རྡོ་སྨད་རྟག་བརྟན་དམ་ཆོས་གླིང་།

རྡོ་སྨད་རྟག་བརྟན་དམ་ཆོས་གླིང་ནི་༡༧༤༢ལོར་འཛམ་ཐང་རྫོང་རྐ་མདའ་ཡུལ་ཚོའི་ཉེ་འདབས་སུ་བཏབ། དགོན་པ་འདི་འདེབས་མཁན་ནི་སི་ཏུ་ཆོས་འབྱུང་འཕྲིན་ལས་ཀུན་ཁྱབ་ཡིན།
འདིའི་དགོན་མིང་དངོས་ལ་རྟག་བརྟན་དམ་ཆོས་གླིང་དང་།དགོན་འགབ་མ་ཚང་ཟེར་བའང་སྣང་།ཆོས་རྒྱུད་བཀའ་བརྒྱུད་པ་ཡིན། སྡེ་འདིར་འཛིན་གྲྭ་གོང་འོག་བར་གསུམ་ཡོད་པའི་འོག་ཐུན་མོང་རིག་གནས་དང་།བར་མ་ལ་ཐུན་མོང་གི་སྔོན་འགྲོའི་ཆོས་སྐོར།གོང་མར་ཐུན་མིན་གྱི་ཆོས་སྐོར་སྦྱོང་སྲོལ་ཡོད།
ལྷ་སྡེ་སྐ་མདའ་དང་།ལྷ་རྩེ་ཡུལ་གསུམ།མེའུ་མདའ་ཐོག་ཁ རོང་སྡེ་ཤོག་གསུམ། ཕྱུག་ཤུལ། སྟུག་རྒྱ་སོགས་ཡོད་ཟེར། རིག་གསར་སྐབས་རྒྱས་བཅོམ།
སྤྱི་ལོ༡༩༨༣ལོར་ནས་ཡུལ་མིས་དང་བླང་གིས་བསྐྱར་བཞེངས་བྱས་པ་བཅས་སོ།

About རྩོམ་སྒྲིག་པ།