བཤུ་གཞོག་གི་ལམ་ལུགས།གཉའ་གནོན་གྱི་ལམ་ལུགས་ལ་སོགས་པས་ཤན་ཞུགས་པ་དེ་དག་ཚང་མ་ངེས་པར་དུ་སྒྱུར་བཀོད་གཏོང་དགོས་པ་རེད།དེ་དག་ནི་སྤྱི་ཚོགས་ཀྱི་འགྱུར་ལྡོག་ལ་གཏོར་བརླག་ཡོད་པ་དང་གནོད་པར་མ་ཟད།ཆོས་ལུགས་རང་གི་དགོངས་དོན་ལ་ཡང་མི་མཐུན་པ་ཞིག་ཡིན་པས།དེ་དག་ངེས་པར་དུ་བསྒྱུར་དགོས་པ་རེད།

ཡིན་ནཡང་བཅོས་སྒྱུར་གྱི་སྐབས་ལ་ཆོས་ལུགས་ངོ་མ་དེ་ལ་སྲུང་སྐྱོབ་བྱེད་དགོས་པ་དང་།མང་ཚོགས་ཀྱི་ཆོས་དད་རང་མོས་ཀྱི་སྲིད་ཇུས་ལ་འགན་སྲུང་བྱེད་དགོས་པ་རེད།བློ་ཕམ་པ་ཞིག་ལ་ལག་ལེན་དངོས་སུ་བསྟར་བའི་སྐབས་ལ་ཆོས་ཀྱི་ནང་གི་སྒྱུར་བཀོད་གཏོང་རྒྱུ་དང་ཆོས་ལུགས་ངོ་མ་གཉིས་བསྲེས་ནས་ཚང་མ་ངོ་རྒོལ་བྱས་འདུག        ཆོས་ལུགས་མེད་པར་བཟོས་པ་རེད།མང་ཚོགས་ལ་ཆོས་སྒྲུབ་པའི་རང་དབང་མེད་པ་རེད།ཆོས་དད་རང་མོས་ཟེར་བ་མ་གཏོགས།དོན་ལ་ཆོས་སྒྲུབ་ཆོག་པ་མ་རེད།དགོན་པ་ཕལ་ཆེར་བཤིགསཟིན་པ་རེད།ཧོས་རིགས་ཀྱི་ལྷ་ཁང་ཕལ་ཆེར་བཤིགས།འགའ་ཞིག་སྒོ་བརྒྱབ།ཆོས་ལུགས་གང་ཡིན་ན་ཡང་ཕལ་ཆེར་མེད་པར་བྱས་ཟིན་པ་རེད།དེ་མ་འགྲིག་པ་རེད།

ངོ་ལོག་ཟིང་འཁྲུག་གི་ཐད་དུ་ཡིན་ན།ངོ་ལོག་ཟིང་འཁྲུག་ལངས་སའི་ས་ཆ་ཡོད་པ་རེད།དེ་ལ་ངེས་པར་དུ་དྲག་གནོན་གཏོང་དགོས་པ་རེད།ཟིང་འཁྲུག་དེ་ཞི་འཇགས་གཏོང་དགོས་པ་རེད།དེ་ནི་དོགས་པ་མེད་པ་ཞིག་དང་།དེ་ངེས་པར་དུ་ཡང་དེ་འདྲ་བྱས་ནས་བསྒྲུབ་དགོས་པ་ཞིག་རེད།

ཡིན་ན་ཡང་དོན་དག་བྱུང་བ་ལ།ཟིང་འཁྲུག་མ་ལངས་པའི་ས་ཁུལ་མང་པོ་ལ་ཡང་ཟིང་འཁྲུག་སྔོན་འགོག་ཡིན་ཟེར་ནས་མི་མང་པོ་བཟུང་སྟེ་བཙོན་ལ་མང་པོ་བཅུག           དེ་དག་ལ་ཟ་མ་ལ་སོགས་ཀྱི་ཐོག་ནས་དཀའ་ངལ་བྱུང་ནས་ཤི་སོང་བ་རེད།ན་ཚ་བྱུང་ནས་ཤི་སོང་བ་རེད།མི་ལ་ཉེས་པ་མེད་ཀྱང་སྲོག་ཐོག་གི་ཉེས་པ་བཏང་བ་ལ་སོགས་ཆག་སྒོ་མྱ་ངན་མང་པོ་བྱུང་བ་རེད།

དེ་ནི་ཟིང་འཁྲུག་ཚབས་ཆེན་གྱིས་རྒྱ་བསྐྱེད་ཟེརབ་དེ་རེད།ཟིག་འཁྲུང་ཞི་འཇགས་པའི་རྒྱ་བསྐྱེད་ཚབས་ཆེན་ཞིག་བྱུང་བ་རེད།དེ་མ་འགྲིག་པ་ཞིག་རེད།དེ་འཆུགས་སོང་བ་རེད།དེ་ནོར་འཁྲུལ་རེད།དེའི་རྗེས་ལོ་གསུམ་གྱི་རིང་ལ།ང་ཚོའི་རྒྱལ་ཁབ་ལ་འཚོ་བའི་ཐོག་དཀའ་ངལ་བྱུང་བ་རེད།མཚོ་སྔོན་ས་ཁུལ་ལ་ཡང་འཚོ་བའི་དཀའ་ངལ་བྱུང་ནས་མི་མང་པོ་ལྟོགས་ནས་ཤི་སོང་བ་རེད།དེའི་རྐྱེན་གྱིས་༡༩༥༨ལོ་ནས༡༩༦༢ལོ་ལ་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་ཁག་གི་མི་དམངས་ཀྱི་མགོ་ལ་དོན་དག་དང་སྡུག་བསྔལ།ཆག་སྒོ་དང་མྱ་ངན་མང་པོ་ཞིག་བྱུང་བ་རེད།དེ་ཚང་མ་མ་འགྲིག་པ་རེད།

༡༩༦༢ལོ་ནས་བཟུང་སྟེ་ཏང་གི་སྲིད་ཇུས་བཟང་པོ་ཡང་ཅུང་ཙམ་ཚུར་ལ་གསོས་པ་རེད།མཚོ་སྔོན་གྱི་གནས་ཚུལ་ཚང་མ་ཇེ་དགའ་རུ་སོང་བ་རེད།མི་དམངས་ཚང་མ་ཧ་ཅང་དགའ་བ་དང་།ཏང་གི་སྲིད་ཇུས་བཟང་པོ་སླར་ཡང་ཐོན་བྱུང་ཟེར་ནས་ཚང་མ་དགའ་བཞིན་ཡོད་པ་རེད།ཡིན་ནའང་བཀྲ་མི་ཤིས་རྒྱུ་ལ་དེ་ལ་ཡང་ཡུན་རིང་པོ་ཞིག་མ་སོང་བ་རེད།དྲུག་ཅུ་རེ་གཉིས།རེ་གསུམ།རེ་བཞི་ལོ་ནས་བཟུང་ཡང་དལ་མོ་བྱས་ནས་འགྱུར་སོང་བ་རེད།

