༄༅། །བཀའ་མ་ལོག་(མེན་ཧོ)རྫོང་ཁོངས་ཀྱི་བོད་ཀྱི་དགོན་སྡེ་ཁག

༡    ཆོས་འཁོར་གླིང་།

ཆོས་འཁོར་གླིང་ནི་སྤྱི་ལོ༡༦༢༧ལོར་བཀའ་མ་ལོག་རྫོང་དུ་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ལ་གཅན་ཕུག་རི་ཁྲོད་ཀྱང་ཟེར། རྫོང་ཐོག་གི་ལྷོ་ནས་ནུབ་ཏུ་དཀྱོགས་མཚམས་སྤྱི་ལེ་༨༨ སར་ཡོད། སྤྱི་ལོ་༡༩༥༨ ལོའི་ཡར་སྔོན་འདུ་ཁང་ཁང་ཀ་བར་༣༩ ཅན་དང་། ནང་ཆེན་དང་གྲྭ་ཤག་ཁང་མིག་༣༨༠ ཡོད། དགོན་དེར་མ་སྒྲོན་མ་ཟེར་བའི་བླ་མ་གཅིག་ཡོད། ཧོར་རིགས་སུ་སྤྱི་ལོ་༡༩༢༥ ལོར་འཁྲུངས། སྤྱི་ལོ་༡༩༥༨ རྒྱས་དགོན་པ་གཏོར། སྤྱི་ལོ་༡༩༨༣ ལོ་ནས་ཡུལ་མིས་དང་བླང་བསྐྱར་བཞེངས་བྱས།

 

 

༢    པོ་ཀྱ་དགོན།

པོ་ཀྱ་དགོན་ནི་སྤྱི་ལོ་༡༦༤༤ཡས་མས་ཤིག་ལ་བཀའ་མ་ལོག་རྫོང་དུ་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་བཀའ་མ་ལོག་གྲོང་བརྡལ་གྱི་ལྷོ་ཕྱོགས་སྤྱི་ལེ་༥༠ མཚམས་སུ་ཡོད།རྒྱའི་ཡིག་ཆ་ལྟར་ན་སྤྱི་ལོ་༡༩༥༠ སྐབས་གྲྭ་བ་གཅིག་ལས་མེད་ཟེར། དགོན་པའི་མཆོད་གཞིས་ལྷ་སྡེ་དུད་ཁྱིམ་༦༠ ལྷག་ཡོད་ཅིང༌། ཕལ་ཆེར་ཧོར་རིགས་སུ་གཏོགས་པར་བཤད། འདེབས་མཁན་མི་གསལ།

 

 

༣      ཆིན་ཀྱ་དགོན།

ཆིན་ཀྱ་དགོན་ནི་ཙོང་ཁ་རྒྱལ་བོའི་སྐབས་ཙམ་ལ་བཀའ་ལོག་རྫོང་དུ་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

བཀའ་མ་ལོག་གྲོང་བརྡལ་ལྷོ་ཟུར་སྤྱི་ལེ་༨༨ སར་ཡོད། དགོན་འདི་མིན་རྒྱལ་རབས་ཀྱི་གོང་མ་ཐུང་ཀྲིའི་སྐབས་དམག་འཁྲུག་གི་རྐྱེན་གྱིས་འཇིག སྤྱི་ལོ་༡༩༡༥ལོར་དགོན་པ་བསྐྱར་འདེབས་ཀྱིས་ཆིན་ཀྱ་དགོན་དུ་གྲགས་པ་བྱུང༌། སུས་བཏབ་མི་ཤེས།

 

 

 

༤     ཧོ་ཀྱ་དགོན།

ཧོ་ཀྱ་དགོན་ནི་སྤྱི་ལོ༡༩༡༢ལོེར་བཀའ་མ་ལོག་རྫོང་དུ་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ཡང་བཀའ་མ་ལོག་གྲོང་བརྡལ་ལྷོ་ངོས་སྤྱི་ལེ་༨ ༨ སར་ཡོད།དེང་དུས་ས་གནས་ཡུལ་མི་དེ་ཕལ་ཆེར་ཧོར་རིགས་གཏོགས་པར་བཤད། སྤྱི་ལོ་༡༩༥༨ལོར་རྒྱས་བཤིག ད་ལྟ་བསྐྱར་གསོ་བྱས་ཡོད་མེད་མ་ཤེས།

 

 

