ཁྱུང་ཐར་རི་ཁྲོད།

ཁྱུང་ཐར་རི་ཁྲོད་ནི་ར་ཁོ་སྐུ་ཕྲེང་གཉིས་པས་སྐུ་འབུམ་ཉེ་འཁྲིས་སུ་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་སྐུ་འབུམ་དགོན་པའི་ཉེ་འཁྲིས་སུ་ཡོད་པར་བཤད། ར་ཁོ་སྐུ་ཕྲེང་གཉིས་པ་གནས་འདིར་རྒྱུན་བཞུགས་མཛད། ཁོང་འདས་པའི་རྗེས་སུ་སྒྲུབ་ཁང་བཤིག་ནས་སྐུ་འབུམ་དུ་སྤོས། ཕྱིས་སྤྱི་ལོ་༡༩༡༢ ལོའི་རྗེས་ཙམ་ལ་སླར་ཡང་སྒྲུབ་ཁང་བསྐྲུན་ཏེ་རི་ཁྲོད་བསྐྱར་གསོ་བྱས་ཟེར། འདི་ལ་མཚོ་སྔོན་ནང་བསྟན་དགོན་སྡེའི་ལོ་རྒྱུས་

རྒྱ་ཡིག་མར་ར་ཁུའི་གཡང་འབའ་རི་ཁྲོད་ཅེས་བྲིས་འདུག་པས་དཔྱད་རྒྱུ་ཅུང་ཟད་ཡོད་པ་འདྲ་ཡང་། ཁེ་ཉེན་ཅན་གྱི་གནད་འགག་ནི་མིན་པས། རེ་ཞིག་མི་ཁོམ་པ་དཔང་བཙན་པར་བྱས་སོ།། སྤྱི་ལོ་༡༩༥༨ ལོར་རྒྱ་གཞུང་གིས་རྨང་ནས་བཤིག ད་ལྟ་བསྐྱར་གསོ་བྱས་ཡོད་མེད་མ་ངེས།

About རྩོམ་སྒྲིག་པ།