གཤེན་གྱི་འབྱུང་ལྡན་སུམ་བརྒྱ་དང་གཅིག་སྟེ། ཕྱི་ལོ་༡༩༥༨ལོར་མཚོ་སྔོན་ཁྲི་གཤོག་རྒྱལ་མོའི་ལྷོ་ངོས་རྨ་ཡུལ་ཁྲི་ཀ་རྫོང་སྟོང་ཆེ་ལུང་བའི་སྟོང་སྐོར་ཚང༌དུ་སྐུ་འཁྲུངས། ད་ལྟ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་སློབ་དཔོན་གྱི་ཕྱག་ལས་གནང་བཞིན་ཡོད། སློབ་སྦྱོང་གི་ཐོབ་ཐང་ནི། རབ་འབྱམས་པ། ལས་བྱེད་ཀྱི་ཐོབ་ཐང་ནི། ཞིབ་འཇུག་མཁན། ཞར་བྱུང་གི་སྤྱི་ཚོགས་ལས་གནས་ནི། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཤ་མན་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱི་གདན་ཞུས་ཞིབ་འཇུག་མཁན། བོད་ལྗོངས་སློབ་གྲྭ་ཆེན་མོའི་རྩོམ་རིག་ཚན་ཁག་གི་གདན་ཞུས་སློབ་དཔོན། མཚོ་སྔོན་བོད་སྨན་སློབ་གྲྭ་ཆེན་མོའི་གདན་ཞུས་སློབ་དཔོན། མཚོ་སྔོན་སྤྱི་ཚོགས་ཚན་རིག་ཁང་གི་གདན་ཞུས་ཞིབ་འཇུག་མཁན། ཡི་ཏ་ལི་རྒྱལ་ཁབ་ཀྱི་སྲིད་གཞུང་མ་ཡིན་པའི་ཚོགས་པ་ཨ་ཞིས་ཡ་རྒྱལ་སྤྱིའི་མཐུན་ཚོགས་ཀྱི་ཀྲུང་གོའི་ལས་གཞི་སྤྱིའི་བདག་གཉེར་པ།
སློབ་ཁྲིད་དང་རིག་གཞུང་གི་བྱ་འགུལ།
༡༩༧༧ . ༧ནས༡༩༨༢ . ༨མཚོ་སྔོན་ཞིང་ཆེན་མཚོ་ལྷོ་དགེ་ཐོན་སློབ་གྲྭའི་དགེ་རྒན།
༡༩༨༢ . ༩ནས༡༩༨༥ . ༧ མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཚན་ཁག་གི་སྤྲུལ་མཆོག་ཤར་གདོང་ཚང་དང་རྡོ་རྒྱལ་སྐུ་ལོ་ཚང་ལྷན་རྒྱས་ཀྱི་དྲུང་དུ་ཞིབ་ འཇུག་སློབ་མ་བྱས་ཤིང་མཐར་ཧྲོ་ཧྲིའམ་མ་སི་ཐི་ཟེར་བའི་ཐོབ་ཐང་ཐོབ།
༡༩༨༥ . ༧ནས༡༩༨༧ . ༣མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཚན་ཁག་ནས་དགེ་རྒན་བྱས།
༡༩༨༧ . ༣་ནས་༢༠༠༥༡ . ༢ཀྲུང་གོ་བོད་རིག་པ་ཞིབ་འཇུག་གི་ལྟེ་གནས་ཀྱི་ཆོས་ལུགས་ཞིབ་འཇུག་ཁང་ནས་ཞིབ་འཇུག་བྱེད་བཞིན་ཡོད།
༡༩༩༡ . ༡༡ནས༡༩༩༣ . ༡ ཡི་ཏ་ལི་རྒྱལ་ཁབ་ཀྱི་ན་པོ་ལིས་ཤར་ཕྱོགས་སློབ་གྲྭ་ཆེན་མོའི་མཁས་དབང་ནམ་མཁའི་ནོར་བུ་རིནཔོ་ཆེ་མཆོག་གི་མདུན་དུ་སློབ་གཉེར་བྱས།
༡༩༩༢་༣་༣༡ནས༤་༣ཡི་ཏ་ལི་རྒྱལ་ཁབ་ཀྱི་སར་རྡན་ཉ་ཟེར་བའི་གླིང་ཕྲན་དུ་ཡེ་ཤེ་ ཆོས་ལུགས་དང་ཐུབ་པའི་བསྟན་པ་ཟེར་བའི་རྒྱལ་སྤྱིའི་རིག་གཞུང་ཚོགས་འདུའི་སྟེང་ དུ་ཞུགས་ཤིང་ཁ་བྱང་དུ་བོད་ཀྱི་བོན་བསྟན་དང་བན་བོན་གཉིས་བར་གྱི་འབྲེལ་བ་ཟེར་བའི་ཡི་ཏ་ལིའི་སྐད་ཀྱི་དཔྱད་རྩོམ་བཀླགས།
༡༩༩༢ . ༨ . ༢༡ནས༢༨ནོར་ཝེ་རྒྱལ་ཁབ་ཀྱི་ཧྥ་ཀི་ནེ་སི་ནས་རྒྱལ་སྤྱིའི་བོད་རིག་པའི་ཞིབ་ འཇུག་ཚོགས་པའི་ཚོགས་ཐེངས་དྲུག་པར་ཞུགས་ཤིང་ཁ་བྱང་དུབོད་རྒྱལ་གནམ་གྱི་ཁྲི་བདུན་སྐབས་སུ་ཐུབ་པའི་བསྟན་པ་བོད་དུ་ཕེབས་མྱོང་བའི་སྐོརགྱི་དཔྱད་པ་ཟེར་བའི་ བོད་ཡིག་གི་དཔྱད་རྩོམ་བཀླགས།
