བཤད་སྒྲུབ་རྣམ་རྒྱལ་གླིང་གི་ངོ་སྤྲོད།

བཤད་སྒྲུབ་རྣམ་རྒྱལ་གླིང་ནི་མཛོད་དགེ་རྫོང་ཨ་སྐྱིད་རོང་དུ་ཕྱི་ལོ་༡༧༧༢ལོར་ངག་དབང་ཆོས་ཀྱི་གྲགས་པ་མཆོག་ནས་ཕྱག་བཏབ་པ་དང་། ཆོས་རྒྱུད་ས་ལུགས་འཛིན་པ་ཡིན།
དགོན་འདི་ལ་ཡོངས་གྲགས་སུ་རྒྱུད་པ་དགོན་ཟེར།རྗེ་དགོན་དཔལ་ལྡན་བཤད་སྒྲུབ་ནོར་བུ་ཆོས་འཕེལ་གླིང་གི་དགོན་ལག་ཏུ་གཏོགས།ས་སྐྱ་གོང་མས་གནང་བའི་མགོན་པོའི་སྨན་སྐུ་སོགས་ལྷ་སྐུ་དང་།ཐར་མདོ་གསེར་བྲིས་སོགས་པོད་༡༠༠ལྷག་བཞུགས།ལྷ་སྡེ་ལ་གཡའ་ལུང་།རྒྱ་ཁོས་ཉིན།ཨ་སྐྱིད་འབྲོག་སྡེ།ཨ་སྐྱིད་རོང་སྡེ་བཅས་ཡོད།རིག་གསར་སྐབས་རྒྱས་བཅོམ།སྤྱི་ལོ་༡༩༨༠ལོ་ནས་ཡུལ་མིས་བསྐྱར་གསོ་བྱས།

About རྩོམ་སྒྲིག་པ།