དེའི་རྗེས་གཙང་མ་བཞིའི་ལས་འགུལ་ལངས་པ་རེད།དེའི་རྗེས་རེ་དྲུག་ལོ་ནས་བཟུང་སྟེ་རིག་གནས་གསར་བརྗེ་ཆེན་པོའི་ཚུན་ཆད་ལ་མི་རིགས་ཚང་མའི་མགོ་ལ་དོན་དག་མང་པོ་བྱུང་།དོན་དག་དེ་ང་ཚོ་གྲངས་ཉུང་མི་རིགས་གཅིག་པོ་མ་རེད།རྒྱ་རིགས་ལའང་ལོ་རྒྱུས་ཀྱི་ཐོག་སྔར་གྲགས་མ་མྱོང་བའི་ཆག་སྒོ་དང་མྱ་ངན་བྱུང་།དེ་ཡི་མིང་ལ་ལོ་རྒྱུས་ཀྱི་ཆག་སྒོ་ཞེས་བཤད་ཀིན་ཡོད།དེའི་རྗེས་ལ་མི་བཞི་ཚོགས་ཁག་གཏོར་རྗེས་ང་ཚོའི་རྒྱལ་ཁབ་ཡོངས་རྫོགས་ཀྱི་གནས་ཚུལ་ཚང་མ་ཇེ་དགའ་རུ་སོང་བ་རེད།

དེང་སང་རིང་ཞའོ་ཕིན་ལ་སོགས་པའི་བློ་མཐུན་ཚོས་ཚབ་བྱས་པའི་ཏང་ཀྲུང་དབྱང་ཟེར་བ་ཧ་ཅང་བཟང་པོ་ཞིག་ཡོད།ཁོ་ཚོས་མི་དམངས་ཀྱི་དོན་ལ་སེམས་འཁུར་གནང་གི་ཡོད་པ་རེད།མི་དམངས་ཚང་མའི་དོན་དག་ནམ་ཡིན་ན་ཡང་ཐུགས་ལ་དགོངས་ཀྱིན་ཡོད།ཁོ་ཚོའི་བསམ་པ་དང་ང་ཚོ་མི་རིགས་ཁག་གི་མི་དམངས་དུང་ཕྱུར་བཅུ་ཐམ་པ་ཡི་བསམ་པ་ལྷན་ཅུག་ཏུ་འབྲེལ་ཡོད་པ་རེད།ཁོང་ཚོས་གཏན་ལ་ཕབ་པའི་བྱེད་ཕྱོགས་ལམ་ཕྱོགས་སྲིད་ཇུས་མཐའ་དག་ཀྲུང་གོ་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་དང་།དེའི་ནང་དུ་ང་ཚོ་གྲངས་ཉུང་མི་རིགས་ཀྱི་ཁེ་ཕན་དང་ཡང་མཐུན་པ་རེད།དེའི་རྐྱེན་གྱིས་ངའི་རེ་བ་ལ་ཁྱོད་ཚོས་དེང་སང་གི་ཏང་ཀྲུང་དབྱང་ལ་ཡིད་ཆེས་དང་དགའ་ཞེན་བྱེད་དགོས་པ་རེད།ཏང་གི་མི་རིགས་སྲིད་ཇུས་ལ་མཚོན་ན།

སྔོན་ཆད་༡༩༥༨ལོ་ནས་བཟུང་སྟེ་མི་རིགས་རང་སྐྱོང་དེ་མིང་ལ་རང་སྐྱོང་ཟེར་བ་མ་གཏོགས་དོན་ལ་རང་སྐྱོང་ཡོད་པ་མ་རེད།མིང་ཙམ་རེད།མི་རིགས་ཀྱི་དོན་དག་ཚང་མ་སྐད་ཡིག་རེད།མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་བྱེད་རྒྱུ་རེད།མི་རིགས་ཀྱི་ཁེ་དབང་རེད།དེ་ཚོ་ཚང་མ་ལ་རྡོག་རྫིས་བཏང་བ་རེད།དཔེ་བཞག་ན།རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ཡོད་པ་རེད།མིང་ལ་བོད་རིགས་རང་སྐྱོང་ཁུལ་ཞེས་བཏགས་ཡོད་ཀྱང་འདི་ལ་བོད་རིགས་ཀྱི་སྐད་ཡིག       བོད་རིགས་ཀྱི་ཁྱད་ཆོས་ཚང་བའི་དོན་དག་ཚང་མ་ཡོད་པ་མ་རེད།

ཁུལ་གྱི་ལས་བྱེད་པ་ཡིན་ན་ཡང་།བོད་རིགས་ཀྱི་རང་ཁྱིམ་རང་བདག་གི་མཁས་པ་ཅུང་ཉུང་བ་རེད། དེའི་རྐྱེན་གྱིས་རང་སྐྱོང་དེ་མིང་ཙམ་ཞིག་ཡིན་པ་མ་གཏོགས་དོན་དངོས་མིན། ཕྱིན་ཆད་དེ་ལྟ་བུའི་གནས་ཚུལ་ཚང་མ་བསྒྱུར་དགོས་པ་རེད། རང་ཁྱིམ་རང་བདག་བྱེད་དགོས་པ་རེད། རང་གི་ཁེ་དབང་དངོས་སུ་ལོངས་སྤྱོད་དགོས་པ་རེད།

དེའི་རྐྱེན་གྱིས་ཕྱིན་ཆད་མི་རིགས་ཀྱི་ལས་བྱེད་པ་རིམ་གྱིས་ཇེ་མང་དུ་གཏོང་དགོས་པ་རེད། རང་མི་རིགས་ཀྱི་སྐད་ཡིག་སྤྱོད་དགོས་ན་མི་རིགས་ཀྱི་ཁྱད་ཆོས་དང་མཐུན་པའི་བྱ་བ་མཐའ་དག་རིམ་གྱིས་ཡར་རྒྱས་སུ་གཏོང་དགོས་པ་དེ་རེ ད། མི་རིགས་ཀྱི་དཔལ་འབྱོར། མི་རིགས་ཀྱི་རིག་གཞུང་དེ་དག་ཚང་མ་ཡར་རྒྱས་གཏོང་དགོས་པ་དེ་ཕྱོགས་གཅིག་རེད །