༥     བླ་ཀྱ་དགོན།

བླ་ཀྱ་དགོན་ནི་སྤྱི་ལོ་༡༩༤༡ལོའི་ཡས་མས་ཤིག་ལ་བཀའ་ལོག་རྫོང་དུ་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ཡང་བཀའ་མ་ལོག་གྲོང་བརྡལ་ལྷོ་ངོས་སྤྱི་ལེ་༨༨ སར་ཡོད། སྤྱི་ལོ་༡༩༥༨ ལོར་བླ་སྤྲུལ་གཅིག་ཡོད། སུས་བཏབ་སོགས་ལོ་རྒྱུས་ཞིབ་ཆ་མེད།

 

 

༦     ལོའུ་ཀྱ་དགོན།

ལོའུ་ཀྱ་དགོན་ནི་སྤྱི་ལོ་༡༩༢༠ལོར་བཀའ་མ་ལོག་རྫོང་དུ་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ལ་རྒྱ་རྣམས་ཀྱིས་ཁྲིན་ཅིན་བཀུང་ཧུ་ཟི་ཡང་ཟེར། བཀའ་མ་ལོག་གྲོང་བརྡལ་ལྷོ་རྒྱུད་སྤྱི་ལེ་༨༨ སར་ཡོད། སྔར་ལེན་དཔའ་ཐའི་དགོན་པའི་དགོན་ལག་ཏུ་གཏོགས། ལོ་རྒྱུས་གཞན་མི་གསལ།

 

 

 

༧      ཚེ་ཏན་དགོན་དགའ་ལྡན་བཤད་སྒྲུབ་གླིང་།

ཚེ་ཏན་དགོན་དགའ་ལྡན་བཤད་སྒྲུབ་གླིང་ནི་སྤྱི་ལོ་༡༦༢༣ལོར་བཀའ་མ་ལོག་རྫོང་དུ་ཚང་འབུམ་དཀོན་ཚེ་བླ་མ་ནས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ནི་བཀའ་མ་ལོག་གྲོང་བརྡལ་གྱི་ལྷོ་ནས་ནུབ་ཏུ་དོགས་པའི་སྤྱི་ལེ་༡༡༠ཡི་སར་ཆགས། སྤྱི་ལོ་༡༦༦༦ ལོར་ཇོ་བོ་ཤཱཀྱ་མུ་ནེའི་གྱན་ཐང་གཅིག་བཞེངས། སྤྱི་ལོ་༡༧༩༨ ལོར་འདུ་ཁང་ཆེན་མོ་བསྐྲུན། སྐབས་དེའི་བཀའ་མ་ལོག་ནུབ་ལྷོ་དང་བ་ཡན་ཤར་ལྷོ་ཕྱོགས་སུ་ཆེས་སྐད་གྲགས་ལྡན་པའི་དགོན་པ་ཞིག་ཡིན། །

ཚེ་ཏན་དགོན་པའི་དགོན་བདག་ཚེ་ཏན་མཁན་པོ་དང་། ཚེ་ཏན་ཞབས་དྲུང་རྣམ་གཉིས་ཀྱིས་མཉམ་སྐྱོང་མཛད། དགོན་པ་འདི་ནི་ས་ཁུལ་དེའི་ཆོས་སྲིད་ལུགས་གཉིས་ཀྱི་ལྟེ་བ་དེ་ཡིན།

 

 

༨     ནོར་བ་དགོན་བཀྲ་ཤིས་བསམ་གཏན་གླིང་།

ནོར་བ་དགོན་བཀྲ་ཤིས་བསམ་གཏན་གླིང་ནི་བཀའ་མ་ལོག་རྫོང་དུ་ནོར་བུ་བཟང་བོས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ཡང་བཀའ་མ་ལོག་གྲོང་བརྡལ་ལྷོ་རྒྱུད་སྤྱི་ལེ་༡༡༠ ཡི་སར་ཆགས། ཡུལ་མིའི་ངག་རྒྱུན་དུ་དགོན་འདི་ནི་སྔོན་དབུས་གཙང་ནས་རྒྱལ་བ་ཙོང་ཁ་ཆེན་པོའི་སྐུ་བརྙན་གདན་འདྲེན་མཛད་མཁན་ཚོང་བ་ནོར་བུ་བཟང་བོའི་འབྲོག་ས་ཡིན་ཟེར།སྐབས་དེ་དུས་ཤིག་ནས་ལྷ་ཁང་ངམ་དགོན་སྡེ་ཞིག་བཏབ་པ་ཡིན་ནམ་སྙམ་ལ། ཕྱིས་