༡༩༩༢ . ༨ . ༣༠ནས༩ . ༤ ཡི་ཏ་ལི་རྒྱལ་ཁབ་ཀྱི་ཨར་ཆིས་རྡོས་ནས་རྒྱལ་སྤྱིའི་བོད་སྐད་ཞིབ་འཇུག་ཚོགས་འདུ་ཐེངས་གཉིས་པར་ཞུགས་ཤིང་ཁ་བྱང་དུ་བོད་སྤྱི་འགྲོས་ཀྱི་སྐད་ཆའི་སྐོར་གྱི་ དཔྱད་པ་ཟེར་བའི་བོད་ཡིག་གི་དཔྱད་རྩོམ་བཀླགས། ༡༩༩༢༡༠༥ནས༡༢༢༠ ཞིས་ཡེ་ནའི་ཕྱི་གླིང་བའི་སློབ་གྲྭ་ཆེན་མོ་ནས་ཡི་ཏ་སྐད་ཡིག་མཐོརིམ A འཛིན་གྲྭར་ཞུགས་ནས་སློབ་སྦྱོང་བྱས།
༡༩༩༣༡ནས༨དབྱིན་ཇིའི་རྒྱལ་ཁབ་ཀྱི་ཨོ་ཁི་སི་ཧྥོརདི་གྲོང་ཁྱེར་ནས་ Godmcr དབྱིན་ཡིག་སློབ་གྲྭར་ཞུགས་ནས་དབྱིན་ཡིག་སྦྱངས།
༡༩༩༥་༦་༡༨ནས༢༤ ཨོ་ཏིས་ལི་རྒྱལ་ཁབ་ཀྱི་རྒི་ར་ཚི་ནས་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཆོགས་པའི་ཚོགས་ཐེངས་བདུན་པར་ཞུགས་ཤིང་ཁ་བྱང་དུ Draglag M0nastery and its Tribcs གྲ་ལག་དགོན་པ་དང་དེའི་ཚོ་ཁག་གི་སྐོར་ཟེར་བའི་དབྱིན་ཡིག་གི་དཔྱད་རྩོམ་བཀླགས།
༡༩༩༥༩ནས༡༩༩༦༧ ནོར་ཝེ་རྒྱལ་ཁབ་ཚན་རིག་ཁང་གི་མཐོ་རིམ་ཞིབ་འཇུག་ལྟེ་གནས་ནས་བོན་བསྟན་བཀའ་ འགྱུར་གྱི་དཀར་ཆག་གི་ཞིབ་འཇུག་ལས་གཞི་ལ་ཞུགས་ནས་རྒྱལ་ཁབ་དྲུག་གི་ཞིབ་འཇུག་ པ་བརྒྱད་ཀྱི་མཉམ་ལས་སྒོས་ཁ་བྱང་དུ A Catalogue of Bon Knjur བོན་བསྟན་བཀའ་འགྱུར་གྱི་དཀར་ཆག་ཟེར་བའི་དབྱིན་ཇི་སྐད་ཀྱི་དེབ་ཅིག་བསྒྲིགས་པ་དེ་ཕྱིས་སུ༢༠༠༣ལོར་འཇར་པན་ནས་པར་དུབསྐྲུན།
༡༩༩༦༧ནས༢༠༠༠༧འཇར་པན་རྒྱལ་ཁབ་མི་རིགས་རིག་པའི་བཤམས་སྟོན་ཁང་དང་ཀྲུང་གོ་བོད་ རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་བོན་དགོན་གྱི་ལོ་རྒྱུས་ཞིབ་འཇུག་ཟེར་བའི་མཉམ་ སྒྲུབ་ལས་གཞི་ལ་ཞུགས་ནས། མདོ་ཁམས་ཀྱི་བོན་དགོན་བརྒྱ་དང་སུམ་ཅུ་ལྷག་ཏུ་བཅར་ཏེ་དེ་དག་གི་ལོ་རྒྱུས་དང་ གནས་བབས་ཞིབ་ཏུ་བྲིས་ཤིང་གཞན་གྱིས་བྲིས་པའི་དབུས་གཙང་གི་བོན་དགོན་ལོ་ རྒྱུས་དང་བསྡོམས་ཏེ A Survey 0f B0npo M0nasteries and Temple1 in Tibet and the Himalayas བོད་དང་ཧི་མ་ལ་ཡའི་བོན་བསྟན་གྱི་དགོན་པ་དང་གསས་ཁང་ཞིབ་འཇུག་ཟེར་བའི་དབྱིན་ ཡིག་གི་དཔེ་ཆ་ཞིག་༢༠༠༣ལོར་འཇར་པན་གྱི་གྲོང་ཁྱེར་ཨོ་ས་ཁ་ནས་པར་དུ་བསྐྲུན།
༡༩༩༨་༧་༢༥ནས༣༡ཨ་རི་ནས་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་ ཐེངས་བརྒྱད་པར་ཞུགས་ཤིང B0np0 Tantrics in K0k0n0r Area མཚོ་སྔོན་པོའི་བོན་བསྟན་གྱི་སྔགས་འཆང་བ་ཟེར་བའི་དབྱིན་ཡིག་གི་དཔྱད་རྩོམ་བཀླགས།
