བཤད་སྒྲུབ་ཉི་མ་གླིང་ངོ་སྤྲོད་མདོར་བསྡུས།

བཤད་སྒྲུབ་ཉི་མ་གླིང་ནི་མཛོད་དགེ་རྫོང་དཔལ་སྐྱིད་ཡུལ་ཚོར་ཕྱི་ལོ་༡༧༣༡ལོར་ཨེར་ཏེ་ནི་གུ་ཤྲཱི་ཀུན་དགའ་བསྟན་འཛིན་མཆོག་ནས་ཕྱུག་བཏབ་པ་དང་། ཆོས་རྒྱུད་ས་ལུགས་ཡིན།
དགོན་འདི་འདེབས་མཁན་གྱི་མཚན་གཞན་ལ་བསོད་ནམས་བསྟན་འཛིན་བཟང་བོ་ཡང་ཟེར།་མཁར་ལུང་རྒྱ་རོག་དགོན་དང་།བྲག་དམར་དགོན།ཉིན་ཆེན་ཁ་རུ་ཇེ་དགོན་སོགས་དགོན་མ་ལག་དུ་མ་ཡོད།གོང་ཅིན་ཏིང་གིས་རིམ་པར་དཔོན་བསོད་ནམས་དོན་འགྲུབ་ལ་གནང་བའི་བཀའ་ཤོག་དང་གསེར་ཐམ།ཞྭ་གོས་ཆ་ཚང་།སྐུ་གསུང་ཐུགས་རྟེན་སོགས་ཡོད།ལྷ་སྡེ་ལ་དཔལ་སྐྱིད་ཨ་ངག་ཤོག་ཁ།སྟོད་པ་ཤོག་ཁ།སྨད་མ་ཤོག་ཁ།པད་ཡུལ་ཤོག་ཁ།སྟག་གི་གད་འགོ ཟུང་ཆུའི་མཁར་ལུང་སོགས་ཡོད།རིག་གསར་སྐབས་རྒྱས་བཅོམ།སྤྱི་ལོ༡༩༨༠ལོ་ནས་ཡུལ་མིས་བསྐྱར་གསོ་བྱས།

About རྩོམ་སྒྲིག་པ།