རྡོ་སྨད་རྟག་བརྟན་དམ་ཆོས་གླིང་ངོ་སྤྲོད།

རྡོ་སྨད་རྟག་བརྟན་དམ་ཆོས་གླིང་ནི་འཛམ་ཐང་རྫོང་རྐ་མདའ་ཡུལ་ཚོར་སི་ཏུ་ཆོས་འབྱུང་འཕྲིན་ལས་ཀུན་ཁྱབ་མཆོག་ནས་༡༧༤༢ལོར་ཕྱག་བཏབ་པ་དང་།ཆོས་བརྒྱུད་བཀའ་བརྒྱུད་པ་ཡིན།
འདིའི་དགོན་མིང་དངོས་ལ་རྟག་བརྟན་དམ་ཆོས་གླིང་དང་།དགོན་འགབ་མ་ཚང་ཟེར་བའང་སྣང་།སྡེ་འདིར་འཛིན་གྲྭ་གོང་འོག་བར་གསུམ་ཡོད་པའི་འོག་མ་ལ་ཐུན་མོང་རིག་གནས་དང་།བར་མ་ལ་ཐུན་མོང་གི་སྔོན་འགྲོའི་ཆོས་སྐོར།གོང་མར་ཐུན་མིན་གྱི་ཆོས་སྐོར་སྦྱོང་སྲོལ་ཡོད།ལྷ་སྡེ་སྐ་མདའ་དང་།ལྷ་རྩེ་ཡུལ་གསུམ།མེའུ་མདའ་ཐོག་ཁ།རོང་སྡེ་ཤོག་གསུམ།ཕྱུག་ཤུལ།སྟུག་རྒྱ་སོགས་ཡོད་ཟེར།རིག་གསར་སྐབས་རྒྱས་བཅོམ།སྤྱི་ལོ་༡༩༨༣ལོ་ནས་ཡུལ་མིས་དང་བླང་གིས་བསྐྱར་བཞེངས་བྱས།

About རྩོམ་སྒྲིག་པ།