རྒྱལ་སྤྱིའི་གནས་ཚུལ།

ཨ་རིས་པེ་ཅིན་ཨོ་རྩལ་འགྲན་ཚོགས་ནས་ཕྱིར་འཐེན་གནང་རྒྱུར་བསམ་བློ་གཏོང་གི་ཡོད་འདུག

བོད་དང་ཡུ་གུར་གཙོ་བོར་གྱུར་བའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་མང་པོས་མཉམ་འབྲེལ་གྱི་ཐོག་ནས་འབོད་སྐུལ་ཞུས་པ་ལྟར་ཨ་རིས་མཐུན་གྲོགས་རྒྱལ་ཁབ་ཁག་དང་གྲོས་བསྡུར་བྱས་ཏེ་པེ་ཅིན་ཨོ་རྩལ་འགྲན་ཚོགས་ནས་ཕྱིར་འཐེན་གནང་རྒྱུར་བསམ་བློ་གཏོང་གནང་གི་ཡོད་འདུག

མུ་མཐུད་ཀློག

ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ཨ་རིའི་གྲོས་ཚོགས་གོང་མའི་ནང་སྤྱི་མོས་ཐོག་གཏན་འབེབས་གནང་བ།

༄༅། །ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ (Tibetan Policy and Support Act of 2020 ) དེ་བཞིན་ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢༡ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ནང་སྤྱི་མོས་ཐོག་གཏན་འབེབས་གནང་ཡོད།

མུ་མཐུད་ཀློག

ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་དོན་སླད་ཚོགས་ཆེན་ཚོགས་ཏེ་བོད་མི་རྣམས་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་རྒྱུ་ཡིན་པའི་སྐོར་གསུངས་པ།

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༡༩ ཉིན་ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་ (All Party Japanese Parliamentary Group for Tibet) ཉི་ཧོང་གྲོས་ཚོགས་འོག་མའི་ལས་ཁུངས་ཀྱི་ཚོགས་ཁང་ནང་ཚོགས་ཆེན་ཚོགས་ཏེ་བོད་ཀྱི་གནད་དོན་དང་། བོད་མིའི་འཐབ་རྩོད་དྲང་བདེན་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་བཅས་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་སླད་གྲོས་བསྡུར་གནང་ཡོད་པ་དང་། ཉི་ཧོང་གི་གྲོས་ཚོགས་འཐུས་མི་གྲངས་ ༤༩ ཚོགས་འདུའི་སྟེང་མཉམ་ཞུགས་གནང་ཡོད།

མུ་མཐུད་ཀློག