༡༩༩༩་༨་༢༣ནས༢༨ འཇར་པན་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཨོ་ས་ཁ་ནས་བོན་ཞིབ་འཇུག་གི་ས་མཚམས་གསར་བ་ཟེར་ བའི་རྒྱལ་སྤྱིའི་བོན་གྱི་རིག་གནས་ཞིབ་འཇུག་གི་གྲོས་དཔྱོད་ཚོགས་འདུར་ཞུགས་ ཤིང་ The bla ma in the Bon religion in Amd0 and Khams མདོ་ཁམས་ཀྱི་བོན་པོའི་བླ་མ་ལ་དཔྱད་པ་ཟེར་བའི་དབྱིན་ཡིག་གི་དཔྱད་རྩོམ་བཀླགས།
༢༠༠༠་༦་༢༤ནས༣༠ ཧོ་ལན་རྒྱལ་ཁབ་ཀྱི་ལེ་ཏིན་ནས་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ ཚོགས་ཐེངས་དགུ་བར་ཞུགས་ཤིངA Ncw Bonp0 Ccnte-Shar-rdZa Hermitagc བོན་གྱི་ལྟེ་གནས་གསར་བ་ཤར་རྫ་རི་ཁྲོད་ཟེར་བའི་དབྱིན་ཡིག་གི་དཔྱད་རྩོམ་བཀླགས།
༢༠༠༣་༩་༦ནས༡༢དབྱིན་ལན་རྒྱལ་ཁབ་ཀྱི་ཨོའུ་ཁི་སི་ཧྥོར་ཏི་ནས་རྒྱལ་སྤྱིའི་བོད་ རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་ཐེངས་བཅུ་བར་ཞུགས་ཤིང B0np0 Education in sNang ZhigM0naStcry སྣང་ཞིག་དགོན་པའི་བོན་བསྟན་གྱི་སློབ་གསོ་ཟེར་བའི་དབྱིན་ཡིག་གི་དཔྱད་རྩོམ་བཀླགས།
༢༠༠༠་༣ནས༢༠༠༤་༦ འཇར་པན་གྱི་སྣ་ཚོགས་ཞིབ་འཇུག་སློབ་གྲྭ་ཆེན་མོའི་སློབ་དཔོན་ཡ་སུའུ་ཧིས་ཁོ་ན་ རྒ་ནོ་མཆོག་གི་དྲུང་ནས་མི་རིགས་རིག་པའི་སློབ་གཉེར་བྱས་ཤིང་མཐར་ The sNang Zhig Fami]y and itS MOnaStery – Anethnoaphic study of the sNang zhig hmily and its mOnastic inHucnce in the Amdo Bopo Society སྣང་ཞིག་ཚང་དང་སྣང་ཞིག་དགོན་པས་ཨ་མདོའི་སྤྱི་ཚོགས་ལ་ཤན་ཞུགས་པའི་སྐོར་ལ་མི་ རིགས་རིག་པའི་སྟེང་ནས་དཔྱད་པ་ཞེས་པའི་དབྱིན་ཡིག་གི་མཐར་ཕྱིན་དཔྱད་རྩོམ་ བྲིས་ཤིང་དམ་བཅའ་བཞག་པའི་མཐར་རབ་འབྱམས་པའི་ཐོབ་ཐང་ཐོབ།
སྤྱི་ཚོགས་ཀྱི་ལས་འགུལ། ༡༩༩༣ནས་བཟུང་སྟེ་ཡི་ཏ་ལི་རྒྱལ་ཁབ་ཀྱི་སྲིད་གཞུང་མ་ཡིན་པའི་ཚོགས་པ་ཨ་ཞིས་ཡ་ རྒྱལ་སྤྱིའི་མཐུན་ཚོགས་དང་མཉམ་ལས་བྱས་ནས་བོད་མདོ་དབུས་ཁམས་གསུམ་ཀུན་ནས་ མྱུར་སྐྱོབ་དང༌། སློབ་གསོ། རིག་གནས། འཕྲོད་བསྟེན་བཅས་ཀྱི་ཕྱོགས་ནས་རོགས་སྐྱོར་གྱི་ལས་གཞི་མང་པོ་བསྒྲུབས་ཤིང་ད་ ལྟའང་མུ་མཐུད་དུསྒྲུབ་བཞིན་པའི་སྒང་ཡིན།
རྩོམ་ཡིག
བོད་ཡིག་གིས་བརྩམས་པ་ནི།
༡བོན་པོའི་ལོ་རྒྱུས་གྲགས་ཅན་ལེགས་བཤད་མཛོད་ཀྱི་ངོ་སྤྲོད་མདོར་བསྡུས། ༼མཚོ་སྔོན་སློབ་གསོ༽༡༩༨༢ . ༦། ཟི་ལིང༌།
༢བོད་དེང་རབས་རྩོམ་རིག་གི་འཕེལ་རྒྱས་སྐོར་གླེང་བ། མཚོསྔོན་༼མི་རིགས་སྐད་ཡིག་གི་བྱ་བ༽༡༩༨༤༡། ཟི་ལིང༌།
༣ གཞོན་ནུ་ཟླ་མེད་ནང་གི་ངེས་འབྱུང་གི་བསམ་བློ་ལ་དཔྱད་པ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ། ༡༩༨༤་༢། ཟི་ལིང༌།
