རྩོམ་སྒྲིག་པ།

མདོ་སྨད་ཡུལ་གྱི་དུར་ཁྲོད་འགའ་ངོ་སྤྲོད།

གཙང་གི་དུར་ཁྲོད་ནི་གཙང་དགོན་པའི་གཡོན་ཕྱོགས་ཀྱི་ཚེ་དཔག་མེད་བླ་རི་དང་འཇམ་དབྱངས་ནག་པོའི་བླ་རི་གཉིས་འབྲེལ་མཚམས་ཀྱི་ཁ་གཞོང་དུ་ཡོད། སྔོན་དགོན་པའི་ཤར་ཕྱོགས་ཀྱི་དོམ་ཤུར་ཟེར་བའི་གནས་དེ་ནས་དོམ་ནག་ཅིག་གིས་མིའི་ལག་གུས་ཤིག་ཁུར་འོངས་ཏེ་གནས་དེ་ནས་ཟོས་པས། ལྷ་བདེ་མཆོག་གིས་དུས་གནས་ཡིན་པ་མཁའ་འགྲོ་མས་བརྡ་བསྟན་པར་གོ་ནས་དུར་མཆོད་བྱེད་སའི་གནས་ཁྱད་པར་ཅན་ཞིག་ཏུ་གྱུར་ཅིང་མིང་ལའང་དོམ་སྒང་དུ་ཐོགས།

མུ་མཐུད་ཀློག

སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།

སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན། ནང་པ་སངས་རྒྱས་པའི་སེམས་ཁམས་རིག་པ་གཞིར་བཞག་བྱས་ན། རང་རེའི་དཀའ་རྙོག་མང་ཆེ་བ་ནི། ང་ཚོས་འཁྲུལ་ཤེས་ཀྱིས་དངོས་པོ་ཐམས་ཅད་རྟག་པ་བདེན་གྲུབ་ཏུ་བཟུང་སྟེ་ཆགས་ཞེན་ཤུགས་ཆེ་དང༌།འདོད་རྔམས་དྲག་པོ་བྱས་པ་ལས་བྱུང་བ་ཡིན།

མུ་མཐུད་ཀློག

གཞི་བདག་སྟོབས་ཆེན་བོར་བུ་དགྲ་འདུལ།

གནས་རི་འདི་ནི་ཆབ་ཆ་གྲོང་རྡལ་སྲིང་གཞུང་གི་རྒྱབ་ཕྱོགས་སུ་སྤྱི་ལེ་༡༠ཡི་མཚམས་ན་ཆགས་ཡོད་ཅིང་ཆབ་འགག་གསེར་གཞོངས་རིང་མོའི་རྟག་བརྟན་གྱི་རྒྱབ་རིར་བཀུར་བའི་བཀྲ་ཤིས་ལྷ་རི་ཞེས་པའི་རྫ་རི་དེ་ཡིན། མཐོ་ཚད་ལ་མཚོ་ངོས་ལས་སྨི་༣༧༨༡.2ཡོད།

མུ་མཐུད་ཀློག