གཟིགས་མོ་བཀྲ་ཤིས་སྒང་དགོན།

གཟིགས་མོ་བཀྲ་ཤིས་སྒང་ནི་འབར་ཁམས་རྫོང་ཀྱོམ་གྱོ་ཡུལ་ཚོར་ཡོད་པ་དང་།སྤྱི་ལོ༡༣༩༦ལོར་བཏབ་མོད།འདེབས་མཁན་ཁ་གསལ་མི་འདུག ཆོས་བརྒྱུད་བཀའ་བརྒྱུད་ཡིན།
སྔར་འདི་ཉིད་དགོན་འདི་སྔར་ཇོ་ནང་བའི་དགོན་སྡེ་ཞིག་ཡིན་ཀྱང་།ཕྱིས་སུ་བཀའ་བརྒྱུད་པར་གྱུར།འདེབས་པོ་མི་གསལ་མོད་མཁན་རབས་དང་བོར་སྤྲུལ་སྐུ་ནོར་བུ་ཚེ་རིང་བགྲངས་འདུག་པས་དེ་ཉིད་ཡིན་མིན་བརྟག
སྔོན་དུས་འདིར་གྲྭ་གྲངས་༡༢༠ལྷག་བཞུགས།ལྷ་སྡེ་ཁོ་ནོ་རུ་སྡེ་ཁག་དང་།སྤྲོ་ཤོག་སྡེ་ཚོ་རྣམས་ཡོད།རིག་གསར་སྐབས་རྒྱས་བཅོམ།སྤྱི་ལོ༡༩༨༢ལོར་ཡུལ་མིས་བསྐྱར་བཞེངས་བྱས།

About རྩོམ་སྒྲིག་པ།