༤རྒྱལ་སྲས་ནོར་བཟང་ལ་དཔྱད་པ། མཚོ་སྔོན་སློབ་གསོ༡༩༨༥་༦། ཟི་ལིང༌།
༥བོད་ཀྱི་གནའ་རབས་སྒྲུང་གཏམ་ལ་སམ་སྐྲི་ཏའི་སྐད་ཀྱི་རྩོམ་རིག་གི་ཤན་ཞུགས་པའི་སྐོར་གྱི་དཔྱད་པ། ༼བོད་ཀྱི་ཤེས་རིག་དཔྱད་རྩོམ་ཕྱོགས་བསྒྲིགས༽དེབ་གཉིས་པ། ཤོག་ལྷེ༧༤ནས་༡༡༢བར། ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང༌། ༡༩༩༡ལོ། པེ་ཅིན།
༦ བོད་རྒྱལ་གནམ་གྱི་ཁྲི་བདུན་སྐབས་ཐུབ་པའི་བསྟན་པ་བོད་དུ་ཕེབས་མྱོང་བའི་སྐོར་གྱི་དཔྱད་པ། ༡༩༩༢། ནོར་ཝེ་ནས་འཚོགས་པའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་ཐེངས་དྲུག་པའི་དཔྱད་རྩོམ་ཕྱོགས་བསྒྲིགས Tibetan Studies ཟེར་བའི་པོད་གཉིས་པའི་ཤོག་ལྷེ༩༠༦ནས༩༡༢བར་གསལ། ༡༩༩༤ལོ། ཨོ་སི་ལོ། ནོར་ཝེ།
༧བོད་སྤྱི་འགྲོས་ཀྱི་སྐད་ཆའི་སྐོར་གྱི་དཔྱད་པ། ༡༩༩༢ལོ་ཡི་ཏ་ལི་ནས་འཚོགས་པའི་རྒྱལ་སྤྱིའི་བོད་ཀྱི་སྐད་ཡིག་སྐོར་གྱི་གྲོས་དཔྱོད་ཚོགས་འདུ་ཐེངས་གཉིས་པ་སྟེང་གི་ཚོགས་བཤད་དཔྱད་རྩོམ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ་སྟེང་དུ་བཀྲམས་ཤིང་ཕྱིས་སུ་༼བོད་ཀྱི་སྤྱི་སྐད་སྐོར་གྱི་ཆེད་རྩོམ་ཕྱོགས་བསྒྲིགསེ༽སུ་པར་དུ་བསྐྲུན་པ་དེའི་ཤོག་ ལྷེ་༢༢༧ནས༢༣༩བར་དུ་གསལ། མི་རིགས་དཔེ་སྐྲུན་ཁང༌། ༡༩༩༩ལོ།པེ་ཅིན།
༨ དཀར་མཛེས་རྫོང་གི་དགོན་པ་བཅུ་གཅིག་གི་ལོ་རྒྱུས་བྲིས་པ་༼ཁམས་ཕྱོགས་དཀར་མཛེས་ཁུལ་གྱི་དགོན་སྡེ་སོ་སོའི་ལོ་རྒྱུས་གསལ་བར་བཤད་པ་ནང་བསྟན་གསལ་བའི་མེ་ལོང༽གི་དེབ་དང་པོར་གསལ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང༌། ༡༩༩༩ལོ། པེ་ཅིན།
༩ གཡུང་དྲུང་བོན་གྱི་བཀའ་དང་བཀའ་བརྟེན་གྱི་བྱུང་བ་ལ་དཔྱད་པ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ། ༢༠༠༥་༡། ཟི་ལིང༌།
རྒྱ་ཡིག་གིས་བརྩམས་པ་ནི།
༡དྲི་མེད་ཀུན་ལྡན་ལ་ཐོག་མར་དཔྱད་པ། ༼བོད་ལྗོངས་ཞིབ་འཇུག་༽༡༩༨༨་༣། ལྷ་ས།
༢གནམ་གྱི་ཁྲི་བདུན་སྐབས་ཀྱི་བོན་བསྟན། ༼ཀྲུང་གོ་བོད་ཀྱིཤེས་རིག་༽༡༩༩༥༡པེ་ཅིན།
༣ གངས་ཏི་སེའི་གནས་རིའི་མཆོད་པ་དང་དེའི་མཐའ་འཁོར་གྱི་གནའ་རབས་རིག་གནས། ༼ཀྲུང་གོ་བོདཀྱི་ཤེས་རིག ༡༩༩༦་༡། པེ་ཅིན།
༤ ཡི་ཏ་ལིའི་བོད་རིག་པའི་ཞིབ་འཇུག་དང་ཐུབ་པའི་བསྟན་པ། ཁྲིན་ཆིན་དབྱིན་གྱིས་གཙོསྒྲིག་བྱས་པའི་དཔྱད་རྩོམ་ཕྱོགས་བསྒྲིགས་བོད་ཀྱི་ལོ་ རྒྱུས་དང་ཆོས་ལུགས་ཞིབ་འཇུག་གི་པོད་དང་པོ། ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང༌། ༡༩༩༦ལོ། པེ་ཅིན།
