དཔལ་ལྡན་བཤད་སྒྲུབ་ནོར་བུ་ཆོས་འཕེལ་གླིང་།

དཔལ་ལྡན་བཤད་སྒྲུབ་ནོར་བུ་ཆོས་འཕེལ་གླིང་ནི་མཛོད་དགེ་རྫོང་ཆོས་རྗེ་ཡུལ་ཚོར་ཡོད་པ་དང་།སྤྱི་ལོ་༡༤༩༩ལོར་ཆོས་རྗེ་ཆོས་བཟང་གྲགས་ཀྱིས་ཕྱག་བཏབ་པ་ཞིག་ཡིན། ཆོས་ལུགས་ས་སྐྱ་ཡིན།
དགོན་འདི་ལ་ཡོངས་གྲགས་སུ་ཨ་ལི་ཆོས་རྗེ་དགོན་དང་།དྷཱི་ཕུ་ཆོས་རྗེ་དགོན།དྷཱི་ཕུག་ཆོས་རྗེ་དགོན་ཡང་ཟེར།རྒྱུད་དང་།མཚན་ཉིད།སྒྲུབ་གྲྭ་བཅས་གྲྭ་ཚང་གསུམ་ཡོད།དགོན་ལག་མཁར་མདའ་དགོན་དང་།ཇོ་དགོན་བདེ་ཆེན་ཆོས་འཁོར་གླིང་སོགས་ཉི་ཤུ་རྩ་གྲངས་ཡོད་པར་བཤད།
དགོན་འདིའི་ལྷ་སྡེ་ནི།འཕན་ཆུ་ཤོག་བདུན།ཨ་སྐྱིད།དཔལ་སྐྱིད།བྱང་རྩེ་ཆོས་རྗེ།ནང་བ།སུ་རུག ཤར་ཁོག སྡེ་ཉག་ཁོག ཁོག་པོ། སྟག་ཁམས་སོགས་མང་ལ།གཙོ་བོ་ཆོས་རྗེ་རོང་འབྲོག་གཉིས།སྒར་བ།འབྲི་སྟག་འ་ཞ།རྒྱ་མཁར།ཐ་ལག་སྡེ་གསུམ།ཧོར་བ་སོགས་ཡིན།
རབ་བྱུང་དགུ་བའི་ཤིང་བྱི་ལོར་ཨལ་ཐན་རྒྱལ་བོས་བྱམས་པ་དཀོན་མཆོག་བཟང་བོ་ལ་ཤེལ་ཐམ་དང་།གདུགས།རྟ་དར་བཅུ་གསུམ་གྱི་ཆོ་ལོ་གནང་།འགྲོ་མགོན་ཆོས་རྒྱལ་འཕགས་པས་ཐམ་ཀ་དང་ཆོས་དུང་གནང་།ཇིང་གུར་རྒྱལ་བོས་རི་བ་རིན་ཆེན་དབང་ཕྱུག་ཧེ་ཤང་ཆེན་ཤྲི་ལས་ལུང་གནང་།ཆོས་གྲགས་བཟང་བོ་ལ་བཀའ་ཤོག་གནང་།ལྕང་སྐྱ་རོལ་བའི་རྡོ་རྗེས་གོང་མའི་པེ་ཅིན་ནས་བློ་གྲོས་རྒྱལ་མཚན་ལ་དབུ་བླའི་ཆོ་ལོ་གནང་རབས་ཟེར།རིག་གསར་སྐབས་རྒྱ་གཞུང་གིས་བཅོམ།སྤྱི་ལོ་༡༩༨༡ལོ་ནས་ཡུལ་མིས་བསྐྱར་གསོ་བྱས་པ་བཅས་སོ།

About རྩོམ་སྒྲིག་པ།