ཁ་ཏི་ཀ་དགོན་པའི་དགོན་ལག་ཏུ་བགྲང་།

 

 

༩     ལིན་གཙང་དགོན།

ལིན་གཙང་དགོན་ནི་སྤྱི་ལོ་༡༤༠༣།༡༤༢༤བར་བཀའ་མ་ལོག་རྫོང་དུ་བྱམས་ཆེན་ཆོས་རྗེས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

རྒྱས་འདི་ལ་མ་ཡིང་ཟི་ཞེས་འབོད། བཀའ་མ་ལོག་གྲོང་བརྡལ་ལྷོ་ངོས་སྤྱི་ལེ་༦༠ སར་ཡོད། རྒྱལ་བ་ཙོང་ཁ་བའི་དངོས་སློབ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་རྒྱ་ཕེབས་སྐབས་གནས་འདིར་ཕེབས་ནས་དགེ་ལུགས་པའི་ཆོས་རྒྱུད་འཆད་ཉན་གནང་སྟེ་དགོན་པ་འདི་བཏབ། ཐོག་མར་ས་དེང་གི་ཡོན་ཟི་ཨར་གྲོང་སྡེ་ཡིན་ཀྱང་།

ཕྱིས་དགོན་གནས་འདིར་སྤོས་ཟེར། སྤྱི་ལོ་༡༩༥༧ ལོར་རྒྱ་ནག་གཞུང་གིས་དགོན་པ་གཏོར་བཅོམ་བཏང་། སྤྱི་ལོ་༡༩༨༤ ལོ་ཡུལ་མིས་སླར་གསོ་བྱས། སྤྱི་ལོ་༡༩༠༩ལོར་དམག་འཁྲུག་གིས་དགོན་པར་གཏོར་སྐྱོན་ཤུགས་ཆེ་ཐེབས་པ་ནས་ཉམས་གསོ་དང་རྒྱ་བསྐྱེད་བྱེད་ཐུབ་མེད།

 

༡༠     བཱ་ཇོའི་རི་ཁྲོད།

བཱ་ཇོའི་རི་ཁྲོད་ནི་བཀའ་མ་ལོག་རྫོང་དུ་ཡོད།འདེབས་མཁན་དང་བཏབ་ལོ་སོགས་མི་གསལ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ནི་རྫོང་གི་ཤར་ལྷོའི་སྤྱི་ལེ་༢༣ སར་ཡོད། དགོན་འདི་ཧོར་ཧྲན་ཟི་ཞེས་པའི་དགོན་ལག་ཡིན་ཟེར། སྤྱི་ལོ་༡༩༦༧ ལོར་རྒྱས་དགོན་པ་གཏོར་བཤིག་བཏང་སྟེ་ཆོས་སྒོ་བརྒྱབ། ད་བར་བསྐྱར་བཞེངས་བྱེད་ཐུབ་མེད། །

 

 

 

༡༡      འབུམ་ཁང་ཐང་དགའ་ལྡན་བཤད་སྒྲུབ་གླིང་།

འབུམ་ཁང་ཐང་དགའ་ལྡན་བཤད་སྒྲུབ་གླིང་ནི་སྤྱི་ལོ་༡༣༦༨།༡༣༩༨བར་བཀའ་མ་ལོག་རྫོང་དུ་དཀའ་བཅུ་བློ་བཟང་བརྩོན་འགྲུས་ནས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

 

འདི་བཀའ་མ་ལོག་གྲོང་བརྡལ་གྱི་ལྷོ་ནུབ་སྤྱི་ལེ་༦༠ སར་ཡོད། འདི་བའི་མཚན་ལ་ཝཱང་ཀྱ་དཀའ་བཅུ་ཡང་ཟེར་སྣང༌། སྤྱི་ལོ་༡༨༩༥ ལོར་དགོན་པ་རྒྱ་བསྐྱེད་བྱས། ཐང་རིང་དགོན་གྱི་དགོན་ལག་ཏུ་གཏོགས། ཝཱང་ཀྱ་བླ་མ་སྐུ་ཕྲེང་རིམ་བྱོན་གྱིས་བདག་སྐྱོང་གནང་། སྤྱི་ལོ་༡༩༥༨ ལོར་རྒྱས་གཏོར་ཏེ་ཆོས་སྒོ་བརྒྱབ། སྤྱི་ལོ་༡༩༨༡ ལོ་ནས་ཡུལ་མིས་བསྐྱར་བཞེངས་བྱས། །