༥ ༼བོད་ཀྱི་ལོ་རྒྱུས་རིག་གནས་ཚིག་མཛོད༽་ནང་གི་བོན་གྱི་ཐ་སྙད་སྐོར་གྱི་འགྲེལ་ བཤད་ཐམས་ཅད་བྲིས། ཝང་ཡོ་དང་ཁྲིན་ཆིན་དབྱིན་གྱིས་གཙོ་སྒྲིག་བྱས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་དང་ཀྲེ་ཅང་མི་དམངས་དཔེ་སྐྲུན་ཁང༌། ༡༩༩ལོ། ལྷ་ས།
༦༼ཆོས་ལུགས་ཚིག་མཛོད་ཆེན་མོ་ནང་གི་བོན་གྱི་ཐ་སྙད་སྐོར་གྱི་འགྲེལ་བཤད་ཐམས་ ཅད་བྲིས། རིན་ཇི་ཡུས་གཙོསྒྲིག་བྱས། ཧྲང་ཧེ་ཚིག་མཛོད་དཔེ་སྐྲུན་ཁང༌། ༡༩༩༨ལོ།
༧ རྒྱལ་སྤྱིའི་བོན་པོའི་རིག་གནས་གྲོས་དཔྱོད་ཚོགས་འདུ་འཇར་པན་ནས་འཚོགས་པ། ༼ཀྲུང་གོ་བོད་ཀྱི་ཤེས་རིག༽༡༩༩༩༤པེ་ཅིན། དེ་བོད་ཡིག་ཏུ་བསྒྱུར་ནས་༼ཀྲུང་གོ་བོད་ཀྱི་ཤེས་རིག༽བོད་ཡིག་༡༩༩༦་༡དུའང་ བཏོན། པེ་ཅིན།
༨གཡུང་དྲུང་བོན་གྱི་བསྟན་བཅོས། / ཀྲུང་གོ་བོད་ཀྱི་རིག་གནས་སྒྱུ་རྩལ་ཀུན་འདུས་ཞལ་ཐང་ཆེན་མོའི་རྣམ་བཤད་མཐོང་ གྲོལ་ཀུན་གསལ་མེ་ལོང༽་གི་ཤོག་ལྷེ༡༠༨ནས༢༠༠བར་དུགསལ། མི་རིགས་དཔེ་སྐྲུན་ཁང༌། ༢༠༠༢ལོ། པེ་ཅིན།
༩ བོན་པོའི་གསས་ཁང་རིག་གནས་ལ་སྐྱར་དུ་དཔྱད་པ། ༼ཀྲུང་གོ་བོད་ཀྱི་ཤེས་རིག \ ༢༠༠༡་ལ། པེ་ཅིན།
༡༠བོད་བརྒྱུད་ནང་བསྟན་ནུབ་གླིང་ནས་དར་རྒྱས་གོང་འཕེལ་བྱུང་བའི་སྐོར་གྱི་གཏམ་ གླེང༌། ལྷག་པ་ཕུན་ཚོགས་དང་དགེ་ལེགས་ཀྱིས་གཙོ་སྒྲིག་བྱས་པའི་༼དེང་སྐབས་བོད་རིག་པའི་ ཞིབ་འཇུག་སྐོརགྱི་གཞུང་ལུགས་ཀྱི་གནད་དོན་འགའ། ཤོག་ལྷེ༢༢༩ནས༢༥༠བར་དུ་གསལ། ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང༌། ༢༠༠༢ ལོ། པེ་ཅིན།
༡༡བོན་པོའི་བཀའ་འགྱུར་གྱི་བྱུང་བ་དང་འཕེལ་རྒྱས། ༼བོད་ལྗོངས་ཞིབ་འཇུག༢༠༠༥ཡི་ལྷན་ཐབས།
༡༢བོད་བརྒྱུད་ནང་བསྟན་གྲྭ་བའི་སློབ་གཉེར་དང་ཐོབ་ཐང་སྐོར་གྱི་ཆེད་དམིགས་ཞིབ་ འཇུག་ཟེར་བའི་ཞིབ་འཇུག་ལས་གཞི་ལ་ཞུགས་ཤིང་དེའི་འབྲས་བུ་ལ་ཀྲུང་གོ་བོད་རིག་ པའི་ཞིབ་འཇུག་ལྟེ་གནས་ཀྱི་༢༠༠༢ལོའི་བྱ་དགའ་ཁྱད་པར་ཅན་ཐོབ།
༡༣གནའ་རབས་ཞང་ཞུང་གི་ཤེས་རིག་ལ་སྐྱར་དུ་དཔྱད་པ། ༼ཀྲུང་གོ་བོད་ཀྱི་ཤེས་རིག༽༢༠༠༥་༡། པེ་ཅིན།
བོད་ཡིག་དང་རྒྱ་ཡིག་གཉིས་ཀྱིས་བརྩམས་པ་ནི།
༡ཞང་ཞུང་གི་ཤེས་རིག ༼བོདལྗོངས་ཞིབ་འཇུག༽་རྒྱ་ཡིག༡༩༨༥༢ བོད་ཡིག༡༩༨༥་༣ལྷ་ས།
༢བོད་ཡིག་གི་འབྱུང་གཞི་ལ་གསར་དུ་དཔྱད་པ། ༼ཀྲུང་གོ་བོད་ཀྱི་ཤེས་རིག༽་གི་བོ། བོད་ཡིག༡༩༨༨་༡། རྒྱ་ཡིག༡༩༨༨་༡། པེ་ཅིན།
༣བོན་པོ་ཞིབ་འཇུག་སྐོར་གྱི་གནད་དོན་འགའ། ༼ཀྲུང་གོ་བོད་ཀྱི་ཤེས་རིག༽་གི་བོད་ཡིག༡༩༨༨་༣ རྒྱ་ཡིག༡༩༨༨་༣ལ། པེ་ཅིན།
