རྙིང་དགོན་ལྷ་རྩེ་དགོན་གྱི་ལོ་རྒྱུས།

ལྷ་རྩེ་དགོན་ནི་གསེར་རྟ་རྫོང་རྒྱ་ཤོད་ཞང་དུ་རབ་བྱུང་༡༡མཇུག་ཏུ་གཡུང་དྲུང་ཁྲོ་རྒྱལ་མཆོག་ཡིན་པ་དང་།ཆོས་རྒྱུད་རྙིང་མ་ཡིན།
དགོན་པ་འདི་ཉིད་སྔར་ཁྲོ་སྐྱབས་ས་ཁོངས་སུ་ཡོད་པར་སྣང་།དགུང་ལོས་བྲིས་པའི་དབལ་ཤུལ་གསེར་ཐར་གྱི་ལོ་རྒྱུས་གསར་བསྒྲིགས་བློ་ལྡན་མིག་གི་བདུད་རྕིར།འདི་ཉིད་གསེར་བ་ཡེ་ཤེས་སེང་གེས་བཏབ་པར་བཤད།གཉན་ཆེན་བཞག་རི་ལྷ་རྩེའི་རིགས་སྲས་ནམ་མཁའ་དཔའ་བརྟན་གདན་ས་འདིར་འཁྲུངས་པས་དེ་ལྟར་གྲགས།སྲོང་བཙན་སྒམ་པོས་དམག་དཔོན་བེེ་ཙན་བྱ་བ་རྒྱ་བོད་ཀྱི་ས་མཚམས་སྲུང་བར་མངགས་པ་དེས་སྤྱི་ལོ༦༣༩ལོར་སྐུ་མཁར་བརྩིགས་ཤིང་གླིང་བཟའ་གསེར་ལྡན་མཚོ་བསུས་པའི་རྒྱུད་དུ་ཆོས་རྒྱལ་མདོག་གཞེར་ནག་པོ་བྱུང་།དེའི་གདུང་རབས་དགུ་བ་དང་།རྒྱལ་རབས་བཅུ་བདུན་པ་གཡང་དྲུང་ཁྲོ་རྒྱལ་ཡིན།
རབ་བྱུང་གཉིས་པའི་སྨད་ཙམ་ལ་སེང་མཁར་ལྷ་རྩེ་གཡང་ཐོག་ཅེས་པའི་མཁར་ཆེན་བཞེངས།མངའ་ཐང་རྒྱས།དེའི་སྲས་ལྷ་རྩེ་བདུད་འདུལ་ཁྲོ་རྒྱལ་ལམ་གཡུང་དྲུང་དགོན།དགུང་ལོ་བརྒྱ་དང་སོ་དགུ་བཞུགས་ཟེར།དེ་ལ་སྟོབས་ལྡན་དབང་རྒྱལ་དང་།འཕྲིན་ལས་དབང་མོ་སྟེ་མིང་སྲིང་གཉིས་བྱུང་།སྟོབས་དབང་རྒྱལ་སར་བཀོད།སྲས་མོ་བཞག་རི་ལྷ་རྩེ་དང་འདུས་པས།ལྷ་སྲས་ནམ་མཁའ་དཔའ་བརྟན་བྱུང་།དེ་ལ་ཚེ་དབང་ནམ་མཁའ་དང་།སྨན་མོ་མཚོ་མིང་སྲིང་གཉིས་བྱུང་།སྲས་རྒྱལ་སར་བཀོད།སྲས་མོ་དབུས་སུ་ཕྱིན་ཏེ་རིག་འཛིན་མེ་ལོང་རྡོ་རྗེ་ལས་དབང་ལུང་གདམས་པ་མང་བོ་གསན།ཀློང་སྡེའི་མན་ངག་བསྒོམས་པས་རྟོགས་པ་བརྙེས།འདི་ལྷ་རྩེའི་གདན་རབས་དང་བོར་བཤད།གདན་རབས་ཞེ་གཉིས་ཙམ་ཡིག་ལམ་དུ་གསལ།མཆོད་གཞིས་གཙོ་བོ་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་སྡེ་འབངས་རྣམས་ཡིན།སྤྱི་ལོ་༡༩༥༨ལོ་དང་རིག་གསར་སྐབས་རྒྱས་བཅོམ།ད་ལྟའི་གནས་སྟངས་མ་ཤེས།

About རྩོམ་སྒྲིག་པ།