ཕྱོགས་གཞན་ཞིག་ནི་ང་ཚོས་རྒྱ་རིགས་དང་རྒྱ་རིགས་ལས་བྱེད་པའི་རོགས་རམ་དང་ལེན་བྱེད་དགོས་པ་རེད། ང་ཚོ་གྲངས་ཉུང་མི་རིགས་རང་གཅིག་པུ་ཡིས་ཡར་རྒྱས་གཏོང་རྒྱུའི་བྱ་བ་དེ་གང་ཅིའི་ཐད་ནས་ཧ་ཅང་འཁྱོངས་ཀྱི་ཡོད་པ་མ་རེད། དེའི་རྐྱེ ན་གྱིས་རྒྱ་རིགས་ལ་ངོ་རྒོལ་བྱེད་མི་རུང་། རྒྱ་རིགས་ལ་འཐབ་རེ ས་རྒྱག་མི་ཉན། རྒྱ་རིགས་བློ་མཐུན་གྱིས་ཚུར་ལ་རོགས་བྱས་པ་དེ་དང་ལེན་བྱེད་དགོས།

སྤྱིར་ན་སྔོན་ཆད་རྒྱ་རིགས་ལས་བྱེད་པས་ང་ཚོ་ལ་ཕན་ཆེན་པོ་བཏགས་པ་མ་ཟད། ཆེས་མང་པོ་ཞིག་གིས་ཏང་གི་བཀའ་མངགས་ལྟ ར་ལྷག་བསམ་རྣམ་དག་གིས་ང་ཚོ་ལ་ཕན་བཏགས་པ་རེད། དེ་ཚོ་ལ་ཡང་ཕར་ལ་བཀའ་དྲིན་ཆེ་ཞེས་བཤད་པ་ཡིན།

རྩ་བ་དེང་ཕྱིན་ཆད་ཆབ་སྲིད་ཐོག་ཡིན་ན་ཡོངས་སུ་འདྲ་མཉམ་གྱིས་ཁེ་དབང་ལོངས་སུ་སྤྱོད་དགོས་པ་རེད། དཔེ་བཞག་ན། བར་སྐབས་ལས་ཁུངས་ཀྱི་ནང་ནས་ཡིན་ན་གྲངས་ཉུང་མི་རིགས་ཁག་གི་ལས་བྱེད་པ་ཡོན་ཏན་མེད་པ།མི་ཡོད་ན་ཡང་དབང་མེད་པ་དེ་འདྲའི་གནས་ཚུལ་ཡོད་པ་རེད། དེ་དག་རི མ་གྱིས་མེད་པར་གཏོང་དགོས་པ་རེད། དེ་ལ་དོན་དག་གཉིས་ཡོད་དེ།།

གཅིག་ཆབ་སྲིད་ཀྱི་ཐོག་རེད། གནས་ཚུལ་དེ་མྱུར་མོར་མེད་པར་གཏོང་དགོས།

གཉིས་ཡོན་ཏན་གྱི་ཕྱོགས་རེ ད། དེ་ནི་རང་རང་གི་ཡོན་ཏན་བཟང་པོ་སྦྱོང་དགོས་པ་རེད། རང་རང་ལ་ཡོན་ཏན་མེད་ན་དེ་བཅའ་རྒྱུ་ཡོད་པ་རེད།དེའི་རྐྱེན་གྱིས་མི་རིགས་ལས་བྱེད་པ་ཚང་མས་རང་གིས་ཡོན་ཏན་སྦྱང་

རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དེ་ཚང་མས་སེམས་ལ་ཟུངས། ཏང་གི་ལས་བྱེད་པ་ནི་མི་དམངས་ལ་ལྷག་བསམ་རྣམ་དག་གིས་ཞབས་འདེགས་ཞུ་མཁན་རེད།མི་དམངས་ལ་ཕན་ཐོགས་དགོས། མི་དམངས་ལ་སྡུག་བཏང་ན་ཆོག་གི་མ་རེད།བློ་གཅིག་སེམས་གཅིག་གི་སྒོ་ནས་མི་དམངས་ལ་ཞབས་འདེགས་ཞུས། མི་དམངས་ཀྱི་ཞབས་ཞུ་བ་རེད། མི་དམངས་ལ་ཕན་བཏགས་ནས་བདེ་སྐྱིད་བྱུང་བ་དང་འཚོ་བ་ཇེ་ཡག་ཏུ་སོང་ན་དེ་རང་གི་དགེ་ཆོས་དང་རང་གི་སེམས་དགའ་བའི་བྱ་བ་ལ་འཛིན་དགོས། མི་དམངས་ལ་སྡུག་བསྔལ་བྱུང་ན་རང་གི་སྡུག་བསྔལ་དུ་བརྩི་དགོས་པ་རེད། ཁ་ལ་ཉན་དགོས། ཅི་རེད་ཟེར་ན་ཏང་གིས་མངགས་ནས་ཁྱོད་ཚོ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལ་འགྲོ་རྒྱུ་དང་། དེང་རབས་ཅན་བཞིའི་འཛུགས་སྐྲུན་བྱེད་རྒྱུའི་ལམ་འཁྲིད་མཁན་ཡིན། དེ་ཚོའི་ཁ་ལ་ཉན་དགོས།

ལས་བྱེད་པའི་ནང་ན་མི་དམངས་ལ་གནོད་སྐྱོན་གཏོང་བའི་མི་ངན་པ་ཡོད་ན།དེ་ཚོའི་ཁ་ལ་ཉན་མི་དགོས། ཁོ་ཚོའི་བྱེད་ཚུལ་དེ་ཏང་གི་སྲིད་ཇུས་དང་མི་མཐུན་པ་རེད། རྗེས་ནས་འདེ མས་བསྐོ་བྱེད་དུས། མི་དམངས་ཀྱི་བློར་མི་འབབ་པའི་མི་འདི་དག་འདེ མས་བསྐོ་མ་བྱས་ན་ཆོག་པ་རེད།

ང་ཚོའི་རྒྱལ་ཁབ་འདི་མི་དམངས་ཀྱི་སྲིད་གཞུང་ཡིན་པ་མ་གཏོགས་དཔོན་པོ་ཡི་སྲིད་གཞུང་མ་རེད། མི་དམངས་ཀྱིས་ཡར་ལ་ཁོ་བསྐོ་དགོས་པ་རེད། མི་དམངས་ཀྱི་བློ་ལ་ཁེལ་དགོས་པ་རེད། ལས་བྱེད་པ་མི་དམངས་ཀྱི་བློ་ལ་འབབ་པ་དེ་ཚོ་བསྐོ་དགོས་པ་རེད། དེ་འདྲ་ཞིག་བྱས་ན་ཕྱིན་ཆད་ཏང་གིས་ཀྱང་ཡིད་ཆེས་པ་དང་། མི་དམངས་ཀྱིས་ཀྱང་གཟེངས་བསྟོད། དེ་འདྲའི་མི་ལས་བྱེད་པ་ལ་བསྐོ་དགོས་པ་རེད།

