བོན་དགོན་མཚོ་སྟེང་དགོན་གྱི་ངོ་སྤྲོད།

མཚོ་སྟེང་དགོན་ནི་ཆུ་ཆེན་རྫོང་ས་བར་གྱོ་ཡུལ་ཚོར་སྤྱི་ལོ་༡༠༢༥ལོར་བཏབ་པ་དང་།ཆོས་བརྒྱུད་བོན་ཡིན།འདི་ལ་དཔལ་གཤེན་བསྟན་ནོར་བུའི་གླིང་ཡང་ཟེར།འདིར་སྔོན་ཆད་གྲྭ་བ་༧༠༠བཞུགས།ཁྲོ་སྐྱབས་རྒྱལ་བོའི་དགོན་ཡིན་སྟབས།རྒྱལ་ཁོངས་ཀྱི་གྲྭ་བ་ཡོངས་རྫོགས་འདིར་འཚོགས་དགོས།ཕྱིས་སོ་སོར་དགོན་པ་བཞེངས་སུ་བཅུག་པས་དགོན་ཕྲན་༥༡བྱུང་བར་གྲགས།ཕྱིས་ཀྱང་ལོ་གཅིག་ལ་མཉམ་འཚོགས་ཐེངས་གཅིག་རེ་བྱེད།ཁྲོ་སྐྱབས་ཀྱི་ལོ་རྒྱུས་ཆེས་རིང་བའི་དགོན་སྡེ་དེ་ཡིན་པར་བཤད།མཆོད་གཞིས་སྔར་ཁྲོ་སྡེ་ཁྲི་སྐོར་བཅུ་གཉིས་སུ་གྲགས་ཀྱང་།དེང་དུས་ས་བར་ཀྱོ་དང་།ཁོ་ར་ཀྱོ།ཀྱོ་མུ་ཡུལ་ཚོ།དྲུག་ཟུར་གྱི་སྡེ་བ་རྣམས་ཡོད་པར་བཤད།སྤྱི་ལོ་༡༩༥༨ལོ་དང་རིག་གནས་གསར་བརྗེ་སྐབས་རྒྱས་བཅོམ།སྤྱི་ལོ༡༩༨༤ལོར་ཡུལ་མིས་བསྐྱར་དུ་བཞེངས།

About རྩོམ་སྒྲིག་པ།