ཏིན་ཞའོ་ཕིན་ནི་སྤྱི་ལོ་༡༩༠༩ ཟླ་༨ ཚེས་༢༢ ཉིན་སི་ཁྲོན་ཞིང་ཆེན་ཀོའང་ཨན་དུ་སྐྱེས། ༡༩༡༩ལོར་སྤུན་མཆེད་ཅིག་དང་མཉམ་དུ་ཁྲུང་ཆིན་དུ་སློབ་གཉེར་ལ་བསྐྱོད་པ་དང་། སྤྱི་ལོ་༡༩༢༠ ཟླ་༩ ནང་ཧྥ་རན་སིར་བསྐྱོད་དེ།སྔ་རྗེས་སུ་ཧྥ་རན་སིའི་སྐད་ཡིག་སྦྱངས་ཐེངས་དུ་མ་བྱས། འཚོ་རྟེན་ཆེད་ལྕགས་ཆའི་བཟོ་གྲྭ་དང༌། འགྱིག་ལྷམ་བཟོ་ཁང་སོགས་སུ་གླ་ལས་བྱས་པ་དང༌། སྤྱོད་ལོག་བསྟན་པས་སྦྱིན་བདག་གིས་ཕྱིར་འབུད་ཀྱང་བཏང་འདུག ༡༩༢༢ ལོར་ཡོ་རོབ་ཀྱི་རྒྱ་ནག་གུང་ཁྲན་རིང་ལུགས་གཞོན་ནུ་ཚོགས་བར་ཞུགས་པ་དང་།
ཀྲོའུ་ཨིན་ལེ་མཉམ་དུ་ཚོགས་པ་དེའི་འགན་ཁུར། ༡༩༢༤ ལོར་རྒྱ་ནག་དམར་ཤོག་ཚོགས་པའི་ཡོ་རོབ་ཡན་ལག་ཚོགས་པར་ཞུགས་ཏེ། དུས་དེབ་རྩོམ་སྒྲིག་ཚོགས་ཆུང་དུ་རྩོམ་སྒྲིག་དང་དྲིལ་བསྒྲགས་ཀྱི་འགན་བླངས། སྤྱི་ལོ་༡༩༢༦ ཟླ་༡ ནང་ར་ཤི་ཡར་བསྐྱོད་དེ་ཅང་ཅེ་ཧྲིའི་བུ་ཅང་ཅིན་གོ་སོགས་དང་མཉམ་དུ་ཀྲུང་ཧྲན་སློབ་ཆེན་དུ་འཛུལ། ལོ་དེའི་ཟླ་༩ ནང་ར་ཤི་ཡར་འཚམས་འདྲིར་སླེབས་པའི་གོ་མིན་ཏང་གི་དམག་དཔོན་བྱིན་ཡུས་ཞང་དང་ལྷན་དུ་ནང་སོག་ཏུ་ལོག་པ་དང་། སྤྲིན་གྱི་ཐོན་ཤོག་བདུན་པའི་ཆབ་སྲིད་ཨུ་ཡོན་ལོ་གཉིས་ཙམ་རིང་བྱས། གོ་མིན་ཏང་དང་གུང་ཁྲན་ཏང་གི་མཉམ་འབྲེལ་ཐེངས་དང་པོ་གྱེས་ཐོར་དུ་སོང་རྗེས། ཝུའུ་ཧན་དུ་སོང་ནས་དབུས་དམར་ཤོག་ཚོགས་པའི་ནང་ལས་ཀ་བྱས་པ་དང་། དྲུང་ཡིག་ཆེན་མོ་དང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་གཞོན་པའི་གོ་གནས་ཀྱང་བཟུང་འདུག ༡༩༢༧ ལོའི་དབྱར་ཀར་ཧྲང་ཧེ་རུ་གསང་བའི་ལས་དོན་ཆེད་བསྐྱོད་པ་དང༌། ཟླ་ཤས་རྗེས་བཟའ་ཟླ་དང་པོ་དམར་ཤོག་ཚོགས་མི་ཀྲང་ཞི་ཡོན་དང་གཉེན་བསྡེབས་པ་དང་། ལོ་གཅིག་དང་ཕྱེད་རྗེས་བཟའ་ཟླ་བང་ཚད་ཀྱིས་ཤི་འདུག ༡༩༢༩ལོར་ཀོང་ཞི་རུ་དམར་ཤོག་གི་རྟེན་གཞི་འཛུགས་པར་མངགས་གཏོང་བྱས་པར། ས་གནས་གཉིས་ཙམ་དུ་གྱེན་ལངས་ལམ་ལྷོངས་བྱུང་སྟེ། དམར་དམག་ཅུན་ཤོག་༧།༨ གཉིས་བཙུགས། སྐབས་དེར་དབུས་དམར་ཤོག་ཚོགས་པས་རྒྱ་ནག་ལྷོ་རྒྱུད་དུ་དཔུང་
འཇུག་བྱེད་དགོས་པའི་བཀའ་བཏང་བར། དམག་ཐེངས་ཁ་ཤས་རྗེས་གོ་མིན་ཏང་གི་དཔུང་སྟོབས་ཆེ་བ་ཚོར་ཏེ། ཏིན་གྱིས་དབུས་དམར་ཤོག་ཚོགས་པའི་བཀའ་དང་འགལ་ནས། དཔག་དཔུང་ཁ་དཀྱུས་ཏེ་ཅང་ཞི་རུ་ཡོད་པའི་མའོ་ཙེ་ཏུང་གི་རྟེན་གཞི་ཅིན་ཀང་ཧྲན་བསྙེགས། དེར་སླེབས་སྐབས་ཐོག་མར་དམག་མི་ཁྲི་གཉིས་ཡོད་པ་ལས་ཉིས་སྟོང་ཙམ་མ་གཏོགས་ལྷག་མེད།
༡༩༣༡ ལོའི་ཟླ་༨ ནང་སྐབས་དེའི་དམར་ཤོག་ཚོགས་པའི་རྒྱལ་ས་ཅང་ཞི་རོས་ཅིན་གྱི་ཧྲུའུ་ཅིར་བསྐོས་པ་དང༌། དེར་མཐུད་དམག་དོན་ལྷན་ཚོགས་ཆབ་སྲིད་སྡེ་ཚན་གྱི་དྲུང་ཆེ་དང་། ཧོས་ཁྲང་རྫོང་གི་ཧྲུའུ་ཅི། ཅང་ཞི་ཞིང་ཆེན་དམར་ཤོག་ཚོགས་པའི་ཧྲུའུ་ཅི་དང་པོ་སོགས་ཀྱི་འགན་ཁུར་བ་དང་། མའོ་ཙེ་ཏུང་ལ་རྒྱབ་སྐྱོར་བྱེད་མཁན་དང་ལས་རོགས་གཙོ་བོའི་གྲས་ཆགས།
༡༩༢༢ ལོར། ཧོས་ཁྲང་ནས་ངོ་ཤེས་པའི་ཅིན་ཝེ་དབྱིན་དང་བཟའ་སྒྲིག་བྱས་ཀྱང་། ལིས་ཝེ་ཧན་སོགས་གཡོན་
ཕྱོགས་སྟོབས་ཤུགས་ཀྱིས་ཏིན་གྱི་ཆབ་སྲིད་ལམ་ཕྱོགས་ལ་སྐྱོན་འདོན་ཤུགས་ཆེར་བྱས་ཏེ། གོ་གནས་ཕབ་པ་མ་ཟད། བཀག་བསྐྱིལ་ཁང་དུ་བཅུག ཁོའི་སྐྱེས་དམན་གཉིས་པ་དེས་ཏིན་གཡུགས་ཏེ་ལིས་ཝེ་ཧན་དང་ཁྱིམ་ཐབ་བཟུང་། འདི་ནི་ཏིན་ཞའོ་ཕིན་བསྒྲེལ་ཐེངས་དང་པོ་ཡིན། བཀག་བསྐྱིལ་ཁང་ནས་གློད་དེ་ཟླ་ཕྱེད་ཙམ་རྗེས། དམར་དམག་གི་སྤྱི་ཁྱབ་ཆབ་སྲིད་སྡེ་ཚན་དུ་གནས་སྤོས་བྱས་པ་དང་། ཟླ་བཞི་ཙམ་རྗེས་གོ་གནས་ཆ་ཚང་རང་འཇགས་ཐོབ།
སྤྱི་ལོ་༡༩༣༤ ཟླ་༡༠ ནང་། གོ་མིན་ཏང་གི་བསྐོར་བཅོམ་འོག ་དམར་དམག་རྒྱང་བསྐྱོད་བྱེད་མགོ་ཚུགས་པ་
དང༌། ལོ་མཇུག་ཏུ་ཀོས་ཀྲོའུ་ཞིང་ཆེན་གྱི་ཙུང་དབྱི་རུ་འཚོགས་པའི་ཆབ་སྲིད་ཅུས་རྒྱས་འཛོམས་ཚོགས་འདུའི་སྟེང་ཞུགས་ཏེ།
དབུས་དམར་ཤོག་ཚོགས་པའི་དྲུང་ཡིག་ཆེན་མོ་དང་། དམར་དམག་གི་སྤྱི་ཁྱབ་ཆབ་སྲིད་སྡེ་ཚན་གྱི་འགན་འཛིན་གཞོན་པར་བསྐོས།
འདིས་ཏིན་གྱི་འབྱུང་འགྱུར་གྱི་ཆབ་སྲིད་མདུན་ལམ་གཏན་འབེབས་བྱས།
༡༩༣༧ ལོར་རི་འགོག་དམག་འཁྲུག་བྱུང་སྟེ། གོ་མིན་ཏང་ནང་ཟླ་བསྒྲིལ་བྱས་པའི་“པ་ལུའུ་ཅུན་” (དམག་སྡེ་
ཨང་བརྒྱད་པ། ) སྤྱི་ཁྱབ་ཆབ་སྲིད་སྡེ་ཚན་གྱི་འགན་འཛིན་གཞོན་པའི་འགན་ཁུར་བ་དང་། ཀྲོའུ་ཨིན་ལེ་དང་ལྷན་འཐབ་ཕྱོགས་གཅིག་གྱུར་གྱི་ལས་འགུལ་བརྩམས། ༡༩༣༨ ལོར་ཧྲི་ཤོག་༡༢༩ ཆབ་སྲིད་ཨུ་ཡོན་གྱི་གོ་གནས་བཟུང་བ་དང་། ཧྲི་ཀྲང་ལིའུ་པའོ་ཁྲིན་མཉམ་དུ་དམག་འཐབ་གྲགས་ཆེ་བ་སྐོར་ཞིག་བརྒྱབ།།
སྤྱི་ལོ་༡༩༣༧ ནས་༡༩༤༥ ལོ་བར་ཅིན་ཅི་ལུའུ་ཡུས་(ཧྲན་ཞི་དང་ཧོ་པེ། ཧྲན་ཏུང་། ཧོ་ནན་བཅས་ཞིང་ཆེན་
བཞིའི་མཐའ་ཁུལ་ལ་གོ)གསར་བརྗེའི་རྟེན་གཞི་བཙུགས་པའི་ཧྲུའུ་ཅི་དང་པོའི་འགན་ཁུར་བ་དང་། ཡུལ་འདིར་ས་ཞིང་བཅོས་བསྒྱུར་དང་། དམར་ཤོག་གི་ལྟ་བ་ཁྱབ་སྤེལ་བྱེད་བཞིན། སྤྱི་ལོ་༡༩༣༩ ཟླ་༩ ནང་ཀྲོ་ལིན་དང་ཆང་ས་བརྒྱབ།
རི་འགོག་དམག་འཁྲུག་མཇུག་བསྒྲིལ་ཏེ་གོ་མིན་ཏང་དང་གུང་ཁྲན་ཏང་ནང་འཁྲུག་རྒྱག་སྐབས། ་ཧྲང་ཏང་གཡུལ་འཁྲུག་དང་། ཧའེ་ཧེ་གཡུལ་འཁྲུག) ཏུའུ་ཅང་གཡུལ་འཁྲུག་སོགས་སུ་གོ་མིན་ཏང་གི་དམག་དཔུང་ཕམ་ཉེས་ཚབས་ཆེན་བཟོས་པ་མ་ཟད། གོ་མིན་ཏང་གི་རྒྱལ་ས་ནན་ཅིན་ཡང་འདི་བའི་དམག་དཔུང་གིས་བླངས། ༡༩༤༩ལོ་མཇུག་ཏུ། ལྷོ་ནུབ་ཅུས་ཀྱི་ཧྲུའུ་ཅི་དང་པོ་དང་། ལྷོ་ནུབ་དམག་ཁུལ་ཁང་གི་ཆབ་སྲིད་ཨུ་ཡོན། ཀྲུང་དབྱང་མི་དམངས་ས་སྲིད་གཞུང་གི་ཨུ་ཡོན།
སྲིད་གྲོས་ཀྱི་ཚོགས་མི་སོགས་ཀྱི་གོ་གནས་བཟུང་།།
༡༩༥༢ ལོའི་ཟླ་༨ ནང་པེ་ཅིང་དུ་གནས་སྤོས་ཀྱིས། སྲིད་བློན་གཞོན་པ་དང་། སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། (༡༩༥༣།༢)ནོར་སྲིད་བློན་ཆེན།(༡༩༥༣) དབུས་དམར་ཤོག་ཚོགས་པའི་དྲུང་ཡིག་ཆེན་མོ། ( ༡༩༥༤།༤) རྒྱལ་སྲུང་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། (༡༩༥༤།༩) དམངས་འཐུས་ཨུ་ཡོན་ཀྲང་གཞོན་པ། ( ༡༩༥༤།༩)ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་(༡༩༥༥།༤)སོགས་ཀྱི་གོ་གནས་བཟུང་སྟེ། སྤྱི་ལོ་༡༩༦༠ སྔོན་གྱི་ལས་འགུལ་ཚང་མའི་ནང་མའོ་ལ་རྒྱབ་སྐྱོར་བྱས་ཡོད།
༡༩༦༠ ལོའི་ཞིང་ལས་ཐད་་རང་གསུམ་འགན་གཙང་གཅིག་”(ཞིང་ལས་ཀྱི་དོན་ཚན་དྲུག་ཅུ།)དང༌། ༡༩༦༡ ལོའི་“བཟོ་ལས་ལས་དོན་གྱི་དོན་ཚན་བདུན་ཅུ་”ཡི་སྲིད་ཇུས་བཏོན་ཏེ། མའོ་ཡི་ལྟ་གྲུབ་ལས་ལོགས་སུ་གྱེས་པས། ༡༩༦༢ ལོར་མའོ་ཡིས་མིང་འདོན་སྐྱོན་འཛུགས་བྱས།
རིག་གནས་གསར་བརྗེའི་ནང་། ལས་དོན་རུ་ཁག་བཏང་སྟེ་དམར་སྲུང་དམག་གནོན་ཐབས་བྱས་པས། ༡༩༦༨ ལོར་གོ་གནས་ཆ་ཚང་ཕབ། (དམར་ཤོག་ཚོགས་མི་རང་འཇགས།) ལིན་པེའོ་ཤི་བའི་གནས་ཚུལ་གོ་སྟེ་ཅང་ཆིན་བརྒྱུད་མའོ་ལ་ལས་ཀ་སྤྲོད་རོགས་ཀྱི་ཞུ་སྙན་ཕུལ་བ་ལྟར། ༡༩༧༣ ལོའི་ཟླ་༢ ནང་སྲིད་བློན་གཞོན་པའི་གོ་གནས་བསྐྱར་གསོ་བྱས་པ་དང་། ༡༩༧༥ལོར། དབུས་དམར་ཤོག་ཚོགས་པའི་ཀྲུའུ་ཞི་གཞོན་པ་དང༌། སྲིད་བློན་གཞོན་པ་དང་པོ། དབུས་དམག་དོན་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་སྤྱི་ཁྱབ་དྲག་ཇུས་པ་སོགས་གོ་གནས་བཟུང་།
༡༩༧༦ ལོར་མི་བཞི་ཤོག་ཁག་དང་འགལ་ཟླ་བྱུང་སྟེ། ་གཡས་ལྷུང་ཁྲ་ལོག་”སོགས་ཀྱི་ཉེས་མིང་བཀལ་ནས་གོ་
གནས་ཐེངས་གསུམ་པ་ཕབ།
༡༩༧༧ ལོའི་ལོ་དཀྱིལ་དུ། ཧ་གོ་ན་ལ་མགོ་འབུལ་ཞུ་རྒྱུའི་ཁས་ལེན་དང་བཅས་ལས་འགན་བསྐྱར་གསོ་ཡོངས་
བའི་སྙན་ཞུ་ཕུལ་ཏེ། ཐེངས་གསུམ་པ་ཡར་ལངས། ༡༩༧༨ ལོའི་ཟླ་༡༢ ནང༌། དམར་ཤོག་ཚོགས་པའི་སྐབ་༡༡ ཚོགས་བ་སྟེ་ཏིན་ཞའོ་ཕིན་གྱི་དུས་རབས་ཀྱི་ཆེན་ཐེངས་༣ སྟེང་དབང་གྲགས་རྒྱས་པ་དང་། རིམ་པས་ཧཱ་གོ་ཧྲིན་སྲིད་སྟེགས་མགོ་ཚུགས།
སྤྱི་ལོ་༡༩༩༧ ཟླ་༢ ཚེས་༡༩ ཉིན་ཚེའི་འདུ་བྱེད་སྟོང་མའོ་ཡིས་ཏིན་ལ་ལྟ་སྟངས།
“ཏིན་ཞའོ་ཕིན་གྱིས་མི་དེ་ཚོ་མིག་ལམ་དུ་འཇོག་གི་མ་རེད། ང་ཡོད་དུས་ད་དུང་ཨའུ་ཙམ་རེད། ང་ཤི་ན་སུས་ཀྱང་ཁོ་ནོན་གྱི་མ་རེད། མི་འདིས་་རང་གསུམ་འགན་གཙང་གཅིག་ ཟེར་བ་དེ་ཚོ་ད་དུང་སེམས་ལ་བཟུང་ཡོད། མ་རྩ་རིང་ལུགས་ཀྱི་ལམ་ལ་འགྲོ་མཁན་ཚོར་མཁྲེགས་པོ་བྱེད་ཐུབ་ཀྱི་ཡོད་པ་མ་རེད།”ཅེས་དང༌།
ཏིན་ཞའོ་ཕིན་མའོ་ཁོ་རང་གི་ཤུལ་རྒྱུན་འཛིན་མཁན་ལ་འོས་མིན་ཐད། ་ཁོ་རང་གིས་“རིག་གསར་”ལ་གཞི་རིམ་གྱི་ངོས་འཛིན་བྱེད་སྟངས་ཀྱི་རྣམ་འགྱུར་བསྟན་པ་ཡིན་ན། ཁོ་སྐུལ་ཉན་གྱི་མ་རེད། ཁྱོད་ཚོ་ཚང་མ་བསྡོམས་པ་ཡིན་ནའང་ཁོ་ལ་དོ་གི་མ་རེད། ཁོ་ཙུང་ལི་(ཀྲོའ་ཨིན་ལེ།)དང་ལའོ་ཙུང་(ཀྲུའུ་ཏེ།) མ་རེད། གོམ་བཤོལ་བྱེད་ཀྱི་མ་རེད། ཕམ་ཁ་ཁུར་གྱི་མ་རེད། ཕྱི་ལོགས་རུས་སྦལ་གྱི་ཤུན་སྐོགས་རེད། ནང་ལོགས་རྣོ་ལྕགས་བཟོ་གྲྭ་རེད། ཁྱོད་ཚོ་ཁོ་ལ་ཆ་རྒྱུས་ཡོད་པ་མ་རེད།
ངས་ཤེས་ཀྱི་རེད་”ཅེས་སོགས་ཁོའི་ལོ་ཙཱ་བ་ཐང་ཝུན་ཧྲིན་གྱིས་༡༩༧༥ ལོར་ཟིན་བྲིས་བཏབ་ཡོད།)