དེ་མ་གཏོགས་མི་དམངས་ཀྱིས་སྡིག སྔོན་ཆད་རིག་གནས་གསར་བརྗེ་ཆེན་པོའི་སྐབས་ལ་མི་དམངས་ལ་སྡུག་བཏང་། དཔེ་བཞག་ན། སྐབས་དེ་ལ་མི་དམངས་ལ་གནོད། རང་གི་མི་རིགས་ཀྱི་བསམ་པ་མེད་པ། ལ་རྒྱ་མེད་པའི་ལས་བྱེད་པ་ལ་ལ་བཙོག དེ་འདྲའི་ལས་བྱེད་པ་ཡོད། ལས་བྱེད་པ་དེ་ཚོས་རང་རང་སྒྱུར་བཀོད་བཟང་པོ་བཏང་ན་བཟང་། སྒྱུར་བཀོད་ཀྱི་ཐོག་ནས་ཀྱང་ད་རུང་བསམ་པ་སྒྱུར་བཀོད་མ་བཏང་ན་འདེམས་བསྐོ་སྒྲུབ་དགོས་པ་མ་རེད། དེ་རེད། དེ་ལས་བྱེད་པ་ཡི་སྐོར་རེད།ད་འདི་ན་མི་རིགས་མང་པོ་ཡོད་པ་རེད། གཙོ་ཆེ་ཤོས་བོད་རིགས་རེད། དེའི་རྗེ ས་ཧོས་རིགས། རྒྱ་རིགས་བཅས་ཡོད། ཁྱོད་ཚོ་མི་རིགས་ཚང་མ་ཡི་འབྲེལ་བ་དེ་འདྲ་ཞིག་རེད། ཁྱོད་ཚོ་ཚང་མས། ངའི་རེ་བ་ལ་མི་རིགས་ཚང་མ་འགྲིག་མཐུན་བྱོས། གནད་དོན་ཡོད་ན་རི མ་གྱིས་ཐག་གཅད་ན་ཆོག་པ་རེད། བོད་རིགས་ཡིན་ནའང་རྒྱ་རིགས་དང་ཧོས་རིགས་ལ་ཕར་ལ་མཐུན་པོ་བྱོས། རྒྱ་རིགས་དང་ཧོས་རིགས་ཀྱིས་ཀྱང་ང་ཚོ་བོད་རིགས་ལ་ཚུར་ལ་མཐུན་པོ་བྱོས། མི་རིགས་སུ་ཡིན་རུང་གཅིག་གིས་གཅིག་ལ་ཐུབ་ཚོད་བཏང་ན་མི་ཆོག ཚང་མ་འགྲིག་མཐུན་བྱས། རང་རང་ཚང་མ་ལོག་ནས་ཐོན་སྐྱེད་བྱོས།ཁྱོད་ཚོས་ཐོན་སྐྱེད་བཟང་པོ་བྱོས། འཚོ་བ་གོང་འཕེལ་གཏོང་དགོས་པ་རེད།

བཅིངས་འགྲོལ་བཏང་བ་ནས་ད་བར་དུ་མི་དམངས་ཀྱི་འཚོ་བ་ས་ཆ་ལ་ལ་ནས་ཅུང་ཙམ་ཇེ་དགའ་རུ་སོང་ཡོད་པ་རེད། ལ་ལ་ད་རུང་ཇེ་དགའ་རུ་སོང་མེད་པ་རེད། གསར་བརྗེ་བྱེད་དགོས་དོན་ནི་ཐོན་སྐྱེད་ཡར་རྒྱས་སུ་གཏོང་རྒྱུའི་དོན་ཡིན། ཐོན་སྐྱེད་ཡར་རྒྱས་ལ་གཏོང་དགོས་དོན་གྱི་རྒྱུ་མཚན་ཅི་རེད་ཟེར་ན། མི་མང་གི་འཚོ་བ། རིག་གནས་འཚོ་བ་ལ་སོགས་པ་ཡར་རྒྱས་ལ་གཏོང་རྒྱུ་དེ་རེད། དེའི་རྐྱེན་གྱིས་ཚང་མས་ཐོན་སྐྱེད་བཟང་པོ་བྱོས། འཚོ་བ་ཡར་རྒྱས་ལ་གཏོང་བ་དང༌། འཚོ་བ་ཡར་རྒྱས་ལ་བཏང་བའི་རྨང་གཞིའི་ཐོག་ནས་

སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་བཞིའི་འཛུགས་སྐྲུན་ལ་ལེགས་སྐྱེས་འབུལ་དགོས།

ཆོས་དད་རང་མོས་ཀྱི་སྐོར་ལ་ངས་བཤད་ན་ཡང་ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་ནི་ནམ་ཡང་འགྱུར་བ་མེད་པ་ཞིག་རེད། མི་དམངས་ནང་ཆོས་ལ་དད་པ་བྱེད་མཁན་ཡོད་ན། དེ་ནམ་ཡིན་ཡང་འགྱུར་རྒྱུ་མ་རེ ད། དེའི་རྐྱེན་གྱིས་ཕྱིན་ཆད་ཆོས་དད་བྱེད་རྒྱུ་ལ་སྐྲག་མི་དགོས། རང་རང་ཆོས་ལ་དད་པ་ཡོད་ན་ཆོས་བྱེད་ན་ཆོག ལས་བྱེད་པས་དེ་བཀག་འགོག་བྱེད་མི་ཆོག བཀག་འགོག་བྱས་ན་ཏང་གི་སྲིད་ཇུས་དང་འགལ་བ་རེད། རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་འགལ་བ་རེད།

མི་དམངས་ཆོས་དད་རང་མོས་ཀྱི་སྲིད་ཇུས་དེ་ང་ཚོའི་རྩ་ཁྲིམས་ཀྱི་ནང་ན་གཏན་ལ་ཕབ་ཡོད་པ་མ་ཟད། ཉེས་སྤྱོད་ཁྲིམས་གཅོད་ཀྱི་ནང་ན་ཡང་།ཆོས་དད་རང་མོས་དང་མི་རིགས་ཀྱི་གོམས་གཤིས་གཏོར་སྐྱོན། བཀག་འགོག་བྱེད་མཁན་ཡོད་ན། དེ་ལ་ཁྲིམས་གཅོད་བྱེད་རྒྱུ་ཟེར་བའི་ཡི་གེ་གསལ་པོར་བཀོད་ཡོད་པ་རེད།

ལས་བྱེད་པ་ཚང་མས་ཆེས་སྣོག་གང་སྣོག ལྔ་བཅུ་ང་བརྒྱད་དང་རིག་གནས་གསར་བརྗེ་ཆེན་པོའི་སྐབས་ཀྱི་བཅའ་ཚུལ་ན་གེ་ནོག་གེ་དེ་བཅའ་མི་ཆོག་པ་དེ་རེད། ཆོས་ལ་དད་པ་བཅོས་ན་ཡང་རང་དབང་རེད། ཆོས་ལ་

