ཆེད་ལས་མི་སྣ།

བོད་ཀྱི་གློག་བརྙན་འཁྲབ་འཁྲིད་པ་པདྨ་ཚེ་བརྟན་ལགས་ངོ་སྤྲོད་མདོར་བསྡུས།

པདྨ་ཚེ་བརྟན་ལགས་ནི་༡༩༦༩ལོའི་ཟླ༡༢ པར་མཚོ་སྔོན་ཞིང་ཆེན་གྱི་ཆར་གཏོགས་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་འཁྲུངས་ཤིང་། རྩོམ་རིག་རབ་འབྱམས་པའི་ཡོན་གནས་བཞེས་པའི་དེང་རབས་བོད་ཀྱི་གཞོན་སྐྱེས་ཤེས་ལྡན་པ་ཞིག་ཡིན། ༡༩༩༡ལོ་ནས་༡༩༩༥ལོའི་བར་དུ་ནུབ་བྱང་མི་རིགས་སློབ་ཆེན་དུ་བསླབ་གཞི་མཐའ་དག་ལ་སྦྱང་བ་དཔྱིས་ཕྱིན་པ་བྱས་ཤིང་། ༡༩༩༥ལོ་ནས་༢༠༠༠ལོའི་བར་དུ་མཚོ་སྔོན་ཞིང་ཆེན་གྱི་ཆར་གཏོགས་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་དུ་ཕྱག་ལས་གནང་མྱོང་།

མུ་མཐུད་ཀློག

ལྷ་བྲིས་པ་སྐལ་བཟང་དམ་ཆོས་ལགས།

སྐུ་ཞབས་ལྷ་བྲིས་པ་སྐལ་བཟང་དམ་ཆོས་ལགས་ནི་བོད་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཉེ་འགྲམ་སྒྱིས་ཚང་ཞེས་པའི་ཡུལ་འཚོ་རུ་ཕྱི་ལོ་༡༩༧༢ ལོར་སྐྱེས་ཤིང་། རང་ལོ་བདུན་པའི་ཐོག་ནས་སློབ་གྲྭར་འགྲིམ་ཏེ་སློབ་ཆུང་དང་སློབ་འབྲིང་མཐར་ཕྱིན། རང་ལོ་བཅོ་ལྔའི་སྟེང་སྒྱིས་ཚང་དགོན་དགའ་ལྡན་ཆོས་གླིང་དུ་ཆོས་སྒོར་ཞུགས་ཏེ། འདོན་རྟ་དབྱངས་དང་ཆོས་སྤྱོད་ཀྱི་རིམ་པ་ལ་ལེགས་པར་སྦྱངས།

མུ་མཐུད་ཀློག

བོད་ཀྱི་ལྷ་རིས་སྒྱུ་རྩལ་པ་ཆེན་མོ་ཨ་མདོ་བྱམས་པ།

བོད་ཀྱི་རི་མོ་སྒྱུ་རྩལ་པ་ཆེན་མོ་ཨ་མདོ་བྱམས་པ་ནི་ཕྱི་ལོ་ 1914 ལོར་མདོ་སྨད་གཅན་ཚར་འཁྲུངས། ཕྱི་ལོ་ 1921 ལོར་ཁོང་ངང་རུང་དགོན་པར་ཞུགས་ནས་རབ་ཏུ་བྱུང༌། སྐབས་དེ་ནས་བཟུང་དགོན་པའི་ལྡེབས་རིས་དང་ལྷ་སྐུ་དག་ལ་བརྟེན་ཏེ་བོད་ཀྱི་སྲོལ་རྒྱུན་རི་མོ་རང་སྦྱོང་བྱས།

མུ་མཐུད་ཀློག