ཏིན་ཞའོ་ཕིན་གྱི་དུས་རབས།
ཏིན་ཞའོ་ཕིན་གྱི་དུས་རབས་ནི་“བཅོས་བསྒྱུར་སྒོ་འབྱེད་ནས་མགོ་བཙུགས་ཏེ་ད་དུང་མུ་མཐུད་བཞིན་པའི་དུས་རབས་འདིར་ངོས་འཛིན་པ་དང་། དེ་ནི་དཔལ་འབྱོར་ཐད་་ནང་ཁུལ་དུ་བཅོས་བསྒྱུར་དང༌། ཕྱི་ཕྱོགས་སུ་སྒོ་འབྱེད་་དགོས་པའི་དོན་ཡིན་ལ། ནང་ཁུལ་དུ་བཅོས་བསྒྱུར་ནི་གུང་ཁྲན་རིང་ལུགས་ཀྱི་ལྟ་བའི་གཞི་རྟེན་དུ་འཇོག་པའི་འཆར་འགོད་དཔལ་འབྱོར་གྱི་ལམ་ལུགས་དོར་ཏེ། རིམ་པས་མ་རྩ་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་དུ་བསྐྱོད་རྒྱུ་དང༌། དེའི་ཁྲོད་ཆབ་སྲིད་དང་སྤྱི་ཚོགས་བཅོས་བསྒྱུར་གྱི་ནང་དོན་བཀག་ཡོད། ཕྱི་ཕྱོགས་སུ་སྒོ་འབྱེད་སྟངས་ནི། མའོ་ཡི་“རང་སྟོབས་རང་སྤེལ་གྱི་སྲིད་ཇུས་རྒྱབ་ཏུ་བསྒྱུར་ནས། ཕྱི་ལོགས་ནས་རྒྱ་ནག་ལ་མ་རྩ་དང་། ཁྲོམ་ར། ལག་རྩལ། ཉམས་མྱོང་བསྡུ་འགུག་བྱ་རྒྱུ་དེ་ཡིན། ཏིན་གྱིས་བཅོས་བསྒྱུར་སྒོ་འབྱེད་ནི་རྡོ་རྙོབ་བཞིན་ཆུ་སྒྲོལ་ཟིར་དོན་ཡང་ལྟ་གྲུབ་ཀྱི་ཆ་ནས་དང་། སྔར་བྱུང་ཉམས་མྱོང་གི་ཆ་ནས་གདེང་རྙེད་པ་ཞིག་མེད་རྐྱེན་ལ་ཐུག་ཡོད། རྒྱ་ནག་གཞུང་འབྲེལ་གྱི་ཤོད་སྟངས་ལྟར་ན། ཏིན་ནི་བཅོས་བསྒྱུར་སྒོ་འབྱེད་དང་ཀྲུང་གོ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་སྤྱི་ཁྱབ་ཇུས་འགོད་པ་ཡིན་ཞེས་འབོད་ཀྱི་ཡོད། ཧྭ་གོ་ཧྲིན་གོ་གནས་ཕབ་རྗེས། འདི་བ་རྒྱ་ནག་གི་དོན་གྱི་དབང་འཛིན་པ་མཐོ་ཤོས་དེ་ཡིན་རུང་། ཏང་དང་སྲིད་ཀྱི་གོ་གནས་མཐོ་ཤོས་མ་བཟུང་བར། ཡོལ་བའི་རྒྱབ་ནས་དམར་ཤོག་ཚོགས་པའི་སྤྱི་ཁྱབ་ཧྲུའུ་ཅི་སྔ་རྗེས་གཉིས་གནས་དབྱུང་བཏང་སྟེ་ཤི་རག་བར་དུ་རྒྱ་ནག་ལ་མུ་མཐུད་ཁ་ལོ་བསྒྱུར་ཡོད། རིག་གསར་སོགས་ལས་འགུལ་ནང་ཆག་སྒོ་མྱངས་མྱོང་བ་དང་། རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ཀྱི་སྐྱོན་གནད་ཤེས་མཁན་ཞིག་ཡིན་པས། དཔལ་འབྱོར་ལྷུག་གཏོང་དང་མཉམ་དུ་ཆབ་སྲིད་ལམ་ལུགས་དམངས་གཙོ་ཅན་དུ་བསྒྱུར་རྒྱུར་རེ་བ་བཅོལ་ཡོད། རྩ་བའི་རྩ་དོན་བཞི་རྒྱུན་འཁྱོངས་དེ་དང་། དྲུག་བཞིའི་དོན་རྐྱེན་གྱིས་རྒྱ་རིགས་མང་པོ་ཞིག་ཡང་བསྐྱར་རྨི་ལམ་གཞན་ཞིག་གི་རེ་བའི་ནང་བསྐྱལ་ཡོད། དེ་བཞིན་འདི་བ་བོད་་བཅིངས་འགྲོལ་་གྱི་དམག་འཐབ་དང་།ལོ་རབས་བརྒྱད་ཅུའི་མཇུག་ཏུ་ལྷ་སར་བོད་མིའི་གྱེན་ལངས་ལ་དྲག་གནོན་དང་། དྲག་པོའི་ཁྲིམས་གཞི་སྡོམ་མཁན་གྱི་བྱེད་གཏེ་གཙོ་བོའང་ཡིན།
ཀ༽ དབང་ཆའི་ལྟེ་བར་མངོན་དུ་ཕྱོགས་པ།
༡) གཞུང་ལུགས་ཀྱི་རྩོད་གླེང་།
“མི་བཞི་ཤོག་ཁག་འཛིན་བཟུང་བྱས་རྗེས། ཧྭ་གོ་ཧྲིན་གྱིས་“མའོ་ཀྲུའུ་ཞིས་ཐག་བཅད་པའི་ཐབས་ཇུས་ཤིག་ཡིན་ཕྱིན།
ང་ཚོས་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས་པ་དང་། མའོ་ཀྲུའུ་ཞིས་གནང་བའི་མཛུབ་སྟོན་ཞིག་ཡིན་ཕྱིན། ང་ཚོས་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་པར་བརྩི་སྲུང་ཞུ་དགོས་ཞེས་མུ་མཐུད་མའོ་ཡི་ལམ་རྗེས་འདེད་རྒྱུའི་“ཡིན་ཕྱིན་གཉིས་ཀྱི་སྲིད་ཇུས་བཟུང་། རྒྱ་ནག་གི་ཤེས་ཡོན་ཅན་དང་སློབ་མའི་ཁྲོད་བཞི་ལྔའི་དོན་རྐྱེན་ལ་དཀར་འདོན་དང་། རིག་གསར་ལ་བསྐྱར་དུ་གདེང་འཇོག སྨྲ་བརྗོད་རང་དབང་དང་ཆབ་སྲིད་ལམ་ལུགས་ལ་འགྱུར་བ་གཏོང་དགོས་པའི་བསམ་ཚུལ་ཤུགས་ཆེར་ཡོད་པའི་སྟེང་།
ཐོག་མར་སྙན་ངག་དང་ཡིག་ཆེན་ཚགས་པར། རྩོམ་ཡིག་གི་ལམ་ནས་དང་། རིམ་པས་དམངས་ཁྲོད་ཀྱི་ཚགས་དེབ་གང་མང་ཞིག་ཐོན་ཡོད་ལ། ཏིན་དང་ཁྲིན་ཡུན་སོགས་ནས་ཀྱང་ཚོགས་ཆེན་སྐབས་བཅུ་གཅིག་པའི་སྔ་རྗེས་སུ་དངོས་ཐོག་བདེན་འཚོལ་བྱེད་དགོས་པའི་གཏམ་བཤད་བྱས། ༡༩༧༨ ལོའི་ཟླ་༢ ཚེས་༢༦ ཉིན། ཏིན་གྱིས་རྒྱལ་ཡོངས་དམངས་འཐུས་སྐབས་ལྔ་བའི་ཚོགས་ཆེན་གཙོ་སྐྱོང་བྱས་པའི་སྟེང༌། དུས་རབས་འདིའི་ནང་བཟོ་ལས་དང་ཞིང་ལས། རྒྱལ་སྲུང༌། ཚན་རིག་ལག་རྩལ་བཅས་དེང་རབས་ཅན་དུ་བསྒྱུར་ཏེ། ང་ཚོའི་རྒྱལ་ཁབ་འཛམ་གླིང་གི་སྔོན་ཐོན་གྱི་གྲལ་དུ་སླེབས་པར་བྱ་རྒྱུ་”ཞེས་ཀྲོའུ་ཨིན་ལེ་ཤི་ཁར་བཏོན་པའི་“དེང་རབས་ཅན་བཞི་”ཚོགས་ཐོག་ཏུ་བསྒྲགས། ཟླ་༥ ཚེས་༡༡ ཉིན། འོད་ཟེར་ཉིན་ཚགས་སྟེང་ཏིན་གྱི་བློས་ཐུབ་ཧུའོ་ཡའོ་པང་གིས་ཞུ་དག་བཏང་བའི་རྩོམ་ཡིག་ལག་ལེན་ནི་བདེན་དོན་ཞིབ་བཤེར་བྱེད་པའི་ཚད་གཞི་ཉག་ཅིག་ཡིན་ཞེས་པ་སྤེལ་ཏེ། གཞུང་ལུགས་དང་ལག་ལེན་གཅིག་གྱུར་བྱ་རྒྱུ་དེ་མར་ཁེ་སི་རིང་ལུགས་པའི་གཞི་རིམ་གྱི་རྩ་དོན་ཞིག་ཡིན་པ་དང་། གཞུང་ལུགས་གང་ཞིག་ཡིན་ཡང་དུས་ནས་དུས་སུ་ལག་ལེན་གྱི་ཞིབ་བཤེར་བརྒྱུད་དགོས་ལུགས་སོགས་“ཡིན་ཕྱིན་གཉིས་སྒྲོག་མཁན་ཧྭ་གོ་ཧྲིན་དང་ཝང་ཏུང་ཞིན་ལ་མདུང་རྩེ་ཐད་ཀར་གཏད། རྩོམ་ཡིག་དེ་རྒྱ་ནག་རྒྱལ་ཡོངས་སུ་ཁྱབ་སྤེལ་བྱས་ཏེ། ཏང་ཡོན་དང་ལས་བྱེད། དམག་མི། ཤེས་ཡོན་ཅན་སོགས་ལས་རིགས་ཡོད་ཚད་ནས་ཟླ་༥ ཙམ་རིང་བགྲོ་གླེང་རྒྱ་ཆེར་བྱས་པས། ཧྭ་གོ་ཧྲིན་ཕྱོགས་གཏོགས་དང་བཅས་པ་མཐར་བཀར་བ་དང་། ཡེ་ཅན་དབྱིང་དང་ལི་ཞན་ཉན། ཁྲིན་ཡུན་སོགས་བགྲེས་མགོ་ཚོའང་ཏིན་གྱི་ཕྱོགས་སུ་ལངས།
༢) དབང་རྩོད་ཀྱི་རྒྱལ་ཁ།
སྤྱི་ལོ་༡༩༧༨ ཟླ་༡༢ ཚེས་༡༨ ནས་༢༢ བར་འཚོགས་པའི་སྐབས་༡༡ ཚང་འཛོམས་གྲོས་ཚོགས་ཐེངས་༣།
སྟེང༌། ཧྭ་གོ་ཧྲིན་གྱིས་རྒྱ་གཞུང་གི་ལུགས་སྲོལ་བཞིན་རང་སྐྱོན་རང་བརྗོད་བྱས་ནའང་། རི་ལུག་པ་ཐག་པས་འདུམ་ཐབས་ག་ལ་ཡོད། མགོ་ཁྲིད་ཀྱི་མིང་གནས་ནི་ལོ་ཤས་རྗེས་ནས་མ་གཏོགས་ཤོར་མེད་ཀྱང་། ཚོགས་འདུ་འདིའི་སྟེང་ཏིན་གྱི་མགོ་ཁྲིད་གནས་བབ་གཏན་ལ་ཕབ་པ་དང་། ཁྲིན་ཡུན་ཀྲུའུ་ཞི་གཞོན་པ་དང་། ཧུའུ་ཡའོ་པང་དང་ཏིན་དབྱིན་ཁྲའོ། ཝང་ཀྲིན་སོགས་ཏིན་ཞའོ་ཕིན་གྱི་ཕྱོགས་གཏོགས་རྣམས་ཆབ་སྲིད་ཅུས་ནང་སླེབས། ཚོགས་ཐོག་ཏུ་“གྲལ་རིམ་འཐབ་རྩོད་རྩ་གནད་དུ་འཛིན་དགོས་ཟིར་བ་དང་། ་འབྱོར་མེད་གྲལ་རིམ་གྱི་སྲིད་དབང་སྒེར་འཛིན་འོག་མུ་མཐུད་གསར་བརྗེ་བྱེད་དགོས་ཟེར་བ་སོགས་འདུ་ཤེས་འཛིན་སྟངས་སྲིད་ཇུས་ཀྱི་ལྟེ་བར་འཛིན་པ་ནས། དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་དགོས་པའི་བཅོས་སྒྲིག་དང༌། དངོས་ཐོག་བདེན་འཚོལ་དང་བསམ་བློ་བཅིངས་འགྲོལ་གྱི་དགོས་གལ་ནན་བཤད། “ཡིན་ཕྱིན་གཉིས་”ལ་དགག་པ་ནན་མོ་བརྒྱབ་པ་དང༌།
བདེན་དོན་གྱི་ཚད་གཞི་སྐོར་བགྲོ་གླེང་བྱས་པར་ཚད་མཐོའི་གདེང་འཇོག་བྱས། ༡༩༥༨ ལོ་ནས་གཡས་ལྷུང་དུ་བགོ་ནོར་ཐེབས་མཁན་ཚོར་དཀར་འདོན་ལ་དམིགས་པའི་“ཆབ་སྲིད་ལམ་ཕྱོགས་སྟེང་ཆེས་གཞི་རིམ་གྱི་ཟིང་བཅོས་ཡོ་བསྲང་དང༌། དེང་རབས་ཅན་བཞི་སྤེལ་རྒྱུ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་”སོགས་ཀྱི་སྐོར་ཆེད་གླེང་བྱས་ཡོད་པས།
འདིར་རྒྱ་ནག་གི་“ཙུང་དབྱི་ཚོགས་འདུ་གཉིས་པ་ཞེས་བསྟོད་བསྔགས་བྱེད་མཁན་བྱུང་ཡོད། ཚོགས་འདུ་མ་གྲོལ་གོང་། པེ་ཅིན་གྲོང་ཁྱེར་གྱིས་བཞི་ལྔ་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་ལ་དཀར་འདོན་བྱས། འདི་ནི་རྒྱ་ནག་དེ་མའོ་ཡི་དུས་རབས་ནས་ཏིན་གྱི་དུས་རབས་སུ་བསྐྱོད་པའི་སོ་མཚམས་ཡིན།
༣) པེ་ཅིན་གྱི་དཔྱིད་དཔལ།
༡༩༧༨ ལོའི་ལོ་སྨད་ནས་བཟུང༌། རྒྱ་ནག་གི་ས་གནས་ཁག་ཏུ་བདེན་དོན་གྱི་ཚད་གཞིར་བགྲོ་གླེང་དང༌། བཞི་ལྔའི་དོན་རྐྱེན་ལ་དཀར་འདོན། རིག་གསར་ལ་བསྐྱར་ཞིབ་སོགས་ཀྱི་དགོས་འདུན་ཁག་རྣམ་པ་ཅི་རིགས་ཀྱི་སྒོ་ནས་བཏོན་པ་མ་ཟད།གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དང་། ཞི་ཏན་རྩིག་གྱང་གི་མདུན་ཐད་དུ་པེ་ཅིན་གྱི་གྲོང་མི་མི་རྣམས་རང་འགུལ་གྱིས་འཛོམས་ཏེ། སོ་སོའི་བསམ་ཚུལ་ཅི་དགར་སྟོན་ཆོག་པའི་དུས་ཤིག་ཤར་བ་དང་། དགོས་མདུན་དེ་དག་ཏིན་དང་ཁོའི་ཕྱོགས་གཏོགས་ཚོས་གཞོགས་འདེགས་དང་། མང་ཚོགས་རང་སྟོབས་ཀྱིས་མཉམ་ཞུགས་ཁྲོད་གཞི་རྒྱ་ཇེ་ཆེར་སོང་བས། གཏམ་བཤད་དང་ཡིག་ཆེན་ཚགས་པར་སྦྱོར་འགྲེམས་བྱེད་པ་ནས་དུས་དེབ་ཀྱི་རྣམ་པར་འདོན་སྤེལ་བྱེད་མགོ་ཚུགས་ཏེ། ་དམངས་གཙོའི་རྩིག་གྱང་དང་། “བཞི་ལྔའི་གླེང་སྟེགས། འཚོལ་ཞིབ།། དེ་རིང་།” “གཤིན་ས།) “རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་”སོགས་སུ་རང་དབང་གི་རྩོམ་ཡིག་མང་དག་ཅིག་ཐོན་པ་དང༌། དེའི་ཁྲོད་གྲགས་ཆེ་བ་ཞིག་ནི་ཝེ་ཅིན་ཧྲིན་གྱིས་་འཚོལ་ཞིབ་》དུས་དེབ་འདོན་ཐེངས་དང་པོའི་(༡༩༧༩།༡།༨) སྟེང་བྲིས་པའི་“དེང་རབས་ཅན་ལྔ་བ། དམངས་གཙོ་དང་གཞན་”ཟེར་བའི་རྩོམ་ཡིག་དེ་ཡིན་པ་དང་། ཝེ་ཡིས་སྐབས་དེར་རྒྱ་གཞུང་གིས་སྒྲོག་བཞིན་པའི་“དེང་རབས་ཅན་བཞིའི”སྟེང༌། དེང་རབས་ཅན་ལྔ་བ་སྟེ། དམངས་གཙོ་སྣོན་དགོས་པའི་བསམ་ཚུལ་བསྟན། ལས་འགུལ་འདི་རིགས་ཐོག་མའི་ཆར་ཧྭ་གོ་ཧྲིན་སྲིད་སྟེགས་ལས་དབབ་རྒྱུར་ནུས་པ་ཆེན་པོ་ཐོན་བཞིན་པའི་སྐབས་སུ། ཏིན་གྱིས་དེར་དགའ་བསུ་ཞུས་ཡོད་པ་དང་། ད་ཆ་རང་ཉིད་དོན་གྱི་དབང་འཛིན་པ་ཆགས་པས།