 

 

༡༢    བ་ཇོའི་དགོན་བསྟན་པ་དར་རྒྱས་གླིང་།

བ་ཇོའི་དགོན་བསྟན་པ་དར་རྒྱས་གླིང་ནི་སྤྱི་ལོ་༡༦༤༥ལོའི་ཡས་མས་ཤིག་ལ་བཀའ་མ་ལོག་རྫོང་དུ་དགེ་བཤེས་སྦྱིན་པ་རྒྱ་མཚོ་ནས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ཡང་བཀའ་མ་ལོག་གྲོང་བརྡ གྱི་ནུབ་ལྷོའི་སྤྱི་ལེ་༣༠ སར་ཡོད། རྒྱ་ནག་མིན་རྒྱལ་རབས་འཐོར་ཞིག་ཏུ་མ་སོང་སྔོན་ཙམ་ལ། རྒྱལ་དབང་ལྔ་བ་ཆེན་མོ་དང་། པཎ་ཆེན་བློ་བཟང་ཆོས་རྒྱན་རྣམ་གཉིས་ཀྱིས་རྒྱ་ནག་རྒྱལ་བོའི་དབུ་བླར་མངགས་པའི་དབུས་ཀྱི་དགེ་བཤེས་སྦྱིན་པ་རྒྱ་མཚོ་བྱ་བས་མན་ཆིན་རྒྱལ་རབས་ཀྱི་འདི་ལ་རྒྱ་རྣམས་ཀྱིས་ཆིའུ་ལི་ཟི་ཡང་ཟེར། སྔར་གྱི་ཡི་གེ་འགའ་རེའི་གསུང་ཟུར་ལ་གཞིགས་ན་འདི་ལ་སྨན་ཆུ་དར་རྒྱས་རི་ཁྲོད་ཟེར་བ་ཡིན་ནམ་སྙམ། བཀའ་མ་ལོག་གྲོང་བརྡལ་གྱི་ལྷོ་རྒྱུད་སྤྱི་ལེ་༤ ༥ སར་ཡོད། དགོན་འདི་ནི་རྒྱ་ཧོར་གྱི་ས་མཚམས་སུ་ཡོད་པར་བཤད་ཅིང་། ཅིན་ཞབས་དྲུང་སྐུ་ཕྲེང་གིས་སྐྱོང་ཁུར་གནང༌།སྤྱི་ལོ་༡༩༦༤ ལོར་རྒྱས་གཏོར་ནས་ཆོས་སྒོ་བརྒྱབ། སྤྱི་ལོ་༡༩༨༡ ལོ་ནས་ས་གནས་ཡུལ་མིས་རང་འགུལ་གྱིས་ཞལ་འདེབས་བསྡུས་ནས་འདུ་ཁང་སོགས་བཞེངས་།དེང་སང་བོད་ཀྱི་མཁས་པའི་ཁྲོད་འདི་ཉིད་ཕྱག་འདེབས་མཛད་པ་པོ་སྦྱིན་པ་རྒྱ་མཚོ་དང་སེ་ཆེན་ཆོས་རྗེར་འབོད་པ་གཉིས་གང་ཟག་གཅིག་ཡིན་པའི་ལྟ་ཚུལ་འཛིན་མཁན་ཡང་བྱུང་འདུག

 

 

 

༡༣       སྨན་ལྷའི་ལྷ་ཁང་།

སྨན་ལྷའི་ལྷ་ཁང་ནི་༡༧༨༥ལོརབཀའ་མ་ལོག་རྫོང་དུ་སྨན་པ་སོན་སུ་མའོ་ཡིས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ཡང་བཀའ་མ་ལོག་གྲོང་བརྡལ་གྱི་ནུབ་ལྷོའི་སྤྱི་ལེ་༥༠ སར་ཆགས།ཡུལ་མི་ངག་རྒྱུན་དུ་དགོན་འདི་ཐང་རྒྱལ་རབས་སྐབས་ཀྱི་སྨན་པ་སྐད་གྲགས་ཅན་སོན་སུ་མའོ་བྱ་བས་ཐང་རྒྱལ་བོའི་སྙུན་གཞི་གསོས་པས་རྒྱལ་བོས་ནུབ་བྱང་གི་སྨན་པའི་རྒྱལ་པོ་ཞེས་པའི་མཚན་བསྟོད་དང་། ཞྭ་སེར་དང་གོས་སེར། ལྷམ་སེར་བཅས་

