དཀྱིལ་གདོང་སྔགས་ཁང་ཆུ་བར་ནོར་བུའི་གླིང་ནི། རབ་བྱུང་བཅོ་ལྔ་པའི་མེ་བྱི་ཕྱི་ལོ་ ༡༨༧༦ ལོར་གྱི་ལིང་ཐུགས་མཆོག་རྡོ་རྗེས་ཕྱག་བཏབ། ཆོས་བརྒྱུད་སྔ་འགྱུར་རྙིང་མ་ཡིན། དེང་རྒྱ་ནག་གི་སྲིད་འཛིན་ཁྱབ་བགོས་ལྟར་ན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཆབ་ཆ་རྫོང་ཆབ་ཆ་ཡུལ་ཚོའི་དཀྱིལ་གདོང་སྡེ་པར་ཡོད།ཕྱི་ལོ་ ༡༩༥༨ ལོའི་དུས་འགྱུར་དང་རིག་གསར་སྐབས། བོད་ཁུལ་གྱི་དགོན་སྡེ་ཁག་དང་ལྷ་རྟེན་མཆོད་གསུམ་ལ་གཏོར་བཅོམ་བྱས་པ་ལྟར་དགོན་འདིའི་རྟེན་དང་བརྟེན་པ་ཁག་ལ་གཏོར་བཅོམ་ཐེབས། ཕྱིས་རྒྱ་ནག་གི་ཆོས་ལུགས་སྲིད་བྱུས་ཅུང་གུ་ཡངས་ཀྱི་རྣམ་པ་བྱུང་རྗེས་ཏེ། ཕྱི་ལོ་ ༡༩༨༣ ལོར་རྟེན་དང་བརྟེན་པ་བཅས་བསྐྱར་བཞེངས་ཀྱིས་སྐུ་གསུང་ཐུགས་རྟེན། འཆམ་ལཱ་མཆོད་ཆས།གོས་དྲུབ་ཐང་ག གྱན་ཐང་།བྱང་ཆུབ་མཆོད་རྟེན་བཅས་སྔ་ལས་ལྷག་པ་བཞེངས་ཡོད་།དེ་ནས་བན་སྔགས་ལྔ་བཅུ་ཙམ་གྱིས་སྔ་སྲོལ་གྱི་རྒྱུན་བསྐྱངས་དང་སྐྱོང་མུས་སུ་ཡོད།