བྱེད་བབ་འདི་རིགས་བློར་འབབ་ཀྱི་མེད་ནའང་། ༡༩༧༩ ལོའི་ཟླ་༡ ཚེས་༢༨ ཉིན་ཏིན་ཞའོ་ཕིན་ཨ་རིར་འཚམས་འདྲིར་བསྐྱོད་པའི་དུས་ཡུན་རིང་སྐྱོན་བརྗོད་མི་ཡོང་བའི་ཆེད་དུ་མགོ་གནོན་གྱི་བྱེད་ཐབས་ད་དུང་སྤྱད་མེད། ཟླ་༢ ཚེས་༡༧ ནས་ཟླ་༢ ཚེས་༥ བར་རྒྱ་ནག་དང་ཝེ་ཏི་ནམ་(ཡོ་ནན།)དབར་དམག་འཐབ་བྱུང་། ཚེས་༡༦ ཉིན་ཏིན་གྱིས་དམག་འཐབ་ཀྱི་ལས་བསྡོམས་སྒྲོག་སྐབས། དམངས་གཙོའི་ལས་འགུལ་དེ་རིགས་མཚམས་ཚིགས་མེད་པ་དང༌། “རྒྱལ་ཁབ་ཀྱི་གསང་བ་ཕྱིར་འཚོང་”སོགས་ཀྱི་ཚོགས་གཏམ་བཏང་། དེར་
དམིགས་ཏེ། ཝེ་ཅིན་ཧྲིན་གྱིས་ཟླ་༣ཚེས་༢༥ ཉིན་་དམངས་གཙོ་དགོས་སམ་སྲིད་དབང་སྒེར་གཅོད་པ་གསར་བ་དགོས་ཟེར་བ་ཞིག་བྲིསཔ་དང་། དེའི་ནང་ཏིན་ཞའོ་ཕིན་སྲིད་དབང་སྒེར་གཅོད་པ་གསར་བ་ཞིག་ཏུ་འགྱུར་རྒྱུར་དོགས་ཟོན་བྱེད་དགོས་པ་དང༌། ཏིན་་མི་དམངས་ཀྱི་ཡིད་ཆེས་བསླུས་ཏེ། སྲིད་ཞི་ཏན་རྩིག་གྱང་གི་མདུན་དུ་བསམ་ཚུལ་ཉན་བཤད་ཀྱི་རྣམ་པ།དབང་སྒེར་གཅོད་མངོན་འགྱུར་བྱ་རྒྱུའི་ལམ་ཞིག་ལ་འགྲོ་གི་འདུག་”ཅེས་སོགས་བཀོད་ཡོད། ཉིན་བཞིའི་རྗེས། ཝེ་ཅིན་ཧྲིན་འཛིན་བཟུང་བྱས། ཟླ་༣ ཚེས་༣༡ཉིན་ཏིན་གྱིས་རྩ་བའི་རྩ་དོན་བཞི་རྒྱུན་འཁྱོངས་བྱེད་དགོས་ཞེས་ཡོངས་གྲགས་ཀྱི་གཏམ་བཤད་བྱས། ཟླ་༡༢ ཚེས་༨ ཉིན་དམངས་འཐུས་ཚོགས་འདུའི་ཐག་གཅོད་གཞིར་བཟུང་ཞི་ཏན་རྩིག་གྱང་གི་ཡིག་ཆེན་ཚགས་པར་གཙང་ཕྱགས་བྱས། དེ་ནས་“པེ་ཅིང་གི་དཔྱིད་དཔལ་”ཡུད་ཙམ་ཤར་བ་དེ་དགུན་གྱི་འཁྱགས་པའི་སྦུབས་སུ་ཐིམ།
༤ ཁག་གཡོག་དང་རྫུན་མ། ནོར་འཁྲུལ་གྱི་གྱོད་གཞི་དཀར་འདོན།།
རྒྱ་གཞུང་གི་ཆབ་སྲིད་ལས་འགུལ་རིམ་པའི་ནང་སྡུག་སྦྱོང་མནར་གཅོད་མི་བཟད་པ་མྱངས་པའི་མང་ཚོགས་ཀྱིས་གུང་ཁྲན་ཏང་དང་རྒྱ་གཞུང་ལ་རྦད་དེ་ཡིད་ཆེས་གཏིང་བརླགས་སུ་ཕྱིན་པའི་གནས་སྟངས་དེ་རིགས་ཁ་བསྒྱུར་ཆེད། ཤི་ཟིན་པའི་མའོ་དང་ཕམ་པར་བརྒྱབ་ཟིན་པའི་“མི་བཞི་ཤོག་ཁག་”སོགས་ནི་ཁ་འཕང་ལག་འཕྱིད་བྱེད་ས་སྟབས་བདེ་ཤོས་དེ་ཡིན་མོད། གཅིག་མཇུག་གཉིས་མཐུད་དུ་ཆག་སྒོ་སྣ་ཚོགས་ཕོག་མཁན་ཁྱིམ་ཚང་རེ་རེ་དང་། མི་སྒེར་སོ་སོའི་སེམས་ནང་གི་རྨ་ཁ་ནི་དེ་ཙམ་གྱིས་གསོ་ཐབས་མེད་སྟབས། ཧུའུ་ཡའོ་པང་གི་གཙོ་སྐྱོང་འོག་“གྱོད་གཞི་རྫུན་མ་དཀར་འདོན་དང་། ཁྲིམས་ཆད་བཅད་ནོར་ཤོར་བ་ཡོ་བསྲང༌། མ་ཉེས་ཁག་གཡོག་གི་གྱོད་གཞིར་དག་སེལ་གྱི་ལས་འགུལ་ལོ་ལྔ་ཙམ་རིང་སྤེལ་ཡོད། ལས་འགུལ་དེའི་ནང་དཀར་འདོན་བྱ་ཡུལ་ནི་ལོ་རབས་ལྔ་བཅུའི་མགོ་སྟོད་དུ་ས་ཞིང་བཅོས་བསྒྱུར་སྐབས་ས་བདག་དང་ཞིང་ཕྱུག་གྲལ་རིམ་དུ་བཅད་བགོས་བྱས་པའི་རིགས་དང་། ༡༩༥༧།༥༨ ལོར་ཤེས་ཡོན་ཅན་ལ་དམིགས་པའི་“གཡས་ལྷུང་ཤོག་ཁག་”གི་མི་འབུམ་ལྔ་ལྷག ལོ་རབས་དྲུག་ཅུའི་ནང་“སྤྱི་ཚོགས་རིང་ལུགས་ལ་ངོ་རྒོལ་བྱེད་མཁན་ གྲོང་གསེབ་པ་ས་ཡ་དུ་མ། རིག་གསར་སྐབས་ཉེས་འཛུགས་བྱས་པའི་ལས་བྱེད་ས་ཡ་གསུམ་དང་། མང་ཚོགས་འབུམ་གསུམ་ལྷག་ཙམ་སོགས་ཡིན་ལ། དེ་དག་གི་ནང་མི་བསྣན་པས་ཁྱོན་བསྡོམས་དཀར་འདོན་བྱ་ཡུལ་མི་འབོར་དུང་ཕྱུར་གཅིག་ཡས་མས་ཚོད་དཔག་བྱེད་ཀྱི་ཡོད། བོད་དུ་ལས་འགུལ་འདི་སྤེལ་སྐབས། དམངས་གཙོ་བཅོས་བསྒྱུར་དང་། ཟིང་འཁྲུག་ཞོད་འཇགས། རིག་གསར་སྐབས་རྒྱ་གཞུང་ལ་ཐད་ཀར་དྲག་པོའི་གྱེན་ལོག་བྱས་པའི་མི་སྣ་སྐོར་ཞིག་ཀྱང་དཀར་འདོན་བྱས་ཡོད་ཚོད་འདུག་ལ། ཁྱིམ་ཤུལ་སྟོང་ཚར་མཁན་ལ་གུན་གསབ་སྤྲོད་ཡུལ་རྙེད་མེད་ཅེས་ལས་དོན་དེ ང་དངོས་སུ་ཞུགས་མཁན་ཞིག་གིས་བརྗོད་མྱོང་།
སྲིད་ཇུས་འདིའི་འོག་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་གཙོས་པའི་བོད་ཀྱི་བླ་སྤྲུལ་དང་གནད་ཡོད་མི་སྣ། མང་ཚོགས་དཀྱུས་མ་སྲོག་སྲ་མོ་ཡོད་མཁན་གང་ཙམ་ཞིག་བཙོན་གྲོལ་ཐོབ།
༥) རྩ་བའི་རྩ་དོན་བཞི་རྒྱུན་འཁྱོངས།
ཏིན་གྱིས་འགྲེལ་བཤད་རྒྱག་སྐབས། “ང་ཚོས་ཀྲུང་གོར་དེང་རབས་ཅན་བཞི་མངོན་འགྱུར་བྱེད་དགོས་ན། ངེས་པར་དུ་བསམ་བློའི་སྟེང་རྩ་བའི་རྩ་དོན་བཞི་རྒྱུན་འཁྱོངས་བྱེད་དགོས། འདི་ནི་དེང་རབས་ཅན་བཞི་མངོན་འགྱུར་བྱེད་པའི་གཞི་རིམ་གྱི་སྔོན་འགྲོའི་ཆ་རྐྱེན་ཡིན། རྩ་དོན་བཞི་ལས་དང་པོ། ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་རྒྱུན་འཁྱོངས་བྱེད་དགོས།
གཉིས་པ། ངེས་པར་དུ་འབྱོར་མེད་གྲལ་རིམ་གྱི་སྲིད་དབང་སྒེར་འཛིན་རྒྱུན་འཁྱོངས་བྱེད་དགོས། གསུམ་པ། ངེས་པར་དུ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས། བཞི་བ། ངེས་པར་དུ་མར་ལེ་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ་རྒྱུན་འཁྱོངས་བྱེད་དགོས་”ཞེས་བཤད་ཡོད་པ་དང༌། འདིའི་ནང་གི་མཐར་ཐུག་གི་རྒྱུན་འཁྱོངས་ནི་གུང་ཁྲན་ཏང་གི་མགོ་ཁྲིད་ལ་འགྱུར་བ་བཏང་མི་ཆོག་པ་དེ་ཡིན། ༡༩༨༧ ལོའི་དམར་ཤོག་ཚོགས་པའི་ཚོགས་ཆེན་སྐབས་༡༣ སྟེང་། “ལྟེ་བ་གཅིག་དང༌། རྩ་གནད་གཉིས་”རྒྱ་གཞུང་གི་སྲིད་ཇུས་གཙོ་ཆེ་ཤོས་སུ་བཟུང་། “ལྟེ་བ་གཅིག་”ཟེར་བ་ནི་“དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་དགོས་་པ་དང༌། “རྩ་གནད་གཉིས་”ནི། ་རྩ་བའི་རྩ་དོན་བཞི་རྒྱུན་འཁྱོངས་དང་། བཅོས་བསྒྱུར་སྒོ་འབྱེད་རྒྱུན་
འཁྱོངས་”བྱེད་དགོས་པ་གཉིས་ཡིན།
༤ རྩབའི་རྩ་དོན་བཞི་ཟེར་བའི་ལྕགས་སྒྲོག་འདི་ནི་ཏིན་ལ་དབང་ཆ་ཐོབ་པའི་བརྒྱུད་རིམ་དང་། ཐོབ་མ་ཐག་པའི་དམངས་པ་ལ་དམིགས་ནས་བཏོན་པ་ཞིག་ཡིན་ལ། ཁ་ཤས་ཀྱིས་འདི་ནི་༡༩༧༩ ལོའི་ཟླ་༡ ཚེས་༣ ཉིན་རྒྱ་ནག་སྤྱི་ཚོགས་ཚན་རིག་ཁང་གི་འགན་འཛིན་ཧུའུ་ཆའོ་མུའུ་ཡིས་གཏམ་བཤད་ཅིག་གི་རྐྱེན་བྱས་ཏེ་བྱུང་བ་ཞིག་ཡིན་པར་བཤད་ཅིང་། ཧུའུ་ཆའོ་མུའུ་ཡིས་གཞུང་ལུགས་ཀྱི་བགྲོ་གླེང་ཚོགས་འདུ་ཞིག་གི་སྟེང་། དེང་སང་རྒྱ་ནག་ཏུ་རླུང་ཡན་གསུམ་འབྱུང་བཞིན་པ་དང༌། དེ་ནི་“ཏང་གི་མགོ་ཁྲིད་ཁས་མི་ལེན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཁས་མི་ལེན་པ།) “མར་ལེ་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པའི་གཞི་རིམ་གྱི་ལྟ་གྲུབ་ཁས་མི་ལེན་པའི་གནས་སྟངས་དེ་༡༩༥༧ ལོར་གཡས་ལྷུང་བས་ཚུར་རྒོལ་བྱས་པ་ལས་ཀྱང་ཚབས་ཆེ་ལུགས་བརྗོད་འདུག
སྐབས་དེའི་དམིགས་བསལ་གནས་སྟངས་འོག རྩ་དོན་བཞི་འདིས་རྒྱ་ནག་གི་བརྟན་ལྷིང་ལ་ནུས་པ་དམིགས་བསལ་ཐོན་ཡོད་པའི་གདེང་འཇོག་བྱེད་ཀྱི་ཡོད་ནའང་། རྒྱ་ནག་གི་དམངས་གཙོ་དང་རང་དབང་བརྩོན་ལེན་གྱི་འཕེལ་རིམ་ནས་བལྟས་ཚེ། རྩ་དོན་འདི་དག་ནི་རྒྱ་ནག་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཧ་ཅང་ལྗིད་ཆེ་བ་ཞིག་དང་། ད་ཆ་རྦད་དེ་དུས་ལས་ཡོལ་ཟིན་པ་ཞིག་ཏུ་ངོས་འཛིན་བྱེད་མཁན་མང་།
༦) ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན།
ཏིན་ཞའོ་ཕིན་ལ་དབང་ཆ་ཐོབ་རྗེས། སྐབས་སུ་བབས་པའི་ལས་འགན་གཙོ་བོ་ཞིག་ནི། གུང་ཁྲན་ཏང་གིས་དེ་སྔོན་བཟོས་པའི་ནོར་འཁྲུལ་ངོས་ལེན་བྱ་རྒྱུ་དང་། དེའི་སྟེང་ཇི་ལྟར་གུང་ཁྲན་ཏང་གི་དབང་བསྒྱུར་ཁྲིམས་མཐུན་བཟོ་ཐབས་ཀྱི་གནད་དོན་དེ་གཉིས་ཡིན་ཞིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ནི་དེ་དག་མངོན་འགྱུར་བྱེད་པའི་སྲིད་ཇུས་ཤིག་སྟེ། དེའི་ནང་དོན་ནི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ལས་ཀའི་གཙོ་གནད་དེ་དཔལ་འབྱོར་འཛུགས་སྐྲུན་སྟེང་ཁ་ཕྱོགས་བསྒྱུར་དགོས་པ་དང་། མར་ཁེ་སི་རིང་ལུགས་པའི་ཡོངས་ཁྱབ་ཀྱི་རྩ་བའི་རིགས་པ་དང་རྒྱ་ནག་གི་དངོས་ཡོད་གནས་སྟངས་ཟུང་དུ་སྦྲེལ་ནས། སོ་སོའི་ལམ་ཁར་བསྐྱོད་དགོས་པའི་རེ་འདུན་བཏོན་ཡོད།
ཏིན་ཞའོ་ཕིན་གྱིས་རྒྱ་ནག་གི་དངོས་ཡོད་གནས་སྟངས་ངོས་འཛིན་ཚུལ་ནི། རྒྱ་ནག་དེ་ད་དུང་“སྤྱི་ཚོགས་རིང་ལུགས་ཀྱི་དུས་རིམ་ཐོག་མའི་གནས་སྐབས་སུ་ཡོད་(ད་དུང་དུས་ཡུན་རིང་པོར་དུས་རིམ་དེར་གནས་རྒྱུ་ཡིན།)པ་དང་། དུས་རིམ་འདི་རྒྱལ་ཁབ་གང་ཞིག་སྤྱི་ཚོགས་རིང་ལུགས་སུ་བསྐྱོད་པའི་ལམ་ཁ་ཉག་ཅིག་དེ་མ་ཡིན་པར། རྒྱ་ནག་གི་དམིགས་བསལ་གནས་སྟངས་ཤིག་ཡིན་པའི་འགྲེལ་བཤད་བྱས་ཡོད། ཤོད་སྟངས་འདིས་དཔལ་འབྱོར་འཛུགས་སྐྲུན་གྱི་གལ་ཆེའི་སྲིད་ཇུས་ཐག་གཅོད་བྱེད་པའི་གོ་རིམ་ནང་། འདུ་ཤེས་འཛིན་སྟངས་གཙོ་བོའི་ཡང་གཙོར་འཇོག་པའི་ལམ་སྲོལ་དེ་གཡོལ་བའམ་གལ་ཆུང་དུ་རྩིས་ཏེ། སྲིད་ཇུས་ཀྱི་དངོས་ཡོད་ཕན་འབྲས་གཙིགས་སུ་འཛིན་རྒྱུར་དམིགས་པ་གཏད་པས། མར་ཁེ་སི་རིང་ལུགས་རྒྱ་ནག་ཅན་དང༌། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་་སོགས་གཞུང་འབྲེལ་གྱིས་དྲིལ་བསྒྲགས་གསེད་འགྲོལ་བྱེད་དགོས་བྱུང་ཡོད། སྤྱིར་བཏང་སྤྱི་ཚོགས་རིང་ལུགས་ནི་དམར་ཤོག་གི་ལྟ་གྲུབ་ཏུ་གུང་ཁྲན་རིང་ལུགས་ཀྱི་སྤྱི་ཚོགས་སུ་བགྲོད་པའི་བརྒྱུད་རིམ་ཞིག་ཏུ་འཇོག་པ་དང༌། གུང་ཁྲན་རིང་ལུགས་དང་ཁྲོམ་རའི་དཔལ་འབྱོར་ནི་རྦད་དེ་ལྡོག་ཟླར་གྱུར་ཡོད། འདི་ལས་མཆེད་པའི་རྒྱ་ནག་ནང་སྤྱི་ཚོགས་རིང་ལུགས་དང་མ་རྩ་རིང་ལུགས་(དེར་ལམ་ལུགས་འདི་གཉིས་ཀྱི་ཚིག་འབྲུ་དང་པོ་གཉིས་ཕྲལ་ཏེ།མིང་འདོགས་སྲོལ་ལྟར་“རུས་སྤྱི་དང་རུས་མ་ཞེས་བཏགས།)སྐོར་གྱི་བགྲོ་གླེང་ཤུགས་ཆེར་བྱུང་སྐབས། ཏིན་གྱིས་བརྒྱ་ཁ་གཅིག་གཅོད་ཀྱིས་རུས་སྤྱི་ཡིན་ནའང་འདྲ། མ་ཡིན་ནའང་འདྲ། རྩོད་གླེང་བྱེད་དགོས་དོན་མི་འདུག་ཅེས་རྒྱ་ནག་གི་དམར་པོའི་གྲུབ་མཐའ་འཛིན་པའི་འུར་ལངས་མཁན་ཚོར་ཁ་བཀག་ཡོད། མི་མང་པོས་ཡོངས་གྲགས་སུ་ལུང་འདྲེན་བྱེད་བཞིན་པའི་་ཞི་མི་དཀར་པོ་ཡིན་ན་འདྲ། ནག་པོ་ཡིན་ན་འདྲ། ཙི་ཙི་འཛིན་ཐུབ་མཁན་དེ་ཞི་མི་ཡག་པོ་རེད་ ཟེར་བའི་སྐད་ཆ་དེའང་འདིའི་ཐད་བཤད་པ་ཞིག་ཡིན།