དད་པ་མི་བཅའ་ན་ཡང་རང་དབང་རེད། ཆོས་ལ་དད་པ་ཡོད་མཁན་གྱིས་ཆོས་ལ་དད་པ་མེད་མཁན་ཚོའི་ཁེ་དབང་ལ་བརྩི་འཇོག་བྱེད་དགོས་པ་རེད། ཆོས་ལ་དད་པ་མེད་མཁན་ཚོས་ཆོས་ལ་དད་པ་ཡོད་མཁན་གྱི་ཁེ་དབང་དེ་ལ་བརྩི་འཇོག་བྱེད་དགོས་པ་རེད། མི་སུ་དང་སུ་ཡིན་ན་ཡང་བཙན་པོ་བྱས་ནས་ཆོས་ལ་དད་པ་བཅའ་རུ་འཇུག་རྒྱུའི་དབང་ཆ་ཡང་མེད་ལ། ཆོས་ལ་དད་པ་མི་བཅའ་བར་འཇུག་རྒྱུའི་དབང་ཆ་ཡང་མེད།

དགོན་པ་ཚོ་ཡིན་ན་ཡང་མང་ཚོགས་ལ་དགོས་མཁོ་ཡོད་ན། སྒོ་ཕྱེ་ན་ཆོག་རྒྱུ་རེད། སྔོ ན་ཆད་འདི་ནས་དགོན་པ་འགའ་ཞིག་སྒོ་ཕྱེ་བ་རེད། ད་རུང་དགོན་པ་སྒོ་མ་ཕྱེ་བ་ཡོད་པ་རེ ད། དགོན་པ་ཚང་མ་ཡང་མང་ཚོགས་ཀྱི་

ཆོས་དགེ་ལ་དགོས་མཁོ་ཡོད་ན། རང་རང་ལ་ཆ་རྐྱེན་འཛོམས་ན། དགོན་པ་ཚོའི་སྒོ་ཕྱེ་ན་ཆོག་པ་རེ ད། ཡིན་ན་ཡང་། དགོན་པ་སྒོ་ཕྱེ་རྒྱུ་ལ་སྲིད་ཇུས་ཀྱི་ཐོག་ནས་བཤད་ན་དགོན་པ་སྒོ་ཕྱེ་ན་ཆོག་པ་རེད། ཆོས་ཕྱོགས་ནས་བཤད་ན་དགོན་པ་སྒོ་ཕྱེ་ན་བླ་མ་དགེ་འདུན་ཚོ་དགོན་པའི་ནང་ལ་བཞུགས་པ་ཚང་མས་ཆོས་བཞིན་འདུལ་བ་བཞིན་གནང་ན་བཟང་། དགོན་པ་གྲངས་ཀ་མང་རྒྱུ། གྲྭ་པ་མང་རྒྱུ་དེ་གཙོ་བོ་ཞིག་མ་རེད། ང་བརྒྱད་ལོ་ལ་ཁྱོད་ཚོ་ཚང་མས་ཤེས། གྲྭ་པའི་ནང་ནས་བསྟན་བཤིག་འགའ་རེ་ཐོན་ནས་ཚང་མར་སྡུག་གནག་པོ་བཏང་བ་ཁྱོད་ཚོ་ཚང་མས་ཤེས་པ་རེད།

གྲྭ་པ་མང་རྒྱུ་དེ་གཙོ་བོ་ཞིག་མ་རེད། གྲྭ་པའི་ནང་ནས་གྲྭ་པ་ཚང་མ་གཙང་མ། སངས་རྒྱས་ཀྱི་ཆོས་ལ་དད་པ་ཡོད་པ། ཆོས་བཞིན་འདུལ་བ་བཞིན་བཅའ་བ། དེ་འདྲ་བཅའ་དགོས་པ་མ་གཏོགས། དེང་སྐབས་དགོན་པ་འདི་ན་གྲྭ་པ་བརྒྱ་ཡོད། འདི་ན་གྲྭ་པ་བཞི་བརྒྱ་ཡོད། འདི་ན་སྟོང་གཉིས་ཡོད། སྟོང་ཚོ་སྟོང་ཚོ་ཡོད་ཀྱང་། འདིའི་ནང་ནས་ཆོས་བཞིན་འདུལ་བ་བཞིན་ལོངས་པ་ཅི་ཙམ་ཞིག་ཡོད། ད་དོན་དག་རེ་རེ ་མགོ་ལ་ཡོང་དུས་དེའི་ནང་ནས་བསྟན་བཤིག་འགའ་རེ་ཐོན་ནས་ཚང་མ་ལ་སྡུག་ཆེན་པོ་བཏང་། དེ་འདྲ་ཡིན་ན། གྲྭ་

པ་རྗེས་སུ་འཚོགས་དུས། དགོན་པ་སྒོ་ཕྱེ་ན་ཏང་གི་སྲིད་ཇུས་ལ་ཆོག་གི་རེད།ཡིན་ན་ཡང་། རང་རང་གི་གྲྭ་པ་ཡར་ལ་འཇུག་དུས་བསམ་བློ་བཟང་པོ་ཐོངས།ནང་ལ་ན་གེ་ནོག་གེ་མང་པོ་བཅུག་ན། དེ ས་མགོ་ལ་དོན་དག་ལས། དེ་དོན་དག་གཅིག་རེད།

དོན་དག་གཉིས་པ་ལ། ཚང་མས་སངས་རྒྱས་ཀྱིས་ཇི་ལྟར་གསུངས་པའི་ཆོས་བཟང་པོ་ཞིག་བཏོན་ན། མི་དམངས་ཀྱིས་ཀྱང་དད་པ་བཅའ་རྒྱུ་རེད།རྒྱལ་ཁབ་ཀྱིས་ཀྱང་སྲུང་སྐྱོབ་བྱེད་རྒྱུ་རེད། ཆོས་དད་རང་མོས་ལ་ཡང་ཕན་རྒྱུ་རེད། ད་དེ་མ་བྱས་པར་དགོན་པ་ནང་ནས་ཚོང་བརྒྱབ། མི་མང་ལ་མགོ་སྐོར་བཏང་། ནོམ་པ་ལ་ཧེབ་ཆེན་ལངས། རྫུན་བཤད། མོ་བརྒྱབ། ལྷ་བབས།རྫུན་བཤད་ནས། ངས་འདྲེ་མ་རིག་ནའང་འདྲེ་རིག་སོང༌། ལྷ་རིག་སོང་། ཁྱོད་ཀྱི་གམ་ན་གཅིག་གིས་གནོད་ཀྱི་ཡོད། ཁྱོད་ཀྱི་གམ་ན་ཅིག་ཡོད་ཟེར་བ་དེ་འདྲའི་

མོ་ལབ་རྒྱག དེ་འདྲའི་རྫུན་བཤད་མ་བྱེད།དེ་འདྲ་བྱས་ན་མི་འགའ་རེ་ཡིས་ཆོས་ནོམ་པ་བསྒྲིག་རྒྱུའི་དོན་རེད།