༤བོན་གྱི་བསྟན་བཅོས་དང་དེའི་ཕྱོགས་བསྒྲིགས་ཀྱི་སྐོར་ལ་དཔྱད་པ། ༼ཀྲུང་གོ་བོད་ཀྱི་ཤེས་རིག་གི་རྒྱ་ཡིག༡༩༩༠་༢དང༌། ༼བོད་ལྗོངས་ཞིབ་འཇུག་གི་བོདཡིག༡༩༩༠་༤། ཕྱིས་སུ་དབྱིན་ཡིག་ཏུ་བསྒྱུར་ནས Thcsis0nTibcbl0 in China ༼ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་གི་དཔྱད་རྩོམ་ཕྱོགས་བསྒྲིགས༽་ཟེར་བར་པར་ དུབསྐྲུན། ༡༩༩༦ལོ། པེ་ཅིན།
དབྱིན་ཡིག་གིས་བརྩམས་པ་ནི།
༡ The DralagM0nastery and TitsTribe1 ༼གྲི་ལག་དགོན་པ་དང་དེའི་ལྷ་སྡེ༽། ༡༩༩༥ལོ་ཨོ་སི་ཁྲི་ཡ་རྒྱལ་ཁབ་ཀྱི་རྒི་ར་ཚི་ནས་འཚོགས་པའི་རྒྱལ་སྤྱིའི་བོད་ རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་ཐེངས་བདུན་པའི་དཔྱད་རྩོམ་ཕྱོགས་བསྒྲིགས Tibetan Studies ཟེར་བའི་པོད་གཉིས་པའི་ཤོག་ལྷེ༩༨༡ནས༩༨༤གི་བར་དུགསལ། ༡༩༩༧ལོ། ཨོ་སི་ཁྲི་ཡའི་རྒྱལ་ས་ཝེ་ཨེན་ནས་པར་དུབསྐྲུན།
༢ Lama 0f Bonpo Traditi0n inAmd0 andKhams/ ཨོ་མདོ་དང་ཁམས་ཀྱི་བོན་པོའི་བླ་མ༽། ༡༩༩༩ལོ་འཇར་པན་གྱི་གྲོང་ཁྱེར་ཨོ་ས་ཁ་ནས་འཚོགས་པའི་རྒྱལ་སྤྱིའི་བོན་པོའི་ རིག་གནས་གྲོས་དཔྱོད་ཚོགས་འདུའི་དཔྱད་རྩོམ་ཕྱོགས་བསྒྲིགས New H0ris0n1 in Bon Studies ༼། བོན་པོའི་རིག་གནས་ཀྱི་ས་མཚམས་གསར་བ༽་ཟེར་བའི་ཤོག་ལྷེ༤༡༧ནས་༤༢༨བར་དུ་གསལ། ༢༠༠ལོ་ཨོ་ས་ཁ་ནས་པར་དུ་བསྐྲུན།
༣ B0np0Tantrics inK0k0n0rArea ༼མཚོ་སྔོན་པོའི་ས་ཁུལ་གྱི་བོན་པོའི་སྔགས་འཆང༽། ༡༩༩༨ . ༧་༢༥ནས༣༡བར་དུ་ཨ་རི་ནས་འཚོགས་པའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ པའི་ཚོགས་ཐེངས་བརྒྱད་པའི་སྟེང་གི་དཔྱད་རྩོམ།
༤ A New Bonpo Cente Shar rdza Hemitage ༼བོན་གྱི་ལྟེ་གནས་གསར་བ་ཤར་རྫ་རི་ཁྲོད \ ། ༢༠༠༠་༦་༢༤ནས ༣༠ བར་དུ་ཧོ་ལན་གྱི་རྒྱལ་ས་ལེ་ཏིན་ནས་འཚོགས་པའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་ འཇུག་ཚོགས་པའི་ཚོགས་ཐེངས་དགུ་བའི་སྟེང་གི་དཔྱད་རྩོམ། ཚོགས་འདུ་དེའི་དཔྱད་རྩོམ་ཕྱོགས་བསྒྲིགས་སྟེ Khams pa Histories: Visi0n1 0f People, Place andAuth0r ། ཞེས་པའི་ཤོག་ལྷེ༡༥༥ནས༡༧༢བར་ཏུ་གསལ། K0ninklke BrillNV པར་སྐྲུན་ཁང༌། ཧོ་ལན་རྒྱལ་ཁབ་ཀྱི་ལེ་ཏིན་གྲོང་ཁྱེར་ནས༢༠༠༢ལོ་པར་དུ་བསྐྲུན།
༥ Monastic Education of Bon in sNang zhig ༼སྣང་ཞིག་དགོན་པའི་བོན་བསྟན་གྱི་སློབ་གསོ༽། ༢༠༠༣་༩་༦ ནས༡༢བར་དུ་དབྱིན་ལན་གྱི་གྲོང་ཁྱེར་ཨོ་ཁི་སི་ཧྥོར་དི་ནས་འཚོགས་པའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་ཐེངས་བཅུ་བའི་སྟེང་གི་དཔྱད་རྩོམ།