༧) ༡༩༨༢ ལོའི་རྩ་ཁྲིམས།
༡༩༨༠ ལོའི་དམངས་འཐུས་སྐབས་ལྔ་བའི་ཚོགས་འདུ་ཐེངས་གསུམ་པའི་སྟེང་། རྩ་ཁྲིམས་བཟོ་བཅོས་ལྷན་ཚོགས་ཤིག་འཛུགས་རྒྱུའི་གྲོས་ཆོད་བཞག་སྟེ་ལོ་གཉིས་རིང་གྲོས་བསྡུར་བྱས་པ་བརྒྱུད། ༡༩༨༢ ལོའི་དམངས་འཐུས་ཚོགས་འདུ་ཐེངས་ལྔ་བའི་སྟེང་གཏན་འབེབས་བྱས་ཡོད། མི་རྣམས་ཀྱིས་རྩ་ཁྲིམས་བཟོ་བཅོས་ཀྱི་དོ་སྣང་བྱེད་གཞི་གཙོ་བོ་ཞིག་ནི་མགོ་ཁྲིད་ཀྱི་ལས་ཁུར་ཡུན་ཚད་ཐད་ཡིན་ལ། ཏིན་གྱིས་བཟོ་བཅོས་ལྷན་ཚོགས་ལ་མགོ་ཁྲིད་པས་ནམ་འཚོ་བར་དུ་ལས་འགན་ཁུར་བའི་ལམ་ལུགས་མེད་པར་བཟོ་དགོས་པའི་ལམ་སྟོན་གསལ་བོ་བྱས་ཡོད་ལ། རྒྱ་ནག་གི་གཞུང་འབྲེལ་ཚགས་དེབ་སོགས་སུའང་དེ་ལྟར་བསྒྲགས་ཡོད།
འོན་ཀྱང་གཏན་འབེབས་བྱས་པའི་རྩ་ཁྲིམས་དེའི་ནང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་གཉིས་“ལས་འགན་བསྟུད་མར་སྐབས་གཉིས་ལྷག་ཁུར་མི་ཆོག་ཅིས་གསལ་བ་དང༌། དབུས་དམག་དོན་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་ལས་ཁུར་ཡུན་ཚད་ལ་ཚོད་འཛིན་གང་ཡང་བྱས་མེད། ལས་གནས་རྗེས་མ་འདི་ནི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་གྱི་དབང་ཆ་འཕྲོག་སྟེ། ཏིན་རང་ཉིད་ཀྱི་
ཆེད་དུ་རྐང་བཙུགས་ནས་བཀོད་སྒྲིག་བྱས་པ་གསལ་བོ་ཡིན་ལ།ཏིན་གྱིས་ལས་གནས་འདིའི་སྟེང་ནས་ཁོ་རང་གི་དུས་རབས་དེ་བསྐྱངས་ཡོད།($ ་མགོ་ཁྲིད་པས་ནམ་འཚོ་བར་དུ་ལས་འགན་ཁུར་བའི་ལམ་ལུགས་མེད་པར་བཟོ་དགོས་”པའི་ལམ་སྟོན་འདི་གཞན་གྱི་མགོ་ལ་འཇོག་པ་ལས་ཏིན་རང་ཉིད་ལ་ཟུག་གི་མེད།
ཏིན་གྱིས་འདི་ལྟར་འཕྲུལ་རྫུས་བྱེད་དོན་ནི། རང་ཉིད་ཀྱི་དབང་ཆའི་འབྱུང་ཁུངས་དེ་རྒྱ་མི་ཚོས་“རིག་གསར”དང་“མི་སྒེར་ལ་རྨོངས་དད་”ལ་ཞེན་པ་ལོག་པའི་བསམ་ཚུལ་བེད་སྤྱད་དེ་ཐོབ་པ་ཞིག་ཡིན་པས། མངོན་གསལ་དུ་མའོ་དང་ཧྭ་གོ་ཧྲིན་ནང་བཞིན་སྒེར་གཅོད་ཀྱི་ལམ་ལ་ཕྱིར་ལོག་བྱེད་ཐབས་མེད་ལ། དབང་ཆ་གློད་འདོད་དེ་བས་ཀྱང་མེད། དེར་བརྟེན། ཡོལ་བའི་རྒྱབ་ནས་ཁ་ལོ་བསྒྱུར་བདེའི་སླད་འཕྲུལ་འདི་རིགས་སྤྱོད་དགོས་བྱུང་ཡོད།
ཁ༽ ནང་ཁུལ་དུ་བཅོས་བསྒྱུར།
༡) གྲོང་གསེབ་བཅོས་བསྒྱུར།
༡༩༨༠ ལོར་ཨན་ཧོས་ཞིང་ཆེན་ལ་ཐན་པ་བྱུང་སྟེ། ཧྲིན་ཡང་རྫོང་ཞའོ་ཀང་གྲོང་ཚོའི་ཞིང་པ་༡༨ ཀྱིས་འུ་ཐུག་པའི་གནས་སྟངས་ལས་ཐར་ཆེད། གྲོང་ཚོའི་ས་ཞིང་དང་ཐོན་སྐྱེད་ཡོ་ཆས་ཅི་ཡོད་ཁྱིམ་ཚང་སོ་སོར་བགོ་བཤའ་བརྒྱབ་པ་དང་། ཁེ་གྱོང་རང་རང་སོ་སོས་འཁུར་དགོས་པའི་ནང་ཁུལ་གན་རྒྱ་བཞག འདི་ནི་མི་དམངས་ཀུང་ཧྲེའི་སྒྲིག་འཛུགས་འོག་་སྤྱི་བའི་རྒྱུ་ནོར་སྒེར་བགོ་བྱས་པའི་ནག་ཉེས་ཆེན་པོ་ཞིག་ཡིན་མོད། གྲོང་གསེབ་འདིར་ལོ་ལེགས་བྱུང་བའི་གནས་ཚུལ་ཁྱབ་འཕེལ་བྱུང་བ་དང་བསྟུན་དེའི་སྐོར་དབུས་གཞུང་ལ་སྙན་སེང་ཞུས།
༡༩༨༠ ལོའི་ཟླ་༥ ནང༌། ཏིན་གྱིས་གྲོང་གསེབ་དེའི་བྱེད་སྟངས་ལ་ཡོངས་བསྒྲགས་སུ་བསྟོད་བསྔགས་བྱས་པ་
དང་། ཅང་མ་འགོར་བར་རྒྱལ་ཡོངས་སུ་“ཁྱིམ་དུད་ཀྱི་ཐོན་ཚད་དང་སྦྲེལ་བའི་འགན་གཙང་ལེན་གྱི་འགན་འཁྲིའི་ལམ་ལུགས་”ལག་བསྟར་བྱས། དེ་སྔ་གྲོང་གསེབ་ཏུ་ཐོན་སྐྱེད་རུ་ཁག་ཚད་གཞི་འཛིན་པའི་ལམ་ལུགས་དེ། རིམ་པས་ཁྱིམ་ཚང་ཚད་གཞིར་བཟུང་། “ས་ཞིང་གི་མཐའ་མའི་དབང་ཚད་རྒྱལ་ཁབ་ལ་ཡོད་་པའི་རྩ་དོན་འོག ས་ཞིང་རྣམས་ཞིང་པ་སོ་སོས་དོ་དམ་བདག་གཉེར་བྱས་ཆོག་པ་དང་། ཞིང་ལས་ཐོན་རྫས་ཁྲོམ་རར་ཕྱིར་ཚོང་བྱས་ཏེ་ཁེ་འབབ་བཙལ་ཆོག་པ་བཟོས་པས། རྒྱ་ནག་ཏུ་“དཀའ་སྤྱད་སྡུག་རུས་ལོ་ངོ་ཉི་ཤུའི་རིང་། ཞག་མ་གཅིག་ལ་ས་བཅོས་སྔོན་དུ་སླེབས་” (ལོ་རབས་ལྔ་བཅུ་བའི་ས་ཞིང་བཅོས་བསྒྱུར་མ་བྱས་སྔོན་ལ་རང་
འཇགས་སླེབས་པའི་དོན།)ཟེར་སྲོལ་དར། །དེ་བཞིན་༡༩༨༠ ལོར། ཀོང་ཞི་ཞིང་ཆེན་གྱི་དབྱི་ཧྲན་རྫོང་དང་ལོ་ཁྲིན་རྫོང་གི་ཞིང་པ་ཚོས་རང་འཚམ་གྱི་སྒོ་ནས་“སྡེ་དམངས་ལྷན་ཚོགས་་འོས་བསྡུ་བྱས་ཏེ། མི་དམངས་ཀུང་ཧྲེའི་འོག་རྒྱ་ནག་གི་ཐོན་ཚད་འགན་གཙང་ལེན་གྱི་གན་རྒྱ་ཐོག་མ།གི་ཐོན་སྐྱེད་རུ་ཁག་གི་འཛིན་སྐྱོང་ལམ་ལུགས་གཏོར། ཐོག་མའི་ཆར་ཚོགས་ཆུང་འདིར་སྤྱི་ཚོགས་བདེ་འཇགས་ལ་ལྟ་སྐྱོང་གི་འགན་ཙམ་ལས་མེད་ཀྱང༌། དེར་མཐུད་དེ་ཧོ་པེ་དང་སི་ཁྲོན་སོགས་ཀྱི་གྲོང་གསེབ་ཏུའང་སྒྲིག་འཛུགས་དེ་རིགས་དར་ཏེ། དེའི་འགན་དབང་ཡང་དཔལ་འབྱོར་དང་ཆབ་སྲིད། རིག་གནས་སོགས་ཀྱི་ཐད་ལ་རྒྱ་བསྐྱེད་བྱས།
༡༩༨༢ ལོའི་རྩ་ཁྲིམས་སུ་ཤང་སྲིད་གཞུང་སླར་གསོ་དང་འབྲེལ། སྡེ་དམངས་ལྷན་ཚོགས་ཀྱི་ནང་དོན་ཡང་ཁས་ལེན་བྱས།
༡༩༨༦ ལོའི་ཟླ་༦ པར་“སྡེ་དམངས་ལྷན་ཚོགས་ཀྱི་རྩ་འཛུགས་བཅའ་ཁྲིམས་ལག་བསྟར་བྱེད་མགོ་ཚུགས་ཏེ།
སྡེ་དཔོན་གཙོ་གཞོན་གྲོང་གསེབ་སོ་སོ་ནས་འོས་བསྡུ་བྱེད་དུ་བཅུག་པ་དང༌། ས་ཆ་ལ་ལར་འོས་བསྡུའི་འགྲན་བསྡུར་ཛ་དྲག་བྱུང་སྟེ། ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་ཁོངས་ཀྱི་ཐེ་ཧྲི་གྲོང་ཚོ་ཟེར་བས་༢༠༠༥ ཟླ་༧ ནས་ད་བར་སྔ་རྗེས་ཐེངས་གཉིས་ལ་སྡེ་དཔོན་གནས་དབྱུང་བཏང་བ་དང༌། མཐར་དེའི་རྐྱེན་ལས་དྲག་ཟིང་གི་དོན་རྐྱེན་ཡང་བྱུང་འདུག སྡེ་དཔོན་གཙོ་གཞོན་སོགས་རྒྱལ་ཁབ་ཀྱི་ལས་བྱེད་པའི་སྒྲིག་གྲལ་དུ་མེད་པ་དང་། དེ་དག་གི་གླ་ཕོགས་གྲོང་གསེབ་སོ་སོས་ཐབས་འཚོལ་བྱེད་པ་ལས། གཞུང་གིས་རྒྱགས་སྤྱོད་མི་བྱེད།
དེང་སང་རྒྱ་ནག་ཧོ་པེ་ཞིང་ཆེན་གྱི་ཀྲོའུ་ཅ་གྲོང་ཟེར་བར་ད་དུང་“མི་དམངས་ཀུང་ཧྲེ་”གཅིག་ལྷག་ཡོད་པ་དང༌། ཀུང་ཧྲེའི་ནང་འཆར་འགོད་དཔལ་འབྱོར་གྱི་སྲིད་ཇུས་རྒྱུན་མཐུད་བཞིན་པ་དང་། མང་ཚོགས་རྣམས་ལས་དུས་ལྟར་སྐར་གྲངས་ཐོ་འགོད་དང༌། དེ་གཞིར་བཟུང་ཐོན་འབབ་བགོ་བཤའ་རྒྱག་པ་སོགས་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་རྒྱ་སྒོར་༥༠༠༠ ལྷག་ཟིན་པ་དང༌། ༢༠༠༥ ལོའི་རྒྱ་ནག་རྒྱལ་ཡོངས་ཀྱི་ཞིང་པའི་ཆ་སྙོམས་ཡོང་འབབ་རྒྱ་སྒོར་༣༢༥༥ ལས་མེད།
༢) གྲོང་ཁྱེར་བཅོས་བསྒྱུར།
༡༩༨༤ ལོའི་ཟླ་༡༠ ནང༌། དམར་ཤོག་ཚོགས་པའི་སྐབས་༡༢ ཚོགས་ཆེན་ཐེངས་༣ སྟེང་་དཔལ་འབྱོར་ལམ་
ལུགས་བཅོས་བསྒྱུར་ཐད་ཀྱི་གཏན་འབེབས་ཀྱི་བརྒྱུད་བསྒྲགས་བྱས་ཏེ། གྲོང་ཁྱེར་བཅོས་བསྒྱུར་བྱེད་མགོ་བརྩམས། ༡༩༨༥ལོར་ཁེ་ལས་སྡེ་ཁག་གི་དབང་ཆ་ཆེ་རུ་གཏོང་ཆེད། སྒེར་གཉེར་ཁེ་ལས་སྡེ་ཁག་ཏུ་ཡོད་པའི་གཞུང་གི་ལས་བྱེད་ཕྱིར་བསྡུ་དང་།སྔར་ཡོད་་འཆར་འགོད་དཔལ་འབྱོར”གྱི་རང་ལུགས་དོར་ཏེ། “སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར”ལ་བསྐྱོད་རྒྱུའི་དམིགས་ཚད་བཟུང་། ཐོན་རྫས་ཕྱིར་ཚོང་ལ་དམིགས་པའི་ཞིང་ཆེན་མན་གྱི་སྲིད་གཞུང་རིམ་པ་ཁག་གིས་ཡང་བའི་བཟོ་ལས་ཀྱི་བཟོ་གྲྭ་འཛུགས་གཉེར་བྱ་རྒྱུར་སྐུལ་སློང་བྱས་པས། བཟོ་གྲྭ་དེ་རིགས་ཀྱི་དངོས་ཟོག་ཐོན་སྐྱེད་བྱེད་པའི་དུས་ཡུན་ཐུང་བ་དང་།
མ་རྩ་ཆུང་ལ། ཕྱི་རྒྱལ་གྱི་དངུལ་ལོར་ཡོང་འབབ་མཐོ་བ་བཟོ་ཐུབ་ཡོད།
ག༽ ཕྱི་ཕྱོགས་སུ་སྒོ་འབྱེད།
༡) མི་སྐོར་ཞིག་དང་ས་གནས་སྐོར་ཞིག་སྔོན་ལ་ཕྱུག་པོ་ཆགས་སུ་ཆུག
མའོ་ཤི་ནས་རིང་པོ་མ་ཐོགས་པར། ཧོང་ཀོང་དང་ཐའེ་ཝན་གྱི་ས་འབྲེལ་ཀོང་ཏུང་དང་ཧྥུ་ཅན་ཞིང་ཆེན་སོགས་སུ་ཕྱིར་སྡོད་རྒྱ་རིགས་ཚོས་སོ་སོའི་ཕ་ཡུལ་དུ་བཟོ་གྲྭ་འཛུགས་གཉེར་བྱེད་མགོ་ཚུགས་པ་དང༌། སྤྱིར་བཏང་རྒྱ་ནག་ལ་ཕྱི་རྒྱལ་དང་ཚོང་འབྲེལ་གྱི་ཉམས་མྱོང་དེ་ཙམ་མེད་པ་དང་། རྒྱ་ནག་ནང་ལོགས་སུ་ཁྲིམས་ལུགས་འཐུས་སྒོ་ཚང་བ་ཞིག་མེད་པ་སོགས་ཀྱི་གནས་སྟངས་ལ་གཞིགས་ཏེ། རྒྱ་ནག་ལ་ཕྱི་རྒྱལ་གྱི་མ་རྩ་དང་། ཁྲོམ་ར། སྔོན་ཐོན་གྱི་ལག་རྩལ་དང༌། འཛིན་སྐྱོང་གི་རིགས་ལམ་གསར་པ་རྙེད་རྒྱུའི་རེ་བས། གོང་གསལ་ཞིང་ཆེན་གཉིས་ཀྱི་ས་གནས་ཁག་བཞི་ཙམ་ལ་༡༩༨༠ ལོར་་ཕྱི་ཕྱོགས་དཔལ་འབྱོར་དམིགས་བསལ་ས་ཁུལ་་བཙུགས་པ་དང་། དེར་དབུས་གཞུང་ནས་སྲིད་ཇུས་དང་མ་དངུལ་གྱི་རོགས་རམ་བྱས། དེའི་སྐོར་ཏིན་གྱིས། མཚོ་འགྲམ་གྱི་ས་ཁུལ་རྣམས་ཕྱི་ཕྱོགས་སུ་སྒོ་འབྱེད་བྱེད་ཚད་ཇེ་མགྱོགས་སུ་བཏང་སྟེ། མགྱོགས་ཙམ་སྔོན་ལ་