དེའི་དོན་ལ་ཆོས་བེད་སྤྱོད་བཏང་ནས། སྤྱི་ཚོགས་ཀྱི་བདེ་འཇགས་དཀྲུགས།ཐོན་སྐྱེད་ལ་གཏོར་བཤིག་བཏང༌། གསར་བརྗེ་ངོ་རྒོལ་གྱི་དཀྲོག་གཏམ་སྤེལ།ད་ཅི་ཅིག་ལ་གནམ་ཡིག་བབས་ཐལ། ད་ཅི་ཅིག་གིས་ལུང་བསྟན་བབས་ཐལ།གུང་ཁྲན་ཏང་ཚར་ལ་ཡོད་རེད། ད་ཅི་ཞིག་བཅའ་རྒྱུ་རེད། དེ་བྱས་ན། དེ་ཚོ་ཚང་མ་ཆོས་མ་རེད། དེ་ཚོ་ཚང་མ་གསར་བརྗེ་ངོ་ལོག་གི་བྱ་བ་རེད། སྤྱི་ཚོགས་གཏོར་བཤིག་གི་བྱ་བ་རེད། དེ་དང་ཆོས་གཉིས་བསྲེས་ན། ཆོས་ལ་ཡང་གནོད་པར་མ་ཟད། དེ་ལྟར་སྒྲུབ་མཁན་ཁྲིམས་ལ་སྦྱོར་གྱི་རེད།

དེའི་རྐྱེན་གྱིས། ད་འདི་ན་གྲྭ་པ་དང་སྔགས་པ་མང་པོ་འདུག དེ་ཚོ་ཚང་མས་ཆོས་བཅའ་ཆོས་བཤད། མི་སྣ་ཚང་མས་དོན་དག་འདི་དག་སེམས་ཆུང་བྱོས། སངས་རྒྱས་ཀྱིས་ཇི་ལྟར་གསུངས་པ་ནང་བཞིན་གྱིས། ཕར་སོང་ལ་ཁྱོད་ཚོ་སྐྲག་ས་དོག་ས་གཅིག་ཀྱང་མེད། མང་ཚོགས་ཀྱིས་ཁྱོད་ཚོ་བཟང་གི་ཟེར་རྒྱུ་རེད། འུ་ཚོ་སྐྲག་ས་ཡོད་པ་མ་རེད། ན་གེ་ནོག་གེ་རང་གིས་བཅོས་ན། མང་ཚོགས་ཀྱིས་ཀྱང་མི་བཟང་གི་ཟེར་རྒྱུ་རེད། རྒྱལ་ཁབ་ཀྱིས་ཀྱང་ཁྱོད་ཚོ་ལ་ཁྲིམས་ཀྱི་རྡུང་རྡེག་གཏོང་རྒྱུ་རེད། དེ་ཚང་མ་སེམས་ལ་ཞོག

ད་ཆོས་ལུགས་ནང་དུ་ཡིན་ན་ཡང་། ང་ཚོ་ཁོམ་བྱུང་ན། ཆོས་ལུགས་པ་ཕན་ཚུན་མི་འགྲིག དེ་ཚང་མ་དེ་ལྟར་དམ་བཅའ། ང་ཚོ་འདི་ན་དགེ་ལུགས་པ་ཡོད། ཡང་རྙིང་མ་ཨ་ཁུ་དཔོན་ཡོད་པ་རེད། ཁོམ་བྱུང་ན་དཔོན་གྱིས་ཟེར་བར་ང་དཔོན་བཟང་ང་ལ་ནུས་པ་ཡོད། གྲྭ་པས་ཟེ ར་བར་ང་གྲྭ་པ་བཟང་། ཅིག་ཡིན་འདི་ཡིན། ད་དེ་འདྲ་མ་ཤོད། ཚང་མ་སངས་རྒྱས་ཤཱཀྱ་ཐུབ་པའི་རྗེས་འཇུག་རེད། ང་ཚོ་ཆོས་ལུགས་ཀྱི་གྲུབ་མཐའ་མི་འདྲ་བ་མ་གཏོགས། གཅིག་གིས་གཅིག་ལ་བརྩི་བཀུར་བྱོས། གཅིག་གིས་གཅིག་ལ་འགྲིག་མཐུན་བྱོས། ནང་ཁུལ་ནས་རྡུང་རེས་མ་རྒྱག

དེའི་འཕྲོས་ན་འདི་ན་ཧོས་ཧོས་ཡོད་པ་རེད། ཧོས་ཧོས་ཚོས་བཤད་ན་ཧོས་ཧོས་ཀྱི་ཆོས་བཟང་། ཁྱོད་ཚོ་མི་བཟང་། ང་ཚོས་ཟེར་ན་ང་ཚོའི་ཆོས་བཟང་། ད་དེ་མ་ཟེར་ང་ཚོས་ང་ཚོའི་ཆོས་ལ་དད་པ་བྱོས། ང་ཚོ་ཕར་ཚུར་གཅིག་གིས་གཅིག་ལ་མི་བཟང་གི་ཟེར་རྒྱུ་དེ་མ་ཟེར། རང་རང་ས་ནས་སྡོད་ལ་འཚོ་བ་རོལ་དང་། དེའི་ནང་ན་འགྲིག་པོ་མི་མཐུན་རྒྱུ་ཅུང་ཙམ་ཡང་ཡོད་མ་རེད། ད་ཚང་མས་རྡུང་རེས་དང་གཅིག་གིས་གཅིག་ལ་རྩོད་པ། དོན་དག་མེད་སར་དོན་དག་ལས། དེ་འདྲ་མ་བཅའ། དེ་དུས་ངས་ཁྱོད་ཚོ་ལ་བཤད་པ་དེ་ཡིན།

ཆོས་ཡིན་ན་སངས་རྒྱས་ཀྱིས་གསུངས་པ་དེ་རེད། སྡི ག་པ་ཅི་ཡང་མི་བྱ་ཞིང་།། དགེ་བ་ཕུན་སུམ་ཚོགས་པར་སྤྱད།། རང་གི་སེམས་ནི་ཡོངས་སུ་འདུལ།། འདི་ནི་སངས་རྒྱས་བསྟན་པ་ཡིན།། གསུངས་པ་རེད། སངས་རྒྱས་ཀྱི་བསྟན་པ་ཟེར་བ། ངོ་མ་ཅི་ཞིག་རེ ད་ཟེར་ན། སྡིག་པའི་ལས་མི་བྱེད་རྒྱུ། དགེ་བའི་ལས་བྱེད་རྒྱུ། རང་གི་སེམས་མ་རུངས་པ་འདུལ་རྒྱུ། དེ་སངས་རྒྱས་ཀྱི་བསྟན་པ་རེད། སྐྱ་སེར་ཚང་མས་རང་རང་གིས་སྡིག་པའི་ལས་སྤོངས།