༦ A Survey0fBonp0 M0nasteries and Temples in Tibet and the Himalayas ༼བོད་དང་ཧི་མ་ལ་ཡའི་བོན་བསྟན་གྱི་དགོན་པ་དང་གསས་ཁང་ཞིབ་འཇུག་ཟེར་བའི་ཤོག་ལྷེ་༢༤༧ནས༦༦༨བར་དུ་གསལ། འཇར་པན་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཨོ་ས་ཀ་ན་ཡོད་པའི་རྒྱལ་གཉེར་མི་རིགས་རིག་པའི་བཤམས་སྟོན་ཁང་གི་པར་སྐྲུན་ཁང་ནས ༢༠༠༣ ལོ་པར་དུ་བསྐྲུན།
༧ ACatalogue ofthe Bon kanjur ༼བོན་པོའི་བཀའ་འགྱུར་གྱི་དཀར་ཆག༽། ནོར་ཝེ་རྒྱལ་ཁབ་ཚན་རིག་ཁང་གི་མཐོ་རིམ་ཞིབ་འཇུག་ལྟེ་གནས་ཀྱི་མགྲོན་འབོད་ལྟར་རྒྱལ་ས་ཨོ་སི་ལོ་ནས་རྒྱལ་ཁབ་གཞན་ནས་གདན་དྲངས་པའི་ཞིབ་འཇུག་པ་བརྒྱད་དང་མཉམ་དུ་བསྒྲིགས་ཤིང༌། འཇར་པན་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཨོ་ས་ཀ་ན་ཡོད་པའི་རྒྱལ་གཉེར་མི་རིགས་རིག་པའི་བཤམས་སྟོན་ཁང་གི་པར་སྐྲུན་ཁང་ནས༢༠༠༣ལོ་པར་དུབསྐྲུན།
༨ The sNng zhig Fnmily and its Monastery An ethnographic study of the mang zhig kmily and its monastic influence in the Amd0 Bonpo society ཨ་མདོའི་སྤྱི་ཚོགས་ནང་གི་སྣང་ཞིག་ཚང་དང་ཁོང་གི་དགོན་པའི་ཤན་ཞུགས་སྐོར་གྱི་ མི་རིགས་རིག་པའི་ཞིབ་འཇུག༽། ཧོ་ལན་རྒྱལ་ཁབ་ཀྱི Brill པར་སྐྲུན་ཁང་ནས་པར་དུ་སྐྲུན་བཞིན་ཡོད།
ཡི་ཏ་ལི་སྐད་ཀྱིས་བརྩམས་པ་ནི།
༡ La Religi0ne B0n e I su0i Rapp0rti c0n il Buddhi1m0 in Tibet ༼བོད་ཀྱི་བོན་བསྟན་དང་བན་བོན་གཉིས་བར་གྱི་འབྲེལ་བ༽།༡༩༩༢ལོ་ཡི་ཏ་ལི་རྒྱལ་ཁབ་ཀྱི་གླིང་ཕྲན་ས་རྡན་ཉ་ནས་འཚོགས་པའི་ཡུ་ཤེ་ཆོས་ལུགས་དང་བོད་བརྒྱུད་ནང་བསྟན་གཉིས་ཀྱི་ཞལ་ཏ་ཟེར་བའི་རྒྱལ་སྤྱིའི་རིག་གཞུང་གྲོས་དཔྱོད་ཚོགས་འདུའི་སྟེང་གི་དཔྱད་རྩོམ། དེའི་དཔྱད་རྩོམ་ཕྱོགས་བསྒྲིགས་ཏེ M0nache1im0 tibetan0 in dial0g0 ༼བོད་ཀྱི་བཙུན་པའི་སྐོར་གྱི་དྲི་ལན༽་ཟེར་བའི་ཤོག་ལྷེ༩༥ནས༡༠༠བར་དུ་གསལ། ཡི་ཏ་ལིའི་རྒྱལ་ས་རོ་མ་ནས༡༩༩༥ལོ་པར་དུ་བསྐྲུན།
བོད་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར་བ།
ཆོས་རྒྱལ་ནམ་མཁའ་ནོར་བུས་བརྩམས་པའི་བོད་ཀྱི་ཡ་ཐོག་གི་ལོ་རྒྱུས་སྐོར་ཞེས་པའི་དཔྱད་རྩོམ་༼བོད་ཡིག་གི་ཀྲུང་གོའི་བོད་ཀྱི་ཤེས་རིག༡༩༨༨དེ་རྒྱ་ཡིག་ཏུ་བསྒྱུར། རྒྱ་ཡིག་གི་དུས་དེབ་ཀྲུང་གོའི་བོད་ཀྱི་ཤེས་རིག༡༩༨༨་༢ན་གསལ།
དབྱིན་ཡིག་ནས་བོད་ཡིག་ཏུ་བསྒྱུར་བ།
ཕེར་ཁི་ཝེར་ནེས༼ PerKvaerne ༽་བརྩམས་པའི Literature0f B0n ༼བོན་གྱི་བསྟན་བཅོས༽་བོད་ཡིག་ཏུ་བསྒྱུར། བོད་ཡིག་གི་ཀྲུང་གོའི་བོད་ཀྱི་ཤེས་རིག༡༩༩༨་༣ན་གསལ།