འཕེལ་རྒྱས་གཏོང་རྒྱུ་དང༌། དེས་ནང་ས་སྔར་ལས་ལེགས་པའི་སྒོ་ནས་ཡར་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱེད་ཐུབ། འདི་ནི་ཡོངས་ཁྱབ་ཀྱི་གནས་སྟངས་ཆེན་པོར་གཏུགས་པའི་གནད་དོན་ཞིག་ཡིན། ནང་ས་ཡིས་ཡོངས་ཁྱབ་ཀྱི་གནས་སྟངས་ཆེན་པོ་འདིར་བསམ་ཤེས་བྱེད་དགོས། དེ་དང་ཕྱོགས་མཚུངས། ཡར་རྒྱས་ངེས་ཅན་ཞིག་ཕྱིན་པའི་མཚམས་སུ། མཚོ་འགྲམ་ནས་སྟོབས་ཤུགས་མང་ཙམ་བཏོན་ཏེ་ནང་ས་ཡར་རྒྱས་འགྲོ་རྒྱུར་རོགས་རམ་བྱེད་དགོས། འདི་ཡང་ཡོངས་ཁྱབ་ཀྱི་གནས་སྟངས་ཆེན་པོ་ཞིག་ཡིན།
སྐབས་དེར་མཚོ་འགྲམ་གྱིས་ཀྱང་ཡོངས་ཁྱབ་ཀྱི་གནས་སྟངས་ཆེན་པོ་འདིར་བསམ་ཤེས་བྱེད་དགོས།”ཞེས་“ཡོངས་ཁྱབ་ཀྱི་གནས་སྟངས་ཆེན་པོ་གཉིས་”ཟེར་བ་ཞིག་བཤད་ཡོད།) ད་ལྟའི་ཆར་ཏིན་དང་རྒྱ་གཞུང་གིས་རེ་བ་བྱས་པའི་ས་ཁུལ་དེ་དག་ཡར་རྒྱས་གཏོང་རྒྱུའི་དམིགས་འཆར་(ཡོངས་ཁྱབ་ཀྱི་གནས་སྟངས་ཆེན་པོ་དང་པོ།)ལ་གྲུབ་འབྲས་འབུར་ཐོན་བྱུང་ཡོད་ནའང་། ཡར་རྒྱས་སོང་བའི་ས་ཁུལ་འདི་དག་གིས་ནང་སར་རོགས་རམ་བྱ་རྒྱུ་(ཡོངས་ཁྱབ་ཀྱི་གནས་སྟངས་ཆེན་པོ་གཉིས་པ་)ནི་རྨི་ལམ་གྱི་སྤྲོ་སྐྱིད་ནང་བཞིན་ཧ་ཅང་རྒྱང་ཐག་རིང་པོའི་རེ་སྨོན་ཞིག་ཏུ་གྱུར་ཟིན་ཡོད། དེ་བཞིན་དུ་ཏིན་གྱིས་མི་སྐོར་ཞིག་སྔོན་ལ་ཕྱུག་པོ་
ཆགས་སུ་ཆུག་ཅེས་བཤད་པའི་མི་དེ་དག་ཀྱང་མང་ཚོགས་ཕལ་བ་མ་ཡིན་པར། མཐོ་རིམ་དཔོན་རིགས་ཚོའི་ཁྱིམ་རྒྱུད་དང་བཅས་པ་ཕྱུག་པོ་ཆགས་སུ་བཅུག་ཡོད།
༢༠༠༦ ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིབ་འཇུག་ཁང་དང་། དབུས་ཏང་གི་སློབ་གྲྭའི་ཞིབ་འཇུག་ཁང་། དབུས་དྲིལ་བསྒྲགས་པུའུ་ཡི་ཞིབ་འཇུག་ཁང་། རྒྱ་ནག་སྤྱི་ཚོགས་ཚན་རིག་ཁང་སོགས་ཐུན་མོང་ནས་སྤྱི་ཚོགས་དཔལ་འབྱོར་གནས་སྟངས་སྐོར་གྱི་ཞིབ་འཇུག་སྙན་ཐོ་ཞིག་བཏོན་པའི་ནང་། རྒྱ་ནག་གི་སྒོར་དུང་ཕྱུར་ཡན་གྱི་ཕྱུག་པོ་བརྒྱ་ཆའི་༩༠ ཡན་མཐོ་རིམ་དཔོན་རིགས་ཚོའི་ཕྲུ་གུ་ཡིན་པ་དང་། དངུལ་ལོར་དང་། ཕྱིར་ཚོང་། ས་ཆ་གསར་སྤེལ། གཞི་རྒྱ་ཆེ་བའི་འཛུགས་སྐྲུན།
དངུལ་འཛིན་ཁྲོམ་ར་བཅས་ཁྱབ་ཁོངས་ལྔའི་ནང་གལ་ཆེའི་ལས་གནས་འཛིན་མཁན་བརྒྱ་ཆའི་༨༥ ནས་༩༠ ཙམ་མཐོ་རིམ་དཔོན་རིགས་ཚོའི་ཕྲུ་གུ་ཆགས་ཡོད།
ང་༽ ཕྱིར་མི་ལྡོག་པའི་སྒེར་གཅོད་གྱི་ལམ་ལ་ཤར་བསྐྱོད།
༡) ཧུའུ་ཡའོ་པང་གནས་དབྱུང་།
ཧུའུ་ཡའོ་པང་( ༡༩༡༥།༡༡།༢༠ ནས་༡༩༨༩།༤།༡༥)ནི་“ཁག་གཡོག་དང་རྫུན་མ། ནོར་འཁྲུལ་གྱི་གྱོད་གཞིར་
དཀར་འདོན་”གྱི་སྲིད་ཇུས་དོན་འཁྱོལ་བྱེད་མཁན་དང་། ་བདེན་དོན་ཚད་གཞི་བགྲོ་གླེང་ཆེན་མོར་”དངོས་སུ་སྐུལ་སློང་བྱེད་མཁན་ཡིན་པ་དང་། རྒྱ་ནག་དམར་ཤོག་ནང་མཐོང་དཀོན་པའི་བསམ་བློ་གུ་ཡངས་ཅན་ཞིག་ཡིན།8 u0-%o-༢༠༠༥ ཟླ་༡༡ནང་འདོན་སྤེལ་བྱས་པའི་“རྒྱ་ནག་བཅོས་བསྒྱུར་”ཞེས་པའི་དུས་དེབ་ཏུ། ཧུའུ་ལ་རྗེས་དྲན་གྱི་རྩོམ་ཡིག་མིའི་སེམས་སུ་གནས་ན་དུས་གཏན་དུ་འཚོ་ཐུབ་”ཅེས་པ་ཞིག་བཏོན་པའི་ནང་། ཧུའུ་ཡི་བྱས་རྗེས་གཙོ་བོ་“དཀར་འདོན་”གྱིས་སྤྱི་ཚོགས་འབྲེལ་ལམ་ལེགས་བཅོས་དང་། བསམ་བློ་བཅིངས་འགྲོལ་ལ་སྐུལ་སློང་བྱས་ཏེ། བཅོས་བསྒྱུར་སྒོ་འབྱེད་ཀྱི་འགྲོ་ལམ་བཤངས་པ། གཤིས་རྒྱུད་དྲང་ཚུགས་དང་། བྱེད་སྟངས་ཐག་ཆོད་པོ་ཡོད་པས། བཅོས་བསྒྱུར་གྱི་གདོང་མཆོངས་པ་ཞིག་བཅས་དོན་ཚན་གསུམ་དུ་བསྡོམས་ནས་བཀྲལ་འདུག
༡༩༨༣ ལོ་སྟོད་ནས་བཟུང་། ་འཐབ་ཕྱོགས་ཡོད་ཚད་དང་།ས་ཁུལ་ཡོད་ཚད། ལས་ཁུངས་ཡོད་ཚད། སྡེ་ཚན་ཡོད་ཚད་ལ་བཅོས་བསྒྱུར་གྱི་ལས་འགན་ཡོད། ཚང་མས་རྙིང་རུལ་དུ་ཕྱིན་པ་དང་། ང་ཚོའི་མདུན་བསྐྱོད་ལ་བར་དུ་གཅོད་པའི་བཀག་རྒྱ་རྙིང་པ་དང་། བྱེད་ཐབས་རྙིང་པ། སྤྱོད་ལམ་རྙིང་པ་གཏོར་ཏེ། གནས་ཚུལ་གསར་པར་ཞིབ་འཇུག་དང་། གནད་དོན་གསར་པ་ཐག་གཅོད། ཉམས་མྱོང་གསར་པ་ཕྱོགས་བསྡོམས་བྱེད་དགོས་”ཞེས་ཏིན་གྱི་ཆབ་སྲིད་ལམ་ཕྱོགས་དང་།
ཁྲིན་ཡུན་གྱི་དཔལ་འབྱོར་སྲིད་ཇུས་དང་མི་མཐུན་པའི་གཏམ་བཤད་བྱས་པ་དང་། ༡༩༨༣ ལོར་“བསམ་བློའི་བཙོག་བསླད་གཙང་སེལ་གྱི་ལས་འགུལ་ནང་གྲོང་དང་གྲོང་ཁྱེར། ལས་རིགས་ཡོངས་སུ་རྫོགས་པར་ཐལ་ཆེའི་སྒོ་ནས་མིའི་གཏམ་སྤྱོད་ལ་བཏང་འཛིན་བྱེད་པ་དེར་དམིགས་ཏེ། ཧུའུ་ཡིས་་མི་ལ་ལས་བཀས་བཀོད་རྒྱུད་འཛིན་རིང་ལུགས་ཀྱི་ལྟ་སྟངས་བཟུང་ནས་དེང་རབས་ཀྱི་དཔལ་ཡོན་ལ་བལྟས་ཏེ། ང་ཚོའི་སྤྱི་ཚོགས་ལོ་སྟོང་ཕྲག་ཁ་ཤས་སྔོན་ལ་ཕྱིར་བཤིག་རྒྱག་ཏུ་འཇུག་འདོད་བྱེད་ཀྱི་ཡོད། ཅེས་བཤད་ཡོད།©️ ལོ་དེར་སྤེལ་བའི་“འབྱོར་ལྡན་གྲལ་རིམ་གྱི་རང་དབང་ཅན་ལོ་ངོ་རྒོལ་་བྱེད་པའི་ལས་འགུལ་ནང་། གྲགས་ཅན་རྩོམ་པ་པོ་པ་ཅིན་སོགས་ལ་སྐྱོན་བརྗོད་ཀྱི་གཡོན་ཐལ་ཆེ་བའི་སྲིད་ཇུས ཡིས་ངོ་རྒོལ་བྱས་པ་ལ་བརྟེན་ནས་མཚམས་
བཞག
སྤྱི་ལོ་༡༩༨༥ ཟླ་༩ ནང་། པེ་ཅིན་གྱི་མཐོ་སློབ་ཁག་ཅིག་གི་སློབ་མས་དམངས་གཙོ་དགོས་པའི་ཁྲོམ་སྐོར་བྱས་པ་དང༌། ཏིན་ཞའོ་ཕིན་ཕམ་པར་རྒྱོབས་”སོགས་ཀྱི་འབོད་ཚིག་བསྒྲགས་པར། ཏིན་གྱིས་དབུས་ཆབ་སྲིད་ཅུས་ལ་དེ་དོན་བརྩད་གཅོད་བྱེད་དགོས་པའི་བསམ་ཚུལ་བསྟན་ཡང་། ཧུའུ་ཡའོ་པང་ལ་རྒྱབ་སྐྱོར་བྱེད་མཁན་མང་བ་བྱུང་སྟེ་དྲག་གནོན་བྱས་མེད། ལོ་དེར་ཧུའུ་ཡའོ་པང་གིས་ཟི་ཁྲོན་གྱི་དཔོན་རིགས་ཚོར་ཁ་བརྡ་བྱེད་སྐབས། དབུས་གཞུང་གི་དཔོན་རིགས་ཀྱི་ལོ་ན་ཇེ་གཞོན་དུ་གཏོང་དགོས་པ་དང༌། “ལོ་ན་བརྒྱད་ཅུ་བརྒལ་བའི་བློ་མཐུན་རྒན་པ་དེ་ཚོ་ལྷག་ཏུའང་མར་འབབ་རན་རེད་”ཅེས་བཤད་དེ། ཏིན་ཞའོ་ཕིན་ཐད་ཀར་འབེན་དུ་བཙུགས་པས། ཧུའུ་ཏིན་གཉིས་ཀྱི་འགལ་བ་མངོན་གསལ་དུ་ཕྱིན།
༡༩༨༦ ལོའི་དཔྱིད་ཀ་ནས་བཟུང་། རྒྱ་ནག་ཏུ་ཆབ་སྲིད་ལམ་ལུགས་བཅོས་བསྒྱུར་སྐོར་བཞུགས་མོལ་ཚོགས་འདུ་དང༌། བགྲོ་གླེང་སོགས་ཀྱི་ལམ་ནས་ཁྱབ་འཕེལ་ཤུགས་ཆེར་བྱུང་བ་དང་། ལོ་མཇུག་ཏུ་རྒྱ་ནག་གི་ཧོ་ཧྥེ་ནས་སློབ་ཕྲུག་གི་ཁྲོམ་སྐོར་གཞི་རྒྱ་ཆེ་བ་ལངས་ཏེ། རིམ་བཞིན་ཧྲང་ཧེ་དང་པེ་ཅིན་སོགས་རྒྱ་ནག་གི་གྲོང་ཁྱེར་ཉི་ཤུ་ལྷག་ཏུ་མཆེད།©️ ཟླ་༡༢ ཚེས་༣༠ ཉིན་ཧུའུ་ཡིས་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་རྣམས་ཚོགས་འདུ་བསྐོངས་པར། ཏིན་སྙིང་རླུང་དྲག་ཏུ་ལངས་ཏེ་ཁ་པར་གཡུག་པ་མ་ཟད། རྒྱུན་ལས་འཚོགས་མི་ཆོག་པའི་བཀའ་བཏང་། ཧུའུ་ཆེད་བཀུག་གིས་སློབ་ཕྲུག་གི་ངོ་རྒོལ་ལས་འགུལ་ནི་“ལོ་ཤས་རིང་འབྱོར་ལྡན་གྲལ་རིམ་གྱི་རང་དབང་ཅན་ལ་ངོ་རྒོལ་བྱེད་པའི་དར་ཆ་གསལ་བོ་མེད་པ་དང་། རྣམ་འགྱུར་འཛིན་སྟངས་མཐའ་
འཁྱོངས་མེད་པའི་འབྲས་བུ་རེད་ཅེས་ལེ་ཁག་ཆ་ཚང་ཧུའུ་ཡི་མགོར་གཡོག(འདི་ནི་ཧུའུ་གནས་དབྱུང་བཏང་བའི་གཞུང་འབྲེལ་གྱི་རྒྱུ་མཚན་ཞིག་ཏུའང་བགྲང་ཡོད།) ཉིན་གཅིག་རྗེས་ཀྱི་༡༩༨༧ ལོའི་ཕྱི་ལུགས་ལོ་གསར་ཉིན། པེ་ཅིན་དུ་སློབ་མའི་རྔམ་སྟོན་ཁྲོམ་སྐོར་བསྐྱར་དུ་བྱུང་བ་དང་། དེའི་དགོང་མོར། ཏིན་ཞའོ་ཕིན་གྱིས་ཆབ་སྲིད་ཅུས་ཀྱི་ཉེ་ཕྱོགས་ཁ་ཤས་ཤིག་རང་ཤག་ཏུ་བོས་ཏེ་སྲིད་འགྱུར་གྱི་ཇུས་བཤམས།
ཚེས་༢ ཉིན། ཀྲུང་ནན་ཧེ་ཚོགས་ཁང་ཆུང་བའི་ནང་ཆབ་སྲིད་ཅུས་ཀྱི་མི་ཁ་ཤས་དང་། སྒྲིག་བཤེར་ཨུ་ལྷན། དམག་ཨུ་སོགས་ཀྱི་དཔོན་རིགས་སྐོར་ཞིག་གི་འཚོ་བའི་ཚོགས་འདུ་ཟེར་བ་ཞིག་བསྐོངས་པའི་སྟེང་། ཧུའུ་ཡི་སྐད་ཆ་བཤད་མཚམས་བཅད་དེ། ཕིན་ཀྲིན་དང་། དབྱང་ཧྲང་ཁུན། པོ་དབྱི་པོ། ཏིན་ཞའོ་ཕིན། སུང་རིན་ཆེན་སོགས་ནས་སྔ་རྗེས་སུ་རྣམ་པ་ཅི་རིགས་ཀྱི་ཉེས་འཛུགས་བྱས་པ་དང་། ཉིན་གཉིས་རྗེས་ཀྱི་ཆབ་སྲིད་ཅུས་ཀྱི་འཚོ་བའི་ཚོགས་འདུ་ཐེངས་གཉིས་པའི་སྟེང་། པོ་དབྱི་པོ་དང་ཕིན་ཀྲིན་གཉིས་ཀྱིས་ཧུའུ་ཡའོ་པང་ལས་གནས་ནས་རྩ་དགོངས་ཞུ་དགོས་པའི་མཐའ་ལ་བཀར་བ་དང་། ཞི་ཀྲུང་ཞུན་ཕུད་པའི་ཚོགས་བཅར་བ་ཚང་མས་དེར་རྒྱབ་སྐྱོར་བྱས།
སྤྱི་ལོ་༡༩༨༧ ཟླ་༡ ཚེས་༡༦ ཉིན་ཧུའུ་ལ་བཙན་ཤེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་གོ་གནས་ནས་རྩ་དགོངས་ཞུ་རུ་བཅུག
དེའི་ཐད་ཧུའུ་ཡིས་གལ་སྲིད་ཡེ་ཧཱའེ་(ཡེ་ཅན་དབྱིང་)བཞུགས་ཡོད་ན། དེ་ལྟ་བུ་ཞིག་ཡོང་སྲིད་ཀྱི་མ་རེད་”ཅེས་བློ་ཕམ་གྱི་སྐད་ཆ་བཤད་འདུག0] རྒྱ་ནག་གཞུང་འབྲེལ་གྱི་བཤད་སྟངས་ལྟར་ན། ཧུའུ་ཡི་ཉེས་པ་ཆེ་ཤོས་་འབྱོར་ལྡན་གྲལ་རིམ་རང་དབང་ཅན་རྒྱ་ཡན་དུ་བཏང་ཚུལ་དེ་ཡིན་མོད། བོད་དང་གྲངས་ཉུང་མི་རིགས་ཀྱི་སྲིད་ཇུས་ཅུང་གུ་ཡངས་བཟུང་བ་དེ་ཏིན་སོགས་ཀྱི་སྣང་བར་མ་སོང་བའང་ཧུའུ་དབང་ཆ་ཤོར་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཏུ་འདོད་ཀྱི་ཡོད།
༢) ཧུའུ་དང་བོད།
༡༩༨༠ ལོའི་ཟླ་༣ ཚེས་༡༤ ཉིན། ཧུའུ་ཡའོ་པང་གི་གཙོ་སྐྱོང་ ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་