དགེ་བའི་ལས་ཚང་མས་སྒྲུབས།དེ་ནས་རང་གི་མ་རུངས་པ་འདུལ་ན་ཆོས་ངོ་མ་རེད། དེ་མ་གཏོགས་རང་རང་གི་ཁ་ཏོན་དགེ་སྦྱོར་ལ་སོགས་པ། རང་རང་གིས་ཅི་ཞིག་ལ་འབད་ཐུབ་པ་ཡོད་ན། ང་ཚོ་ཚང་མས་འབད་ལ། རང་རང་གིས་ཐུབ་པའི་བསྟན་སྐྱོང་དེ་ཡང་དོན་འཁྱོལ་བཅའ་དགོས་ཀྱི་རེད།

ཕྱོགས་གཅིག་ནས། དེ་ནས་ཚང་མས་རང་རང་གི་ཕ་མ་རེད། དེ་ལ་བདག་བཟང་པོ་བྱོས། ཞབས་ཞུ་བཟང་པོ་བྱོས། གུས་ཞབས་བཟང་པོ་བྱོས།

དེ་ཆོས་རེ ད། རྒན་འཁོགས་ཚོ་ལ་གུས་ཞབས་བྱོས། རྒན་འཁོགས་ཚོའི་ཉོན་ལ། ཚང་མས་བཟང་པོ་བྱོས། རིག་གནས་གསར་བརྗེ་ཆེན་པོའི་སྐབས་ལ་དེ་ཚང་མ་མགོ་མཇུག་བཟློག་པ་བྱུང་བ་རེད། སྤྱི་ཚོགས་ཀྱི་ཀུན་སྤྱོད་བཟང་པོ་དེ་ཚང་མ་མགོ་མཇུག་བཟློག་སོང་། སྔ་དུས་རྒན་འཁོགས་གྲལ་མགོ་ན་འདུག་གི་ཡོད། ད་རྒན་འཁོགས་ཚོ་གྲལ་རྔ་ནས་འདུག་གི་ཡོད། དེ་རིག་གནས་གསར་བརྗེ་ཆེན་པོའི་སྐབས་རེད། དེ་ཚང་མ་མ་འགྲིག་པ་རེད། མི་ཞིག་ཡིན་ན་མགོ་མཇུག་ཅུང་ཙམ་ཡོད་ན་བཟང་། མགོར་འདུག་དགོས་པ་མགོ་ནས་འདུག་གི་ཞོག མི་སུ་དང་སུ་ཡིན་ན་ཡང་། ད་ལྟ་རང་རང་ལོ་ཆུང་ཡིན་ན། ལོ་ཆུང་ཙམ་མི་འགོར་བར་རང་རང་ཡང་རྒན་འཁོགས་ཆགས་རྒྱུ་རེད། རྒན་འཁོགས་ཆགས་ན་བཟང་པོ་བྱེད་རྒྱུའི་གོམས་གཤིས་དེ་ཡོད་དགོས་པ་རེད། རྗེས་ནས་རང་རང་ལ་ཡང་དེ་ལོངས་སུ་སྤྱོད་རྒྱུ་ཡོང་རྒྱུ་རེད། རང་གི་ཕ་མ་ལ་གུས་ཞབས་བྱོས། རྒན་འཁོགས་ལ་གུས་ཞབས་བྱོས། དེ་ནས་གསར་བུ་ཚོ་ཡིན་ན་ཡང་ནང་ནས་གཅིག་གིས་གཅིག་ལ་མཐུན་པོ་བྱོས། རྡུང་རེས་རྒྱག་རྒྱུ་དེ་དཔའ་བོའི་བྱ་བ་མ་རེད། ཅུང་ཙམ་མ་འགྲིག་ན་གྲི་གཙགས་བྱེད་རྒྱུ། རྡུང་རེས་བྱེད་རྒྱུ་འདི་འདྲའི་གོམས་གཤིས་ངན་པ་ཡོད། དེ་འདྲ་མ་བྱེད། ཚང་མས་རྡུང་རེས་མ་རྒྱགརང་འདོད་ལྟར་མི་བསད་ན་རྒྱུ་མཚན་ཡོད་པ་མ་རེད། དེ་སྡིག་པའི་ལས་རེད།དེ་ཆོས་ལ་ཡང་མི་འགྲིག སུ་ལ་ཡང་མི་འགྲིག མི་གསོད་པ། རྐུ་བྱེད་པ། དེ་འདྲའི་བྱ་བ་མི་ལེགས་པ་མི་བྱེད་གལ། དེའི་དོན་ལ་རང་རང་གི་བྱིས་པ་ཚོ་ལ་གཅེས་དགོས་པ་རེ ད། བདག་བཟང་པོ་བྱེད་དགོས་པ་རེད། གཅེས་ན་གཅེས་ཚུལ་མང་པོ་ཡོད་པ་རེད། ངས་བལྟས་ན་གཅེས་ཚུལ་མི་འདྲ་པོ། རང་རང་གི་བྱིས་པ་ཚོ་ལ་སློབ་སྦྱོང་བཟང་པོ་བྱེད་བཅུག་ནས། ལོ་ཆུང་དུས་ཡོན་ཏན་སྦྱོང་དུ་བཅུག་ནས་ཡི་གེ་སློབ་པར་ཆུགས། ང་ཚོ་མི་རིགས་ཆུང་བ་ལ་ཡོན་ཏན་མེད་པས་གྱོང་ཧ་ཅང་ཆེན་པོ་རག་གི་ཡོད་པ་རེད། རང་གི་མི་རིགས་རང་སྐྱོང་བཅོས་ཟེ ར་ནས་དབང་ཆ་བྱིན་ཚེ། རང་ལ་ཡོན་ཏན་མེད་ན། རང་གིས་རང་སྐྱོང་བྱེད་མི་ཐུབ་པར་འདུག་པས། ཡི་གེ་ལ་སོགས་ཡོན་ཏན་བཟང་པོ་སྦྱོངས།ཕ་མ་ཚོས་རང་རང་གི་བྱིས་པ་ཚོ་སློབ་གྲྭར་འགྲོ་རུ་ཆུགས། དང་པོ་ལ་བོད་ཡིག་སློབ་དགོས། བོད་ཡིན་ན་བོད་ཡིག་སློབ་དགོས། མི་རི གས་གཞན་པ་ལ་ཡི་གེ་ཡོད་ན་རང་རང་གི་ཡི་གེ་སྦྱོངས། དེའི་རྗེས་ནས་རྒྱ་ཡིག་སྦྱང་དགོས།

