རྙིང་དགོན་སྒོ་མང་དགོན་པ་ངོ་སྤྲོད་མདོར་བསྡུས།

སྒོ་མང་དགོན་པ་ནི།རབ་བྱུང་བཅོ་ལྔ་པའི་མེ་ཁྱི་ཕྱི་ལོ་༡༨༨༦ལོར་བླ་མ་བཀྲ་བློ་ཞེས་པས་ཕྱག་བཏབ་པར་གྲགས།ལ་ལས་སྒོ་ཆེན་འཇིགས་བྲལ་ཆོས་ཀྱི་བློ་གྲོས་ཀྱིས་བཏབ་པར་ཡང་བཤད།ཆོས་བརྒྱུད་སྔ་འགྱུར་དཔལ་ཡུལ་པ་ཡིན།དེང་རྒྱ་ནག་གི་སྲིད་འཛིན་ཁྱབ་བགོས་ལྟར་ན།མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་པདྨ་རྫོང་ཁོངས་སུ་ཆགས་ཡོད།
གནས་འདིར་ཆོས་རྒྱལ་ཨ་ཤོ་ཀའི་མཆོད་རྟེན་ཞེས་གནའ་བོའི་རྗེས་ཤུལ་ད་ལྟ་ཡང་མཇལ་རྒྱུ་ཡོད་པ་དང་།དགོན་འདིར་སྔར་གྱི་རྡོ་ཡིག་རྙིང་པ་དང་རྟེན་རྙིང་འགའ་ཤས་བཞུགས་ཡོད།ཕྱི་ལོ་༡༩༥༨ལོའི་དུས་འགྱུར་སྐབས་བོད་ཁུལ་གྱི་དགོན་སྡེ་གཞན་དང་མཚུངས་པར་གཏོེར་བཅོམ་བྱས།རྒྱ་ནག་གི་ཆོས་ལུགས་དད་མོས་རང་དབང་སྲིད་བྱུས་ཅུང་གུ་ཡངས་ཀྱི་རྣམ་པ་ཙམ་མངོན་རྗེས་ཏེ་བླ་མ་འོད་གསལ་རྡོ་རྗེ་གཙོས་དད་ལྡན་མང་ཚོགས་ཀྱི་རོགས་རམ་ལ་བརྟེན་དགོན་པ་བསྐྱར་བཞེངས་བྱས་ཏེ་དེང་ཡར་ལྡན་དུ་འགྲོ་བཞིན་པའི་སྐབས་སོ།

About རྩོམ་སྒྲིག་པ།