ཐེངས་དང་བོ་བསྐོང་ཚོགས་བྱས་པ་དང་། ཚོགས་འདུའི་ཚིག་ཐོ་ཀྲུང་དབྱང་གི་“༡༩༨༠ ཡིག་ཆ་ཨང་༣༡ ་ཟེར་བ་ཞིག་གཏན་འབེབས་ཀྱིས་ཏང་ཡོངས་སུ་ཁྱབ་བསྒྲགས་བྱས་པའི་ནང་། ཀྲུང་དབྱང་དང་ཀྲུང་དབྱང་གི་ཚན་པ་ཁག་གིས་གཏན་འབེབས་བྱས་པའི་བྱེད་ཐབས་དང་སྲིད་ཇུས། ལམ་ལུགས་དང་། རྒྱལ་ཡོངས་སུ་འགྲེམས་གཏོང་བྱས་པའི་ཡིག་ཆ། མཛུབ་སྟོན། ཆོད་དོན་ཁག་བོད་ཀྱི་དངོས་ཡོད་གནས་ཚུལ་དང་མི་འཚམ་པ་གང་ཞིག བོད་ལྗོངས་ཀྱི་ཏང་སྲིད་མང་ཚོགས་ཀྱི་མགོ་ཁྲིད་ཚན་པས་ལག་བསྟར་མི་བྱེད་པའམ་བབ་བསྟུན་བསྒྱུར་བཅོས་ཀྱིས་ལག་བསྟར་བྱས་ཆོག་ཅེས་དང༌། “ཕྱོགས་ཡོངས་ནས་ཆོས་ལུགས་སྲིད་ཇུས་དོན་འཁྱོལ་”དང་། “ཆོས་དད་མང་ཚོགས་ཀྱི་རྒྱུན་ལྡན་གྱི་ཆོས་ལུགས་འཚོ་བར་བརྩི་བཀུར་”ཞེས་དང་། ་རིམ་བཞིན་སློབ་
ཆུང་སློབ་གསོ་ཡར་རྒྱས་དང་། བོད་ཡིག་གི་ཡིག་རྨོངས་སེལ་ཐབས། བོད་རྒྱ་མི་རིགས་ཀྱི་སློབ་མ་ཚང་མས་བོད་ཡིག་སྦྱོང་དགོས་པ་དང་། གང་མྱུར་སྒོས་དམངས་བཙུགས་སློབ་གྲྭ་གཞུང་བཙུགས་སློབ་གྲྭར་བསྒྱུར་དགོས། འཆར་གཞི་ལྡན་པའི་སྒོ་ནས་དམའ་འབྲིང་དང་མཐོ་འབྲིང་གོང་འཕེལ་དང་། བོད་ཡིག་གི་སློབ་དེབ་རྩོམ་སྒྲིག་དཔར་སྐྲུན་བྱས་ཏེ། སློབ་ཁྲིད་ཀྱི་སྤུས་ཀ་མཐོར་འདེགས་བྱེད་དགོས་”ཞེས་སོགས་ཀྱི་ཚིག་བརྗོད་བཀོད་ཡོད།།
ཟླ་༥ ཚེས་༢༢ ནས་ཚེས་༢༡ བར། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཡའོ་པང་དང་། སྲིད་བློན་
གཞོན་པ་ཝན་ལིས་གཉིས་ཀྱིས་བོད་ལྗོངས་སུ་ལྟ་སྐོར་བྱས་ཤིང་།02 ཚེས་༢༩ ཉིན། རང་སྐྱོང་ལྗོངས་ལས་བྱེད་ཚོགས་ཆེན་སྟེང་འབྱུང་འགྱུར་སྒྲུབ་དགོས་པའི་དོན་ཆེན་དྲུག་ཅན་གྱི་གཏམ་བཤད་སྐད་གྲགས་ཅན་དེ་སྤེལ་བའི་ནང༌། སྔོན་གླེང་དུ་ལོ་ངོ་༢༩རིང་“བོད་ལྗོངས་མི་དམངས་ཀྱི་འཚོ་བ་དེ་ཙམ་མཐོར་འདེགས་བྱས་མེད། ས་ཆ་ལ་ལར་མཐོར་འདེགས་ཏོག་ཙམ་བྱུང་ཡོད། འོན་ཀྱང་ས་ཆ་ལ་ལར་ཉམས་རྒུད་དུ་ཕྱིན་ཡོད་”ཅེས་སྡོམ་ཚིག་བཀོད་དེ། དོན་ཆེན་དྲུག་ལས་“དོན་ཆེན་དང་བོ་ནི། དེ་རིང་རྫོང་གི་ཧྲུའུ་ཅི་ཡན་ཚང་མ་འདིར་འཛོམས་ཡོད་པ་ཡིན་ནམ། ཁྱེད་ཚོས་རང་རང་སོའི་ཁྱད་ཆོས་གཞིར་བཞག་གིས། ཞིབ་ཕྲའི་བཀའ་ཁྲིམས་དང༌། ཁྲིམས་སྲོལ། སྲོལ་ཡིག་གཏན་འབེབས་བྱས་ཏེ། རང་རང་སོ་སོའི་མི་རིགས་ཀྱི་དམིགས་བསལ་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས། ་་༌༌ཕྱི་ལོགས་ཀྱི་ཆ་ཚང་ལེབ་བཤུས་མ་བྱེད། ཀྲུང་དབྱང་གི་དེ་ཡང་ལེབ་བཤུས་མ་བྱེད། ཐབས་ཅད་ལེབ་བཤུས་ལེབ་སྤོས་བྱེད་པ་ནི་སྒྱིད་ལུག་གི་བསམ་བློ་རེད།)
དོན་ཚན་གཉིས་པ། དེང་སང་བོད་ལྗོངས་དཀའ་ངལ་གང་ཙམ་ཆེ་བའི་གནས་སྟངས་ལ་གཞིགས་ཏེ། མཐའ་གཅིག་ཏུ་སོར་ཆུད་སྐྱེ་འཕེལ་གྱི་སྲིད་ཇུས་ལག་བསྟར་དང་། མང་ཚོགས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་དགོས། ལོ་གཉིས་སམ་གསུམ།
ཡང་ན་ལྔའི་ནང་ཚུན་བོད་ལྗོངས་མི་དམངས་ཀྱི་འབྲུ་རིགས་གཞུང་གིས་བསྡུ་ཉོའི་ལས་འགན་མེད་པ་བཟོ་རྒྱུ།
དོན་ཚན་གསུམ་པ། དཔལ་འབྱོར་སྲིད་ཇུས་ཡོངས་སུ་རྫོགས་པའི་ཐད། བོད་ལྗོངས་སུ་དམིགས་བསལ་གྱི་སྟབས་བསྟུན་སྲིད་ཇུས་ལག་བསྟར་བྱས་ཏེ། ཐོན་སྐྱེད་ཀྱི་འཕེལ་རྒྱས་ལ་སྐུལ་སྤེལ་ཐུབ་ཐབས་བྱ་རྒྱུ། སྟབས་བསྟུན་སྲིད་ཇུས་སྟེང་ལ་དམིགས་བསལ་བསྣན་ཏེ། བཟོ་ལས་དང་ཞིང་ལས། ནོར་སྲིད། ཕྱི་ཕྱོགས་ཉོ་ཚོང་། འབྲོག་ལས། ལས་ཤེས། འགྲིམ་འགྲུལ་སོགས་ཚུད་པའི་དཔལ་འབྱོར་གནད་དོན་ཐད་དམིགས་བསལ་གྱི་སྲིད་ཇུས་དང༌། བོད་ལྗོངས་དང་འཚམ་པའི་སྟབས་བསྟུན་གྱི་སྲིད་ཇུས་ལག་བསྟར་བྱེད་དགོས། ཁྱེད་ཚོས་ངས་བརྗོད་པའི་“དམིགས་བསལ་”ཞེས་པ་དེ་མ་བརྗེད་པ་གྱིས།)
་དོན་ཚན་བཞི་བ། རྒྱབ་ཁབ་ཀྱིས་ཁྱེད་ཚོར་རྒྱབ་སྐྱོར་བྱས་པའི་ཕོན་ཆེའི་མ་དངུལ་རྣམས་ཞིང་འབྲོག་ལས་འཕེལ་རྒྱས་དང༌། བོད་རིགས་མི་དམངས་ལ་ཉིན་རྒྱུན་ཁ་ཚ་དགོས་གཏུགས་ཆེ་བའི་སྟེང་བཀོལ་སྤྱོད་བྱེད་དགོས། ལོ་མང་རིང་དངུལ་བཀོལ་སྤྱོད་ཡག་པོ་མ་བྱུང་བར། ཆུད་ཟོས་ཆེན་པོ་བཏང་ཡོད། དངུལ་རྣམས་ཡར་ཀླུང་གཙང་པོའི་ནང་གཡུགས་པ་ཡིན་ནམ།”
་དོན་ཚན་ལྔ་བ། སྤྱི་ཚོགས་རིང་ལུགས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པའི་ཆ་རྐྱེན་འོག ཤུགས་ཆེན་པོ་དང་། འཐུས་སྒོ་ཚང་བའི་སྒོ་ནས་བོད་རིགས་ཀྱི་ཚན་རིག་རིག་གནས་སློབ་གསོའི་ལས་དོན་གོང་འཕེལ་གཏོང་དགོས། ་་་་ངས་ཁ་སང་བློ་བཟང་ཚུལ་ཁྲིམས་དང་། རྡོ་རྗེ་ཚེ་བརྟན། ཕུན་ཚོགས་བཀྲ་ཤིས་སོགས་བློ་མཐུན་དང་མཉམ་དུ་སྐད་ཆ་བཤད་པ་ཡིན། ངས་ཁོ་ཚོར་བོད་ལྗོངས་ཀྱི་སྣ་འཛོམས་སློབ་གྲྭ་ཆེན་མོ་ཞིག་ཡག་པོ་བྱས་ནས་འཛུགས་དགོས་པའི་གྲོས་མགོ་བཏོན་པ་ཡིན། དེར་ལོ་རྒྱུས་དང་སྐད་ཡིག ལྷའི་རིག་པའམ་ཆོས་ཀྱི་རིག་པ། སྒྱུ་རྩལ། ཁྲིམས་ལུགས། འཇིམ་རྐོས་(སོགས་ཀྱི་སློབ་ཚན་བཙུགས།) མི་མང་པོ་དགོས་དོན་མེད། ཆིག་སྟོང་ཉིས་སྟོང་གིས་འདང་གི་རེད། ཡིག་རྒྱུགས་ཐད། སུ་ལ་ཆ་རྐྱེན་འཛོམས་ན་སུ་ཡོང་ཆོག་གི་རེད། ཆ་རྐྱེན་མ་འཛོམས་མཁན་གནས་སྐབས་ཡོང་དགོས་ཀྱི་མ་རེད། བོད་རིགས་གཙོ་བོར་བྱེད་དགོས་པ་དང་། བརྒྱ་ཆའི་
དགུ་བཅུ་གོ་བརྒྱད་བོད་རིགས་སློབ་མ་ཡིན་དགོས། རྒྱ་རིགས་སློབ་མ་ག་བར་འགྲོ་དགོས་སམ་ཞེ་ན། ནང་སར་སོང་། བོད་རིགས་མི་དམངས་ལ་མི་ཚེ་ཧྲིལ་བོར་ཞབས་ཞུ་རྒྱུའི་ཆོད་སེམས་ཡོད་མཁན་ཚོ་གཞི་ནས་ཡོང་ཆོག དེ་མིན་ཁྱེད་རང་འདིར་རྒྱུགས་ཡོང་ནས་ཟམ་པ་བྱས་ཏེ། བར་བརྒལ་བྱེད་བསམ་མམ། དེ་འགྲིག་གི་མ་རེད། འདིར་འཛེམས་བག་དགོས་དོན་མེད། ད་ལོ་བྱེད་མ་ཐུབ་ན་སང་ལོ་བྱས་ཆོག་གི་རེད། རྒྱལ་ཁབ་ཀྱིས་འགན་གཙང་ལེན་བྱས་ཆོག་གི་རེད། འགན་ལེན་དགོས་ནའང་སྒོར་རྡོག་ཁ་ཤས་རེད། ཁྲི་བརྒྱ་ཡིས་འདང་གི་རེད། མི་རེར་སྒོར་བཞི་བརྒྱ། མི་སུམ་སྟོང་། གསུམ་བཞི་བཅུ་གཉིས་ཁྲི་བརྒྱ་དང་ཉི་ཤུ་རེད། སློབ་འབྲིང་འཛུགས་དགོས་པ་དང་། སློབ་གྲྭ་ཆེན་མོ་ཞིག་འཛུགས་དགོས། ཡིག་རྒྱུགས་ཚད་མ་ལོངས་པ་དང་།
སློབ་སྦྱོང་གྲུབ་འབྲས་མི་བཟང་ན་སློབ་གྲྭ་ནས་ཐོན་ཆོག རྩེ་བཏོག་དྲག་འདེམས་དང༌། ཁ་ཡོད་ལག་ཡོད་བྱེད་དགོས། འོ་ན་རྒྱ་རིགས་སློབ་མ་ག་བར་འགྲོ་དགོས་ཞེ་ན། ང་ཚོས་ཁོ་རྡོག་རོལ་དུ་གཏོང་གི་མིན། རྡོག་རོལ་དུ་བཏང་ན། ཁྱོད་ཚོས་ང་ཚོར་གཤེ་གཤེ་གཏོང་གི་རེད། ང་ཚོས་ནང་སར་བསྐྱལ་ཏེ་བཀོད་སྒྲིག་བྱས་ཆོག་གི་རེད། ད་དུང་སློབ་གྲྭ་ཆེན་མོ་འགྲིམ་ཆོག་གི་རེད།
ང་ཚོས་གང་ལ་དེ་འོས་དང་དྲང་བོ་དྲང་གཞག་བྱ་རྒྱུའི་འགན་ལེན་བྱས་ཆོག དེའི་རྒྱུ་མཚན་ནི་བོད་ལྗོངས་ཀྱི་སློབ་གྲྭ་ཆེན་མོས་བོད་ལྗོངས་ཀྱི་མི་གསོ་སྐྱོང་བྱེད་དགོས་པས་ཡིན། ངའི་བསམ་པར་རྒྱ་རིགས་ལས་བྱེད་པས་བོད་ལྗོངས་སུ་ལས་ཀ་བྱེད་སྐབས་ངེས་པར་དུ་བོད་སྐད་བོད་ཡིག་སྦྱོང་དགོས་པ་དང་། ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་དུ་འཇོག་དགོས། དེ་མིན་མང་ཚོགས་དང་ཡ་བྲལ་ཆགས་ཀྱི་རེད། དེར་བརྟེན་གྲངས་ཉུང་མི་རིགས་ལ་དགའ་ཞེན་ཞེས་པ་སྐད་ཆ་སྟོང་བ་མིན། ཁོ་ཚོའི་ཡུལ་སྲོལ་གོམས་གཤིས་ལ་བརྩི་བཀུར་དང་། ཁོ་ཚོའི་སྐད་ཡིག་ལ་བརྩི་བཀུར། ཁོ་ཚོའི་ལོ་རྒྱུས་ལ་ལོ་རྒྱུས་ལ་བརྩི་བཀུར། ཁོ་ཚོའི་རིག་གནས་ལ་བརྩི་བཀུར་བྱེད་དགོས། དེ་མེད་ན་དེ་ལ་ཁ་སྟོང་ནང་གི་ཚིག་སྟོང་ཟེར། སྐད་ཆ་འདི་ཧ་ཅང་རྣོ་བོ་རེད། ཁྱེད་རང་ཚོས་ཉན་ནས་དགོངས་པ་མ་ཚོམས། ངས་བསྐྱར་ཟློས་ཀྱིས་བཤད་རྒྱུར། རྒྱ་རིགས་ལས་བྱེད་སུ་ཞིག་ཡིན་རུང་། བོད་རིགས་ཀྱི་རིག་གཞུང་ལ་སྣང་ཆུང་དང་ཉམས་དམས་སུ་གཏོང་བའི་བསམ་བློ་གང་ཞིག་ཡིན་རུང་། དེ་ནི་ནོར་འཁྲུལ་ཡིན་ལ། དེ་ནི་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུར་མི་ཕན་པ་ཞིག་ཡིན།།
“གནད་དོན་མཐའ་མ་ནི། ཏང་གི་མི་རིགས་ལས་བྱེད་ཀྱི་སྲིད་ཇུས་ཡང་དག་པའི་སྒོ་ནས་ལག་བསྟར་དང་། བོད་རྒྱ་ལས་བྱེད་ཀྱི་མཛའ་གཅུགས་མཐུན་སྒྲིལ་ཆེས་ཆེར་ཤུགས་སྣོན་རྒྱག་དགོས། ཁ་སང་ང་ཚོ་གྲོས་བསྡུར་བྱས་པའི་འབྲས་བུར།ལོ་གཉིས་གསུམ་རིང་། ངའི་རེ་བར་ཡག་ཤོས་ལོ་གཉིས་རིང་། རྒྱལ་ཁབ་ཀྱི་ཐོན་སྐྱེད་དང་བྲལ་བའི་ལས་བྱེད། ཐོན་སྐྱེད་དང་ཁ་མ་བྲལ་བ་ཟེར་གྱི་མེད། ཐོན་སྐྱེད་དང་ཁ་མ་བྲལ་བ་ཚང་མ་བོད་རིགས་ཡིན་དགོས། དགེ་རྒན་སོགས་ཚུད་པའི་རྒྱལ་ཁབ་ཀྱི་ཐོན་སྐྱེད་དང་བྲལ་བའི་ལས་བྱེད་ཁྲོད། བོད་རིགས་ལས་བྱེད་གསུམ་ཆའི་གཉིས་ཡན་ཟིན་དགོས། (ཝན་ལིས་ཀྱིས། ངས་ཉིན་དེར་བརྒྱ་ཆའི་བརྒྱད་ཅུ་དང་ཉི་ཤུ་གླེང་ཡོད།) ཁོང་ང་ལས་ཀྱང་མྱུར་སྐྱོད་ཆེ་ཙམ་འདུག ང་འཐད་པ་ཡིན། ཁོང་གིས་བོད་རིགས་ལས་བྱེད་ཀྱིས་བརྒྱ་ཆའི་བརྒྱད་ཅུ་དང་། རྒྱ་རིགས་ལས་བྱེད་ཀྱིས་བརྒྱ་ཆའི་ཉི་ཤུ་ཟིན་དགོས་གསུང་གི་ཡོད། ཅེས་གསུངས་ཡོད།