དེ་ནི་ཚན་རིག་རེད། ཆབ་སྲིད་རེད། ལོ་རྒྱུས་རེད། དེ་དག་ལ་སོགས་པ་ཡོན་ཏན་གྱི་རིགས་རྣམ་པ་སྣ་ཚོགས་ཡོད། ཡོན་ཏན་ཚང་མ་སྦྱོངས། དེ་ལྟར་ཡོན་ཏན་ཡོད་ན། ཆོས་དང་འཇིག་རྟེ ན་གང་གི་ཐད་ནས་ཡིན་ན་ཡང་བླང་དོར་གྱི ་གནས་ཚང་མ་ཤེས་པ་ཡིན་པ་ལ་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད། དེ་ཚང་མས་སེམས་ལ་ཞོགད་མདོར་གཅིག་ཏུ་བསྡུས་ནས་བཤད་ན། ཆོས་བྱེད་ཀྱི་མི་སྣ་ཚང་མས་རྒྱལ་ཁབ་ལ་ཤ་ཚ་དགོས། རྒྱལ་ཁབ་ལ་དགའ་དགོས། རང་གི་ཆོས་ལུགས་ལ་ཡང་དགའ་དགོས། ཆོས་བྱེད་མི་སྣ་ལ་དམ་བཅའ་གཉིས་ཡོད་པ་རེད། རྒྱལ་གཅེས་ཀྱི་དམ་བཅའ་གཅིག རང་གི་ཆོས་ལ་གཅེས་པའི་དམ་བཅའ་དེ་གཉིས་རེད། དེ་ཚོ་ཚང་མས་མཉམ་ཞོགམདོར་ན་སྐྱ་སེར་ཕོ་མོ་ཚང་མས་ཀྲུང་གོ་གུང་ཁྲན་ཏང་ལ་དགའ་ཞེན་བྱེད་དགོས། གུང་ཁྲན་ཏང་གི་ཁ་ལ་ཉན་དགོས། ཏང་ལ་ཡིད་ཆེས་བྱེད་དགོས།མེས་རྒྱལ་ལ་དགའ་ཞེན་བྱེད་དགོས། ཐོན་སྐྱེད་བཟང་པོ་བྱོས། དེང་རབས་ཅན་བཞི་མངོན་འགྱུར་བྱེད་ཆེད་རང་རང་གི་ལེགས་སྐྱེས་འབུལ་དགོས་པ་དེ་རེད།འདི་ཚང་མ་ཁྱོད་ཚོ་ཡི་སེམས་ལ་ཞོག ངས་བཤད་པ་འདི་ཁྱོད་ཚོ་ཚང་མས་སེམས་ལ་ཟུངས། ད་བར་དུ་རྨ་ལྷོ ་ཁུལ་ལ་ཏང་གི་སྲིད་ཇུས་དོན་འཁྱོལ་བརྒྱབ་པ་བཟང་པོ་མ་རེད། དེང་ཕྱིན་ཆད་དོན་འཁྱོལ་བཟང་བོ་བྱེད་རྒྱུ་རེད། ཚང་མས་སེམས་བདེ་མོ་བྱོས། ཕྱིན་ཆད་ཀྱི་གནས་ཚུལ་ཇེ་བཟང་ཇེ་ལེགས་སུ་འགྲོ་རྒྱུ་མ་གཏོགས། ད་སྲིད་ཇུས་ལ་འགྱུར་བ་མེད།ཡང་ ༡༩༦༢ ལོའི་དེ་འདྲ་བྱེད་ན། ལོ་འགའ་ཞིག་ལ་བཟང་ཡང་།ཡང་དེ་འདྲ་ཞིག་བྱས་ན་དོན་དག་ཅིག་མི་ཡོང་ངམ་མ་འདོད། དེ་འདྲ་མི་ཡོང་།སྐྲག་མི་དགོས། ཚང་མས་སེམས་བདེ་མོ་བྱོས། རང་རང་གི་ཐོན་སྐྱེད་བཟང་པོ་བྱོས། སློབ་སྦྱོང་བྱེད་མཁན་ཚང་མས་སློ བ་སྦྱོང་བཟང་པོ་བྱོས། ཆོས་བྱེད་མཁན་ཚང་མས་རང་རང་གི་ཆོས་བཟང་པོ་བྱོས། ཆོས་དང་འཇིག་རྟེན་གང་གི་ཐད་ནས་ཀྱང་བཟང་པོ་བྱོས། ཏང་གི་ཁ་ལ་ཉོན་ལ་ཚང་མ་འགྲིག་མཐུན་བྱོས།ལས་བྱེད་པ་དང་མང་ཚོགས་ཡིན་ན་ཡང་འགྲིག་པོ་བྱོས། ལས་བྱེད་པ་ཡིན་ན་ཡང་མང་ཚོགས་ལ་གཅེས། མང་ཚོགས་ཡིན་ན་ཡང་ལས་བྱེད་པ་ལ་བརྩི་བཀུར་བྱོས། དེ་འདྲ་བྱས་ནས་ས་ཆ་ལ་བདེ་སྐྱིད་ལྡན་པ་ཞིག་བྱེད་རྒྱུ་ཚང་མས་སེམས་ལ་ཞོག

སྲིད་གཞུང་གིས་ངོས་ནས་ཡིན་ན་ཡང་ཐུགས་འཁུར་ཆེན་པོ་བཞེས་ཀྱི་ཡོད། ཀྲུང་དབྱང་གིས་ཐུགས་ཁུར་བཞེས་ཀྱི་ཡོད། མཚོ་སྔོན་ཧྲི ན་ཡུས་ཐུགས་ཁུར་ཆེན་པོ་གནང་གི་ཡོད། ཕྱིན་ཆད་གནས་ཚུལ་ཇེ་བཟང་ཇེ་ཡག་ལ་འགྲོ་རྒྱུ་རེད། ཚང་མས་སེམས་བདེ་མོ་བྱོས། ཁ་བརྡ་ན་གེ་ནོག་གེ གསར་བརྗེ་ངོ་ལོག་གི་དཀྲོག་གཏམ་འདྲ་བ་དེ་ལྟ་བུ་ལ་མ་ཉན། གཅིག་གིས་གཅིག་ལ་མི་འགྲིག་པའི་བྱ་བ་མ་བཅའ། ངས་བཤད་པ་དེ་ཡིན། དེ་ཁྱོད་ཚོ་ཚང་མས་སེམས་ལ་ཞོག དེ་བྱོས། ད་ཐེངས་ངས་ཁྱོད་ཚོ་ཚང་མའི་ཕུང་པོ་བདེ་མོ་དང་།

བདེ་སྐྱིད་ཡོང་བར་རྒྱལ་ཁབ་ཀྱི་ཆབ་སྲིད་སྟེང་ནས་བཤད་ན་སྨོན་ཚིག་ཡིན། ཆོས་ལུགས་ཀྱི་སྟེང་ནས་བཤད་ན། ངས་དཀོན་མཆོག་ལ་སྨོན་ལམ་རྒྱག་རྒྱུ་དེ་ཡིན།

ངས་བཤད་ཚར་སོང་།། །།

About རྩོམ་སྒྲིག་པ།