དབྱིན་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར་བ།
ཨེ་ལིའོ་ཐི་སི་པེར་ལིན༼ Elli0t Sperling ༽་གྱིས་བརྩམས་པའི Thc 5th Kam1apa and s0mc aspects of the relationship between Tibet and the early Ming ༼ཀ་རྨ་པ་སྐུ་ཕྲེང་ལྔ་བ་དང་བོད་དང་མིན་སྔ་རབས་བར་གྱི་འབྲེལ་བའི་གནད་དོན་འགའ་ ཟེར་བ་རྒྱ་ཡིག་ཏུ་བསྒྱུར། ཕྱི་གླིང་བོད་རིག་པའི་ཞིབ་འཇུག་གི་བསྒྱུར་རྩོམ་ཕྱོགས་བསྒྲིགས་དེབ་གཉིས་པ། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང༌། ༡༩༨༥ལོ་ལྷ་ས་ནས་པར་དུ་བསྐྲུན། དོ་ནལ་ལོ་ཕེ་ཙི་༼ Donald S. L0pez, JA ༽ཡིས་བརྩམས་པའི Pris0ncrS0f Shangri-La ༼ཤམ་བྷ་ལའི་བཙོན་མ༽་ཞེས་པའི་དཔེ་དེབ་ཀྱི་ལེའུ་བཞི་བ་སྟེ the Spell ༼གཟུངས་སྔགས༽་ཟེར་བ་རྒྱ་ཡིག་ཏུ་བསྒྱུར། དེབ་དེ་ཀྲུང་གོ་བོད་ཀྱི་ཤེས་རིག་པར་སྐྲུན་ཁང་གིས་པེ་ཅིན་ནས་པར་དུ་བསྐྲུན།
གངས་ཅན་བོན་གཞུང་རིག་གཏེར་ཟེར་བའི་དཔེ་ཚོགས་གཙོ་སྒྲིག་བྱས་པ།
དེབ་དང་པོ། དབྲ་སྟོན་སྐལ་བཟང་བསྟན་པའི་རྒྱལ་མཚན་གྱིས་བརྩམས་པའི་ཤར་རྫ་བཀྲ་ཤིས་རྒྱལ་ མཚན་གྱི་རྣམ་ཐར། ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང༌། ༩༩༩༠ལོ་པེ་ཅིན།
དེབ་གཉིས་པ། དྲང་རྗེ་བཙུན་པའི་གཏེར་མ་མདོ་གཟེར་མིག ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང༌། ༡༩༩༡ལོ་པེ་ཅིན།
དེབ་གསུམ་པ། སྤ་བསྟན་རྒྱལ་བཟང་བོས་བརྩམས་པའི་བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ། ཀྲུང་གོ་བོདཀྱི་ཤེས་རིག་དཔེ་སྐྲུན་ཁང༌།༡༩༩༡ལོ་པེ་ཅིན།
དེབ་བཞི་བ། རིག་འཛིན་ཀུན་གྲོལ་གྲགས་པས་བརྩམས་པའི་གཡུང་དྲུང་བོན་གྱི་བཀའ་འགྱུར་དཀར་ཆག ཀྲུང་གོ་བོདཀྱི་ཤེས་རིག་དཔེ་སྐྲུན་ཁང༌།༡༩༩༣ལོ་པེ་ཅིན།
ནོར་བུ་དཔེ་ཚོགས་ཀྱི་གཙོ་སྒྲིག་པ་བྱས་པ།
དེབ་དང་པོ། ཕུག་པ་ལྷུན་གྲུབ་རྒྱ་མཚོ་སོགས་ཀྱིས་བརྩམས་པའི་རྩིས་གཞུང་པད་དཀར་ཞལ་ལུང༌། མི་རིགས་དཔེ་སྐྲུན་ཁང༌། ༢༠༠༢ལོ། པེ་ཅིན།
དེབ་གཉིས་པ། ཀུན་གསལ་བློ་གྲོས་ཀྱིས་བརྩམས་པའི་ཞང་བོདཀྱི་བསྟན་འབྱུང་ལོ་རྒྱུས་ལྷ་རྒྱུད་ རིན་ཆེན་ཕྲེང་བ་མ་བཅོས་གསེར་གྱི་ཡང་ཞུན། མི་རིགས་དཔེ་སྐྲུན་ཁང༌། ༢༠༠༣ལོ་པེ་ཅིན།
དེབ་གསུམ་པ། དཔྱད་བུ་ཁྲི་ཤེས་ཀྱིས་བརྩམས་པའི་གསོ་རིག་འབུམ་བཞི། མི་རིགས་དཔེ་སྐྲུན་ཁང༌། ༢༠༠༥ལོ། པེ་ཅིན།
ད་དུང་མུ་མཐུད་དུ་པར་སྐྲུན་གནང་བཞིན་པ་དང་།
གངས་ཏི་སེ་བོན་གཞུང་གི་གཙོ་སྒྲིག་བྱས་པ།
དེབ་ཕྲེང་ཉེར་ལྔ་དཔར་སྐྲུན་ལེགས་འགྲུབ་བྱུང་ཡོད་པ་བཅས་ཀྱིས་གནས་བསྡུས་ཙམ་མོ།།