ཧུའུ་ཡའོ་པང་གིས་གཏམ་བཤད་འདི་སྤེལ་སྐབས། ཁོ་རང་གི་གོང་དུ་ཀྲུང་དབྱང་ཀྲུའུ་ཞི་ཧྭ་གོ་ཧྲིན་དང་ཀྲུའུ་ཞི་གཞོན་པ་ཏིན་ཞའོ་ཕིན་དང་། ཡེ་ཅན་དབྱིན། ལིས་ཞན་ཉན། ཁྲིན་ཡུན་སོགས་ཡོད་མོད། འདི་ནི་ཁོ་རང་སྒེར་གྱི་བསམ་ཚུལ་ཙམ་མིན་པར། ཀྲུང་དབྱང་ནས་ཟླ་གཉིས་གོང་འགྲེམས་སྤེལ་བྱས་པའི་ཡིག་ཆ་ཨང་༢༡ ནང་དུའང་གཞི་རྩའི་ཐོག་ནང་དོན་འདི་རིགས་ཕལ་ཆེ་བ་ཚུད་ཡོད། ཧུའུ་ཡའོ་པང་གིས་ཁོ་རང་གི་གཤིས་ཀར་གྲུབ་པའི་ཁ་རི་ཁ་ཐུག་གིས་བཤད་སྟངས་དེས་ཚོགས་ཞུགས་རྒྱ་བོད་དཔོན་རིགས་ཚོར་འགྲམ་ཤ་སྦྲིད་པའི་ཚོར་བ་ཞིག་སྤྲད་ཡོད་པ་སྨོས་མ་དགོས་ལ། མི་ལོ་༢༠ ཉེ་བའི་རིང་ཆབ་སྲིད་ཀྱི་ལས་འགུལ་གཅིག་མཇུག་གཉིས་མཐུད་ནང་། རྒྱ་ནག་རྒྱལ་ཡོངས་སུ་མཛོ་བརྒྱ་ཁལ་གཅིག་དང་མི་བརྒྱ་ཁ་གཅིག་གི་གཅིག་སྡུད་
འོག་གནས་པར་མ་ཟད། གྲངས་ཉུང་མི་རིགས་ཀྱི་གནད་དོན་དེ་གྲལ་རིམ་ཀྱི་གནད་དོན་དུ་བརྩིས་པ་ནས་ཧོབ་སྟེ་སྔར་བྱུང་སྲིད་ཇུས་ལ་སྐྱོན་བརྗོད་དང་། གྲངས་ཉུང་མི་རིགས་ཀྱི་རིག་གཞུང་ལ་ཆེ་བསྟོད་ལས་བརྩམས་ཏེ། བོད་ལ་དཔལ་འབྱོར་སྟེང་དམིགས་བསལ་རྒྱབ་སྐྱོར་དང༌། བོད་ཀྱི་སློབ་གསོའི་གོ་གནས་མཐོར་འདེགས། རྒྱ་རིགས་ལས་བྱེད་ནང་སར་འཐེན་ཚབ་ཏུ་དབང་ཆ་བོད་རིགས་ལས་བྱེད་ལ་སྤྲོད་རྒྱུ། ཀྲུང་དབྱང་གི་དབང་ཆར་སོ་མཚམས་བཀར་བའམ་ཀྲུང་དབྱང་གི་ཁྲིམས་སྒྲིག་དང་སྲིད་ཇུས་ལག་བསྟར་མཚམས་འཇོག་དང་། བབ་བསྟུན་བསྒྱུར་བཅོས་བྱེད་ཆོག་ཚུལ་བརྗོད་པ་ནི་དེ་སྔ་ཕན་ཆོད་དུ་བསམ་ཙམ་ཡང་མི་ཕོད་པ་ཞིག་རེད།
བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པ་སྤྱི་ལོ་༡༩༨༤།༢།༢༧ ནས་ཟླ་༣།༢༨ བར་ཟླ་གཅིག་ཙམ་འཚོགས་པ་དེའང་ཧུའུ་ཡི་གཙོ་སྐྱོང་འོག་པེ་ཅིང་དུ་ཚུགས་ཏེ། དཔལ་འབྱོར་ཡར་རྒྱས་དང་། བོད་ཀྱི་སྲོལ་རྒྱུན་རྒྱུན་འཛིན་དང་རིག་གནས་དར་སྤེལ། མི་རིགས་དང་ཆོས་ལུགས་ལས་དོན་ལ་མཐོང་ཆེན་བྱེད་དགོས་པའི་དོན་ཚན་གསུམ་གཏན་འབེབས་བྱས་པ་དང༌།
ཅང་མ་འགོར་བར་རང་སྐྱོང་ལྗོངས་སུ་ཞིང་པར་ཁྲལ་ཆག་གི་སྲིད་ཇུས་ལག་བསྟར་བྱས། དེ་མཚུངས་རང་སྐྱོང་ལྗོངས་སུ་ཡོད་པའི་རྒྱ་རིགས་ལས་བྱེད་དང་བཟོ་བ། དེ་དག་གི་ནང་མི་བཅས་བསྡོམས་དགུ་ཁྲི་ཉིས་སྟོང་ཙམ་ལོ་གསུམ་ནང་རྒྱ་ནག་ནང་སར་སྤོ་འཐེན་བྱ་རྒྱུའི་སྙན་ཞུ་ཀྲུང་དབྱང་ལ་ཕུལ་བར། ཟླ་༨ ཚེས་༦ ཉིན། ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་གཞི་རྩའི་ཐོག་མོས་མཐུན་ཡོད་པའི་བཀའ་བརྡ་བཏང་། (སྤྱི་ལོ་༡༩༨༡།༨།༧ བར། རྒྱ་རིགས་ལས་བཟོ་བ་ནང་སར་སྤྲོ་འཐེན་གྱི་ལས་གཞི་སྐོར་ཁག་དང་པོར། རྒྱ་རིགས་ལས་བྱེད་༡༡༠༠༠ མ་དང་བཟོ་བ་༡༣༠༠༠ ཙམ། དེ་དག་གི་ནང་མི་བཅས་བསྡོམས་ལྔ་ཁྲི་སྤོས་གྲུབ་འདུག ༡༩༨༤ ལོའི་ཟླ་༡༢ བར་དུ། རྒྱ་རིགས་ལས་བཟོ་བ་ནང་སར་སྤོ་འཐེན་གྱི་ལས་གཞི་གསུམ་ག་མཇུག་བསྒྲིལ་བ་དང༌། དེའི་ནང་ལས་བྱེད་ཉིས་ཁྲི་ཞེ་ལྔ་། བཟོ་བ་ཉིས་ཁྲི་ལྔ་སྟོང་རེ་དགུ་བཅས་བསྡོམས་བཞི་ཁྲི་ལྔ་སྟོང་ཆིག་བརྒྱ་
བཅུ་བཞི་དང༌། དེའི་ཁར་ནང་མི་བསྡོམས་པས་ཁྱོན་རྒྱ་མི་ཁྲི་བརྒྱད་ཙམ་ནང་སར་འཐེན་ཟིན།) 14
ཚོགས་འདུ་འདི་གཉིས་ནི་ཧུའུ་ཡའོ་པང་གི་ཐད་ཀའི་གཙོ་སྐྱོང་འོག་འཚོགས་པ་ཞིག་ཡིན་ལ། བཙན་བྱོལ་བོད་གཞུང་ལ་ཐད་ཀར་འབྲེལ་གཏུགས་ཀྱི་དུས་རིམ་ཞིག་དང༌། ༧པཎ་ཆེན་སྐུ་ཕྲེང་བཅུ་ བ་ཆེན་པོ་བཙོན་ནས་ཐར་ཏེ།ཡང་བསྐྱར་དཔའ་བོའི་ཁུ་ཚུར་དགུང་ལ་འཕྱར་བཞིན་པའི་དུས་ཚོད་ཅིག་ཡིན་པས། བོད་མི་རིགས་ལ་ཕན་པའི་རྒྱུ་ཚོགས་དུ་མ་ཞིག་ལྷན་དུ་འཛོམས་ཡོད།།
༢) ཀྲའོ་ཙི་དབྱང་དང་བོད་ཀྱི་གྱེན་ལངས།
ཀྲའོ་ཙི་དབྱང་( ༡༩༡༩།༡༠།༡༧ ནས་༢༠༠༥།༡།༡༧)ནི།05) རྒྱ་ནག་བཅོས་བསྒྱུར་ཤོག་ཁག་གི་མགོ་ཁྲིད་གཙོ་གྲས་ཡིན་ལ། ཁྲོམ་རའི་དཔལ་འབྱོར་གོང་འཕེལ་དང་།ལྐོག་ཟ་རུལ་སུངས་རྡུང་རྡེག་ལ་ནུས་པ་ཤུགས་ཆེ་བཏོན་པ་དང་། ཆབ་སྲིད་ལམ་ལུགས་བཅོས་བསྒྱུར་སྐོར་གླེང་སློང་དང་དངོས་སུ་སྐུལ་འདེད་གཏོང་མཁན་ཞིག་ཡིན་ལ། སྐབས་ཤིག་རིང་ཏིན་གྱི་ཤུལ་འཛིན་པ་ཡིན་པའི་ངོས་འཛིན་བྱས་ཡོད། ༡༩༨༩ ལོའི་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་ནང་སློབ་ཕྲུག་ཚོར་གདུང་སེམས་མཉམ་བསྐྱེད་བྱས་པས། སྲིད་སྟེགས་ལས་ཕབ་
པ་དང་། མཐར་མི་ལོ་བཅོ་ལྔའི་བཟང་བཙོན་ཁྲོད་ཚེ་མཇུག་བསྐྱལ།
༡༩༨༧ ལོའི་ཟླ་༩ ཚེས་༢༡ ཉིན། ༧རྒྱལ་དབང་བསྟན་འཛིན་རྒྱ་མཚོ་མཆོག་གིས་ཨ་མེ་རི་ཀར་“ཞི་བདེའི་སྔོན་འགྲོའི་དོན་ཚན་ལྔ་ཡོངས་བསྒྲགས་གནང་སྟེ། འབྱུང་འགྱུར་བོད་ཀྱི་ཡུལ་གྲུ་འདི་ཞི་བའི་བསྟི་གནས་ཤིག་ཏུ་བསྒྱུར་རྒྱུའི་དགོངས་འཆར་བསྟན། རྒྱ་གཞུང་གིས་དེ་ནི་“ཕྱེད་རང་བཙན་”དང་“རྣམ་པ་འགྱུར་བའི་རང་
དགག་ལན་བསློགས་པ་མ་ཟད། ༧གོང་ས་༧སྐྱབས་མགོན་ཆེན་པོར་མཚན་སྨད་ཤུགས་ཆེ་བྱས།
ཟླ་༩ ཚེས་༢༧ ཉིན། འབྲས་སྤུངས་ཀྱི་དགེ་འདུན་པ་༢༡ གིས་སྣེ་འཁྲིད་དེ། ལྷ་སའི་ཁྲོམ་གཞུང་དུ་བོད་རང་
བཙན་གྱི་འབོད་ཚིག་སྒྲོག་བཞིན་རྔམ་སྟོན་ཁྲོམ་སྐོར་བྱས་པར། རང་སྐྱོང་ལྗོངས་སྲིད་གཞུང་གི་སྒོ་འགྲམ་དུ་དགེ་འདུན་པ་རྣམས་དང༌། མི་སྐྱ་ལྔ་ཙམ་ཉེན་རྟོག་པས་འཛིན་བཟུང་བྱས།
ཟླ་༡༠ ཚེས་༡ རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཉིན། སེ་རའི་དགེ་འདུན་པ་༢༣ གྱིས་སྣེ་འཁྲིད་དེ། བོད་ཀྱི་རྒྱལ་
དར་སྒྲེང་བཞིན་བར་སྐོར་དུ་ངོ་རྒོལ་ཁྲོམ་སྐོར་བྱེད་སྐབས། སྤྱི་བདེ་མི་སྣས་དགེ་འདུན་པ་རྣམས་དང་མི་སྐྱ་༣༠ ཙམ་འཛིན་བཟུང་གིས། བར་སྐོར་མངགས་གཏོང་ཁང་དུ་བཅུག་སྟེ་མི་སྤྱོད་ལས་འདས་པའི་གཅར་རྡུང་བྱས་པ་དང་། ཁྲོམ་སྐོར་ལ་དྲག་གནོན་བྱེད་སྐབས་ཉུང་མཐར་མི་༧ ཙམ་བསད། ཚེས་༦ ཉིན། འབྲས་སྤུངས་ཀྱི་དགེ་འདུན་པ་༥༠ ཙམ་ནས་བཀག་ཉར་བྱས་པའི་སྐྱ་སེར་ཚོ་གློད་དགོས་པའི་སྐད་འབོད་བྱས་ཡོད།08
༡༩༨༨ ལོའི་ཟླ་༦ ཚེས་༡༥ ཉིན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སི་ཊས་སི་སྦག་ཏུ་ཡོ་རོབ་
གྲོས་ཚོགས་ལ་བོད་དང་རྒྱ་ནག་མཉམ་གནས་བྱ་ཐབས་ཀྱི་དགོངས་གཞི་ཞིབ་ཕྲ་འགྲེལ་བཤད་གནང་བ་དང༌། ད་ལྟའི་བོད་གཞུང་གི་དབུ་མའི་ལམ་གྱི་སྲིད་ཇུས་འདིའི་རྨང་གཞི་བཏིང་།
༡༩༨༨ ལོའི་ཟླ་༡༢ ཚེས་༡༠ ཉིན། གཙུག་ལག་ཁང་གི་མདུན་དུ་མང་ཚོགས་ཀྱི་ཁྲོམ་སྐོར་གཞི་རྒྱ་ཆེ་བ་ཞིག་
བྱུང་སྟེ། ཉུང་མཐར་མི་༡༥ ཙམ་བསད་པ་དང་། ༡༥༠ ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད།
༡༩༨༩ ལོའི་ཟླ་༡ ཚེས་༢༨ ཉིན། ༧པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་མཚན་མཆོག་མཆོད་ཁང་ཤར་བཀྲ་ཤིས་
རྣམ་རྒྱལ་བཞེངས་སྐྲུན་གྲུབ་པའི་དབུ་འབྱེད་མཛད་སྒོའི་སྟེང་གློ་བུར་དུ་དགོངས་པ་རྫོགས།
༡༩༨༩ ལོའི་ཟླ་༣ ཚེས་༥ ནས་༧ བར། ལྷ་སར་རྔམ་སྟོན་ཁྲོམ་སྐོར་གཞི་རྒྱ་ཆེ་ཤོས་ཤིག་བྱུང་བ་དང་། རྒྱ་
གཞུང་གིས་གང་བྱུང་དུ་མེ་མདའ་བརྒྱབ་ནས་བོད་མི་༨༠ ནས་༤༠༠ ཙམ་དམར་བསད་བཏང་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་༧ ཉིན་གྱི་མཚན་མོ་ནས་བཟུང་ལྷ་སར་དྲག་པོའི་ཁྲིམས་གཞི་སྡོམ་དགོས་པའི་བཀའ་བཏང་།
ཀྲའོ་ཙི་དབྱང་གིས་རྒྱ་གཞུང་གིས་ལས་འགུལ་འདི་དག་ནི་་ཁ་བྲལ་རིང་ལུགས་པ་ཉུང་ཤས་ཤིག་གིས་ཏཱ་ལའི་བླ་མས་མེས་རྒྱལ་ཁ་བྲལ་གཏོང་བའི་བྱ་སྤྱོད་ལ་རམ་འདེགས་བྱ་ཆེད་རྐང་བཙུགས་ནས་བསླངས་པའི་ཟིང་ཆ་ཞིག་རེད་”ཟེར་བ་ལས་ལྡོག་སྟེ། ཐེངས་འདིའི་ཟིང་འཁྲུག་གི་དོན་རྐྱེན་ནི། གཞི་རྩའི་སྟེང་རྒྱུན་རིང་བོར་“གཡོན”ལས་བྱུང་བ་ཞིག་རེད། ཅེས་བརྗོད་པ་དང༌། སྤྱི་ལོ་༡༩༨༩།༡༠།༡༩ ཉིན་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཀྱི་བོད་ཀྱི་ལས་དོན་བགྲོ་གླེང་ཚོགས་འདུའི་རགས་ཟིན་ནང་། ཟིང་འཁྲུག་དེ་རྒྱུན་རིང་“གཡོན་་ལས་བྱུང་ཞིག་རེད་ཅེས་སླ་འཆོས་ཀྱི་སྒོ་ནས་བརྗོད་མི་རུང་། ཞེས་བཅོས་སྒྲིག་བྱས་འདུག
༢) ༦།༤ གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན།
༡༩༨༩ ལོའི་ཟླ་༤ ཚེས་༡༥ ཉིན། ཧུའུ་ཡའོ་པང་གཤེགས།སློབ་ཕྲུག་ཚོས་རང་འགུལ་ངང་ཧུའུ་ལ་མྱ་ངན་གྱི་བྱེད་སྒོ་འདྲ་མིན་སྤེལ་བ་དང་། ཚེས་༡༧ ཉིན་སྲིད་ཁྲིམས་སློབ་གྲྭ་ཆེན་མོའི་སློབ་མ་༥ooམ་མི་དམངས་ཚོགས་ཁང་ཆེན་མོར་ཁྲོམ་སྐོར་དུ་ཕྱིན་པར། ཉེན་རྟོག་པས་མ་ཁོག་པ་དང་། ཚེས་༡༨ ཉིན་པེ་ཅིང་སློབ་ཆེན་དང་ཆིན་ཧྭ་སློབ་ཆེན་གྱི་སློབ་མ་བཞི་སྟོང་ལྷག་ཁྲོམ་སྐོར་བྱེད་བཞིན་མི་དམངས་ཚོགས་ཁང་ཆེན་མོའི་མདུན་དུ་འཛོམས་ཏེ། ཧུའུ་ལ་གདེང་འཇོག་བསྐྱར་མ་བྱེད་དགོས་པ་དང་། གསར་འགྱུར་དང་སྨྲ་བརྗོད་རང་དབང་།
གཞུང་གི་དཔོན་རིགས་དང་ནང་མིའི་རྒྱུ་ནོར་ཡོངས་བསྒྲགས། ཁྲོམ་སྐོར་གྱི་ཚོད་འཛིན་ཕྱིར་འཐེན། ཤེས་ཡོན་ཅན་གྱི་ཐོབ་ཐང་ཇེ་ཡག་ཏུ་གཏོང་དགོས་པ་སོགས་ཀྱི་དགོས་འདུན་དོན་ཚན་བདུན་ཅན་ཞིག་དམངས་འཐུས་རྒྱུན་ལས་ལ་སྤྲད། ཕྱི་དྲོའི་ཆུ་ཚོད་༥ སྟེང་། སློབ་མའི་སྐུ་ཚབ་རྣམས་དམངས་འཐུས་རྒྱུན་ལས་ལ་ཐུག་འཕྲད་བྱས། ཉིན་དེར་སློབ་ཕྲུག་ཉིས་ཁྲི་ཙམ་ཡོད་པ་ཕལ་ཆེ་བ་མཚན་མོར་ཕྱིར་འཐེན་བྱས། ཁ་ཤས་ཤིག་ལྷག་པ་དེ་དག་ལ་ཉེན་རྟོག་པས་གཅར་རྡུང་བྱས་པས། སློབ་མ་རྣམས་སློབ་གྲྭར་ལོག་སྟེ་དེ་ལུགས་ཁྱབ་བསྒྲགས་བྱས།