ཀྱི་ཆོ་ལོ་གནང༌། སྨན་པ་དེ་གནས་འདིར་ཡོང་ནས་སྨན་རྩྭ་འཐུ་སྐབས་བྲག་ཁུང་ཞིག་ཏུ་བསྡད་ཅིང་། དེ་ནས་རྒྱའི་བཟོ་བཀོད་ཅན་གྱི་དགོན་ཆུང་འདི་བཏབ་ཟེར།སྤྱི་ལོ་༡༩༦༧ ལོར་རྒྱ་གཞུང་གིས་གཏོར་ཏེ་ཆོས་སྒོ་བརྒྱབ། སྤྱི་ལོ་༡༩༨༧ ལོ་ནས་ཡུལ་མིས་བསྐྱར་བཞེངས་བྱས། །

 

 

 

༡༤     གླང་བོ་དགོན།

གླང་བོ་དགོན་ནི་༡༨༦༢ལོར་བཀའ་མ་ལོག་རྫོང་དུ་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

 

འདི་བཀའ་མ་ལོག་གྲོང་བརྡལ་གྱི་ལྷོ་ནས་ནུབ་ཏུ་དོགས་པའི་སྤྱི་ལེ་༤༨ ཀྱི་མཚམས་སུ་ཡོད། གོང་གི་སྨན་ཆུ་དར་རྒྱས་དགོན་ནས་ལོགས་སུ་ཆད་པར་བཤད།  འདེབས་མཁན་མི་གསལ་བ་དེའི་རྐྱེན་གྱིས་ཡིན་ནམ་སྙམ། སྔར་རྒྱ་རིགས་ཀྱི་བླ་མ་གཅིག་བཞུགས་ཟེར། སྤྱི་ལོ་༡༩༥༨ ལོར་རྒྱས་གཏོར་བཅོམ་བཏང༌། སྤྱི་ལོ་༡༩༨༢ལོ་ནས་ཡུལ་མིས་བསྐྱར་བཞེངས་བྱས།

 

 

 

༡༥      པའོ་ཀང་དགོན།

པའོ་ཀང་དགོན་ནི་བཀའ་མ་ལོག་རྫོང་དུ་ཡོད།འདེབས་མཁན་དང་བཏབ་ལོ་སོགས་མི་གསལ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་བཀའ་མ་ལོག་གྲོང་བརྡལ་གྱི་ལྷོ་རྒྱུད་སྤྱི་ལེ་༢༠ ས། དེང་གི་ཀོའུ་ཧྲན་དང་ཁྲའེ་ཀོའུ་ཙོང་པོ་བཅས་ཤང་ཁག་གསུམ་གྱི་འདྲེས་མཚམས་ཀོའུ་ཧྲན་ཆུ་མཛོད་ཀྱི་འཁྲིས་སུ་ཡོད། སྤྱི་ལོ་༡༩༥༨ ལོར་རྒྱ་དམར་སླེབས་ནས་ཆུ་མཛོད་བསྐྱིལ་ཏེ་དགོན་པ་རྩ་གཏོར་བཏང་བ་ནས་སླར་གསོ་བྱེད་མཁན་མ་བྱུང༌།

 

 

༡༦     དགའ་ལྡན་ཆོས་འཁོར་གླིང་།

དགའ་ལྡན་ཆོས་འཁོར་གླིང་ནི་སྤྱི་ལོ༡༤༩༦ལོར་བཀའ་མ་ལོག་རྫོང་དུ་བྱ་ཁྱུང་ན་ཎི་བས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ལ་རྒྱ་རྣམས་ཀྱིས་ཆིའུ་ལོ་ཟི་ཡང་ཟེར།སྔར་གྱི་ཡི་གེ་འགའ་རེའི་གསུང་ཟུར་ལ་གཞིགས་ན་འདི་ལ་སྨན་ཆུ་དར་རྒྱས་རི་ཁྲོད་ཟེར་བ་ཡིན་ནམ་སྙམ།བཀའ་མ་ལོག་གྲོང་བརྡལ་གྱི་ལྷོ་རྒྱུད་སྤྱི་ལེ་༤༥སར་ཡོད།དགོན་འདི་ནི་རྒྱ་ཧོར་གྱི་ས་མཚམས་སུ་ཡོད་པར་བཤད་ཅིང་།ཅིན་ཞབས་དྲུང་སྐུ་ཕྲེང་གིས་སྐྱོང་ཁུར་གནང་།སྤྱི་ལོ༡༩༦༤ལོར་རྒྱས་གཏོར་ནས་ཆོས་སྒོ་བརྒྱབ།སྤྱི་ལོ༡༩༨༡ལོ་ནས་ས་གནས་ཡུལ་མིས་དང་བླང་བསྐྱར་བཞེངས་བྱས།ཡུལ་འདིར་སྨན་ཆུ་རྩ་ཆེན་ཞིག་ཡོད་པ་མདོ་སྨད་ཕྱོགས་སུ་གྲགས་ཆེ།