ཚེས་༡༩ ཉིན་གྱི་ཞོགས་པར། སློབ་མ་སྟོང་ཕྲག་ལྷག་ཅིག་བསྐྱར་དུ་འཛོམས་པ་དང༌། སློབ་མ་ཚོས་ཀྲུང་ནན་ཧེ་རུ་འདས་མཆོད་ཀྱི་མེ་ཏོག་ཕྲེང་བ་འབུལ་དུ་འགྲོ་རྒྱུའི་རེ་བ་བཏོན་ཀྱང་། ཉེན་རྟོག་པས་བཀག ཚེས་༢༠ ཉིན། སློབ་མ་ཚོས་མི་བདུན་ལས་གྲུབ་པའི་སློབ་མའི་ཚོགས་པ་ཞིགས་བཙུགས་པ་དང་། དེའི་མིང་ཐོག་ནས་སློབ་མཚམས་བཞག་སྟེ་དམངས་གཙོ་རྩོད་ལེན་བྱེད་དགོས་པའི་འབོད་སྐུལ་ཡི་གེ་ཞིག་བཀྲམ།
ཚེས་༢༡ ཉིན། པེ་ཅིན་མཐོ་སློབ་ནས་མགོ་ཚུགས་ཏེ་སློབ་མཚམས་བཞག་པ་དང་། དགོང་མོར་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་མི་འབུམ་གཉིས་ཙམ་འཛོམས། དེ་བཞིན་རྒྱ་ནག་རྒྱལ་ཡོངས་སུ་སློབ་ཕྲུག་གི་ངོ་རྒོལ་ལས་འགུལ་ཁྱབ་འཕེལ་བྱུང་སྟེ། ཐེན་ཅིན་དང་ནན་ཅིན། ཧྲང་ཧེ་སོགས་ཀྱི་སློབ་མ་ཚོ་པེ་ཅིང་དུ་བསྐྱོད་རྩིས་བྱས་པར། ཕལ་ཆེ་བ་རང་སར་བཀག་ཚེས་༢༢ ཉིན། ཧུའུ་ཡའོ་པང་གི་མྱ་ངན་ཚོགས་འདུ་དངོས་གཞིའི་མཛད་སྒོར་སློབ་མ་༣ མི་དམངས་ཚོགས་ཁང་ཆེན་མོའི་ནང་ཡོང་དུ་བཅུག་པ་དང་། ཀྲའོ་ཙི་དབྱང་གིས་མྱ་ངན་ཞུ་ཚིག་ཏུ་ཧུའུ་ལ་བསྟོད་བསྔགས་བྱས་པས། སློབ་མ་རྣམས་བློ་ཚིམས་ཏེ་ཐང་ཆེན་ནས་ཕྱིར་འཐེན་བྱས།
ཚེས་༢༣ ཉིན། ཀྲའོ་ཙི་དབྱང་བྱང་ཀོ་རི་ཡར་འཚམས་འདྲིར་བསྐྱོད། འགྲོ་ཁར་ཁོ་རང་མེད་ཤུལ་ནས་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་བསྐོང་མི་ཆོག་པ་དང་། གནད་དོན་གལ་ཆེན་ཐག་མ་བཅད་གོང་ཁོ་རང་ལ་ཤེས་སུ་འཇུག་དགོས་པའི་ཁ་དན་བྱས།
ཚེས་༢༥ ཉིན།དབྱང་ཧྲང་ཁུན་དང་ལི་ཕིན་གྱིས་ཆབ་སྲིད་ཅུས་རྒྱུན་ལས་ཚོགས་འདུ་བསྐོངས་ཏེ། ལི་ཞི་མིན་དང་ཁྲིན་ཞི་ཐུང་མཉམ་ཁྲིད་ཀྱིས་ཏི ན་གསན་ཞུ་དགོས་པའི་གཏན་འབེབས་བྱས་པ་དང་། ཏིན་གྱི་སྡོད་ཁང་དུ་ཆེད་བཅར་གྱིས་སློབ་མའི་ལས་འགུལ་དེ་ཏིན་ལ་ངོ་རྒོལ་བྱེད་པའི་དྲག་ཟིང་ཞིག་ཡིན་ལུགས་བཤད།
ཚེས་༢༦ ཉིན། མི་དམངས་ཉིན་རེའི་ཚགས་པར་དུ། ངེས་པར་དུ་དར་ཆ་གསལ་སྟོན་གྱིས་དྲག་ཟིང་ལ་ངོ་རྒོལ་
བྱེད་དགོས་ཟེར་བའི་ཆེད་བརྗོད་ཅིག་སྤེལ་བ་དང་། ཚེས་༢༨ ཉིན་གཞུང་འབྲེལ་ཚགས་པར་ཁག་ཏུ་བརྒྱུད་འགོད་བྱས། དེར་མ་རུང་ཁོག་བཅུག་བྱེད་མཁན་ཆེས་ཉུང་ཤས་ཤིག་”གིས་སློབ་མ་བེད་སྤྱོད་བཏང་སྟེ་ཟིང་ཆ་བསླངས་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཚང་མས་ཐེངས་འདིའི་འཐབ་རྩོད་ཀྱི་ཛ་དྲག་རང་བཞིན་ལ་ངོས་འཛིན་གང་གཟབ་བྱེད་དགོས་པ་དང་། མཐུན་སྒྲིལ་བྱས་ཏེ། དར་ཆ་གསལ་སྟོན་ངང་དྲག་ཟིང་ལ་ངོ་རྒོལ་བྱེད་དགོས་ཞེས་ལས་འགུལ་གྱི་ངོ་བོ་“དྲག་ཟིང་”དུ་ཐག་བཅད་པས།
སློབ་མ་ཚོས་དེར་དམིགས་པའི་ཁྲོམ་སྐོར་བྱས། ཚེས་༢༩ ཉིན་སློབ་མའི་སྐུ་ཚབ་དང་གཞུང་དབར་འབྲེལ་མོལ་བྱས། ཚེས་༣༠ ཉིན། གནས་སྟངས་ཅུང་ཞི་འཇགས་སུ་ཕྱིན་ཏེ། སློབ་མ་ཁྲི་དགུ་ཙམ་མུ་མཐུད་སློབ་མཚམས་བཞག་ཡོད་ཀྱང་། སློབ་གྲྭ་སྐོར་ཞིག་གིས་རྒྱུན་ལྡན་གྱི་སློབ་ཁྲིད་བསྐྱར་གསོ་བྱས།
ཟླ་༥ ཚེས་༡ ངལ་རྩོལ་དུས་ཆེན་ཉིན། ཀྲའོ་ཙི་དབྱང་བྱང་ཀོ་རི་ཡའི་འཚམས་གཟིགས་གྲུབ་ནས་ཕྱིར་སླེབས་པ་དང༌། ཆབ་སྲིད་ཅུས་ཀྱི་ཚོགས་འདུ་བསྐོངས་ཏེ་སློབ་མ་ཚོར་ངོ་རྒོལ་མཚམས་འཇོག་ཡོང་བའི་ཁ་ཏ་བྱས། ཚེས་༢ ཉིན།
སློབ་མ་ཚོས་དམངས་འཐུས་རྒྱུས་ལས་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང༌། དབུས་དམར་ཤོག་ཚོགས་པ་བཅས་པར་རེ་འདུན་སྙན་ཞུ་ཕུལ་ཏེ། གཞུང་དང་སློབ་མའི་སྐུ་ཚབ་དབར་གྲོས་མོལ་བྱེད་དགོས་པ་དང༌། དེའི་གནས་ཚུལ་བརྙན་འཕྲིན་སྟེང་ཐད་ཀར་སྟོན་དགོས་པའི་འདོད་ཚུལ་བཀོད།
ཟླ༥ཚེས༣ཉིན། ཀྲའོ་ཙི་དབྱང་གིས་ལྔ་བཞི་ལས་འགུལ་ལོ༧༠འཁོར་བའི་དུས་དྲན་གྱི་གཏམ་བཤད་བྱེད་སྐབས།སློབ་མའི་རྒྱལ་གཅེས་ལྷག་བསམ་ལ་བསྟོད་བསྔགས་དང་།བརྟན་ལྷིང་རྒྱུན་འཁྱོངས་དགོས་ཚུལ་ནན་བཤད་བྱས་པས།སློབ་མ་ཚོའི་ངར་ཅུང་འཇགས།ཕྱི་ཉིན་ལྔ་བཞིའི་ལས་འགུལ་ལ་རྗེས་དྲན་མཚོན་པའི་ཁྲོམ་སྐོར་བྱས་ཏེ།སང་ཉིན་ནས་བཟུང་ངོ་རྒོལ་མཚམས་འཇོག་བྱ་རྒྱུའི་ཁྱབ་བསྒྲགས་བྱས།ཚེས་༥ཉིན་པེ་ཅིང་གི་སློབ་གྲྭ་བརྒྱ་ཆའི་༨༠ཙམ་སློབ་ཁྲིད་མགོ་ཚུགས།ཀྲའོ་ཡི་གུ་ཡངས་ཀྱི་བྱེད་སྟངས་ལ་བརྟེན་ནས་འདིའི་བར་ངོ་རྒོལ་གྱི་དུས་རིམ་དང་པོ་རྫོགས་ཟིན་ནའང་།ཚེས༧ཉིན་ལྦང་ཏན་སོགས་ཀྱིས་མུ་མཐུད་སློབ་མཚམས་འཇོག་དགོས་པའི་སྐུལ་སློང་བྱས།
ཟླ༥ཚེས་༡༣ནས་བཟུང་།སློབ་མ་བརྒྱ་ཕྲག་ཁ་ཤས་ཤིག་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་འཛོམས་ཏེ།གཞུང་གིས་སློབ་མ་དང་སྐད་ཆ་ཤོད་རྒྱུར་དུས་འགྱངས་བྱས་པར་ངོ་རྒོལ་ཆེད་ཟས་བཅད་ངོ་རྒོལ་བྱས།རིམ་པས་སློབ་ཕྲུག་དང་མང་ཚོགས།ལས་ཁུངས་དང་སྡེ་ཚན་འདྲ་མིན་ནས་རྒྱབ་སྐྱོར་བྱས་པ་དང་།རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་དང་།རྒྱལ་ཡོངས་བུད་མེད་ལྷན་ཚོགས་ཀྱིས་ཀྱང་སློབ་མར་སྨན་བཅོས་སོགས་མཐུན་རྐྱེན་སྦྱར།རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཉི་ཤུ་ལྷག་ཏུ་སློབ་མའི་ཁྲོམ་སྐོར་བྱུང་བ་དང་།ལྕགས་ལམ་གྱི་ལས་བྱེད་ཚོས་པེ་ཅིང་ལ་སྐྱོད་མཁན་སློབ་མར་འཛིན་བྱང་མེད་པར་མེ་འཁོར་ནང་སྡོད་དུ་བཅུག ཚེས་༡༥ཉིན།པེ་ཅིང་གི་ལས་རིགས་སོ་སོ་ནས་སློབ་མར་རྒྱབ་སྐྱོར་གྱི་ཁྲོམ་སྐོར་བྱས་པ་དང་།དབུས་བརྙན་འཕྲིན་ལས་ཁུངས་ཀྱིས་ཐང་ཆེན་གྱི་ཉིན་རེའི་གནས་ཚུལ་བསྟན་པ་དང་།མི་དམངས་ཉིན་རེའི་ཚགས་པར་དུའང་རྒྱུན་མཐུད་གནས་ཚུལ་བཀོད།
ཚེས༡༧ཉིན།ཀྲའོ་ཙི་དབྱང་གིས་ར་ཤི་ཡའི་སྲིད་འཛིན་གྷོར་པོ་ཆོབ་ཐུག་སྐབས།རྒྱ་གཞུང་གི་གནས་ཚུལ་འགངས་ཆེན་ཚང་མ་ཏིན་ཞའོ་ཕིན་ལ་བཀའ་འདྲི་ཞུ་དགོས་པའི་གསང་བ་བཤད།ཕྱི་ཉིན།ཀྲའོ་སོགས་ཟས་བཅད་ངོ་རྒོལ་ནས་སྨན་ཁང་དུ་བསྐྱལ་བའི་སློབ་མར་ཐུག་པར་ཕྱིན།ཉིན་དེར་སྲིད་བློན་ལི་ཕིན་དང་སློབ་མའི་བར་འབྲེལ་མོལ་བྱས་ཀྱང་།ཕྱོགས་གཉིས་ཀ་མི་སྤྲོ་བའི་ངང་གྲོལ།
ཚེས་༡༩ཞོགས་པར།ཀྲའོ་ཙི་དབྱང་ཐང་ཆེན་དུ་བསྐྱོད་དེ།ཟས་བཅད་ངོ་རྒོལ་མཚམས་འཇོག་བྱེད་དགོས་པའི་ཁ་ཏ་སེམས་འགུལ་ཐེབས་པ་ཞིག་བཤད་དེ།སློབ་མ་ཚོར་གཏད་ནས་ལུས་དུད་པའི་གུས་ཞབས་བྱས།སློབ་མ་ཚོས་དགའ་བསུའི་ཐལ་མོ་རྒྱུན་རིང་བརྡབས་པ་དང་།ཁ་ཤས་མིག་ཆུ་ཤོར།དེ་ནི་ཀྲའོ་སྲིད་སྟེགས་ལས་མ་ཕབ་གོང་གི་མཐའ་མའི་གཏམ་བཤད་དེ་ཡིན།
ཟླ༥ཚེས༢༠ཉིན།ལི་ཕིན་གྱིས་དྲག་པོའི་ཁྲིམས་གཞི་སྡོམ་རྒྱུའི་བཀའ་བཏང་།སློབ་མ་ཚོས་ཟས་བཅད་ངོ་རྒོལ་མུ་མཐུད་པ་དང་།སློབ་འབྲིང་གི་སློབ་མ་དང་ལས་བྱེད།མང་ཚོགས་ཀྱིས་ཀྱང་ཁྲོམ་སྐོར་མུ་མཐུད་བྱས།ཕྱི་ལོགས་ནས་དྲག་གནོན་དུ་ཡོང་མཁན་དམག་མི་རྣམས་སློབ་ཕྲུག་དང་མང་ཚོགས་ཀྱིས་བཀག་སྟེ།ས་གནས་ཁ་ཤས་སུ་འཁྲུག་ཟིང་ཕྲན་བུ་ཐོན།ཚེས༢༡ཉིན་ཐད་འཕུར་གནམ་གྲུ་ཁ་ཤས་ཐང་ཆེན་གྱི་བར་སྣང་དུ་ལྡི་སྐོར་བྱས་ཏེ།འི་ཕིན་གྱི་གཏམ་བཤད་ཡིག་ཆ་བཀྲམ།ཚེས༢༣ཉིན།མི་ས་ཡ་གཅིག་ཙམ་གྱིས་ཁྲོམ་སྐོར་བྱས།ཚེས༣༠ཉིན་དབུས་སྒྱུ་རྩལ་སློབ་གྲྭ་ཆེན་མོའི་དགེ་སློབ་ཚོས་དམངས་གཙོའོ་ལྷ་མོ་ཡི་སྐུ་བརྙན་བཞེངས།
ཟླ༦ཚེས༤ཉིན་གྱི་ཞོགས་པར།དམག་མི་ཁྲི་ཕྲག་ཁ་ཤས་ཤིག་གྲོང་ཁྱེར་ནང་འཛུལ་བ་དང་།བཀག་འགོག་བྱེད་མཁན་ཚོར་གོ་མཚོན་གྱི་དྲག་ཆ་ར་ཕབ་སྟེ།གྲོང་ཁྱེར་ཧྲིལ་བོ་ཁྲག་གིས་སྦགས།
རྒྱ་ནག་གཞུང་འབྲེལ་གྱི་ཤོད་སྟངས་ལྟར་ན།དོན་རྐྱེན་འདིའི་ནང་དམག་མི་དང་།དྲག་ཆས་ཉེན་རྟོག་དམག་མི།སྤྱི་བདེ་མི་སྣ་དྲུག་སྟོང་ལྷག་རྨས་པ་དང་།བཅུ་ཕྲག་ཁ་ཤས་ཤི་བ་དང་།དམག་མི་མ་ཡིན་པའི་མི་སུམ་སྟོང་ལྷག་རྨས་པ་དང་།ཉིས་བརྒྱ་ལྷག་ཤི་ཡོད།དེའི་ནང་སློབ་མ་༣༦ཚུད་ཡོད་ཅེས་དང་།ནིའུ་ཡོག་དུས་བབ་ཚགས་པར་གྱི་གསར་འགོད་པ(Nicholas Kristof)ཡིས་སྨན་པར་བཅར་འདྲི་བྱས་པའི་གནས་ཚུལ་གཞིར་བཞག་སྟེ་མི་༤༠༠ནས་༨༠༠བར་ཤི་ཡོད་པའི་ཚོད་དཔག་བྱས་ཡོད།ར་ཤི་ཡའི་གསར་ཁུངས་(KGB)དང་།ཨ་མི་རའི་ཀའི་གཞུང་འབྲེལ་གྱི་ཚོད་དཔག་ནི་མི་སུམ་སྟོང་ཙམ་ཤི་ཡོད་པ་རྩེ་མཐུན།
༡༩༨༦ལོའི་༦ཚེས༢༣ནས་༢༤བར།དབུས་དམར་ཤོག་ཚོགས་པའི་སྐབས་༡༣པའི་ཚོགས་ཆེན་ཐེངས་༤སྟེང་།ལི་ཕིན་གྱིས་བློ་མཐུན་ཀྲའོ་ཙི་དབྱང་གིས་ཏང་ལ་ངོ་རྒོལ་དང་སྤྱི་ཚོགས་རང་ལུགས་ལ་ངོ་རྒོལ་བྱེད་པའི་དྲག་ཟིང་ཁྲོད་དུ་ནོར་འཁྲུལ་བཟོས་པའི་སྐོར་གྱི་སྙན་ཐོ་ཟེར་བ་ཚོགས་ཐོག་ཏུ་བསྒྲགས་པ་དང་།ཀྲའོ་ཡི་སྤྱི་ཁྱབ་ཧྲུའུ་ཅིའི་གོ་གནས་ཕབ།དེའི་ཚབ་ཏུ་ཅང་ཙེ་མིན་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་དང་།སྤྱི་ཁྱབ་ཧྲུའི་ཅིར་བདམས།ལོ་མཇུག་ཏུ་ཏིན་ཞའོ་ཕིན་མི་ཁའི་གནོན་ཤུགས་འོག་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་གྱི་ཀྲུའི་ཞིའི་གོ་གནས་ནས་རྩ་དགོངས་ཞུས་འཁྲོལ་བྱུང་ཚབ་ཏུ།ཅང་གིས་དེའི་གོ་གནས་བཟང་།།