 

༡༧     བྱ་རྒོད་རྩེ་དགོན་པ།

བྱ་རྒོད་རྩེ་དགོན་པ་ནི་སྤྱི་ལོ༡༦༤༥ལོར་བཀའ་མ་ལོག་རྫོང་དུ་དགེ་བཤེས་སྦྱིན་པ་རྒྱ་མཚོས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ལ་རྒྱ་རྣམས་ཀྱིས་ཅོའུ་ཧྲིན་ཟི་ཞེས་འབོད་ཀྱིན་ཡོད་པ་འདྲ། བཀའ་མ་ལོག་གྲོང་བརྡལ་གྱི་ལྷོ་ནས་ནུབ་སྤྱི་ལེ་༡༥༥ སར་ཆགས། སྤྱི་ལོ་༡༩༦༧ ལོར་རྒྱ་གཞུང་གིས་རྩ་གཏོར་བཏང་སྟེ་ཆོས་སྒོ་བརྒྱབ། སྤྱི་ལོ་༡༩༨༨ ལོ་ནས་ཡུལ་མིས་འདུ་ཁང་ཀ་བཞི་མ་ཞིག་བསྐྱར་བཞེངས་བྱས།

 

 

༡༨      ཆོས་རྗེ་གླིང།

ཆོས་རྗེ་གླིང་ནི་༡༣༦༨།༡༣༩༨བར་བཀའ་མ་ལོག་རྫོང་དུ་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ལ་རྒྱ་རྣམས་ཀྱིས་ཀན་དགུ་ཟི་ཟེར། བཀའ་མ་ལོག་གྲོང་བརྡལ་ལྷོ་རྒྱུད་སྤྱི་ལེ་༧༠ སར་ཡོད། སྤྱི་ལོ་༡༩༥༨ ལོར་རྒྱ་དམར་སླེབས་སྐབས་དར་རྒྱས་ཆེ་ཙམ་ཡོད་མོད། སྤྱི་ལོ་༡༩༦༦ ལོར་རྒྱས་གཏོར་བཅོམ་བཏང༌། སྤྱི་ལོ་༡༩༨༡ ལོ་ནས་ཡུལ་མིས་བསྐྱར་བཞེངས་བྱས།

 

 

 

༡༩     ཧན་ཀྱ་དགོན།

ཧན་ཀྱ་དགོན་ནི་སྤྱི་ལོ༡༣༦༨ །༡༣༩༨ བར་བཀའ་མ་ལོག་རྫོང་དུ་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་བཀའ་མ་ལོག་གྲོང་བརྡལ་གྱི་ལྷོ་རྒྱུད་སྤྱི་ལེ་༧༥ སར་ཡོད། ཀན་དགུ་དགོན་པའི་དགོན་ལག་ཡིན། སྤྱི་ལོ་༡༩༦༦ ལོར་རྒྱས་བཤིག་སྟེ་ཆོས་སྒོ་བརྒྱབ། སྤྱི་ལོ་༡༩༨༦ ལོར་ཡུལ་མིས་རང་འགུལ་ངང་བསྐྱར་གསོ་བྱས།

 

 

 

༢༠      ཡན་ཀྱ་འཕྲང་བ་དགོན།

ཡན་ཀྱ་འཕྲང་བ་དགོན་ནི་སྤྱི་ལོ་༡༩༣༠ལོར་བཀའ་མ་ལོག་རྫོང་དུ་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་བཀའ་མ་ལོག་གྲོང་བརྡལ་གྱི་ལྷོའི་ནུབ་སྤྱི་ལེ་༣༧ གྱི་སར་ཡོད། སྤྱི་ལོ་༡༩༣༠ ལོར་ཀན་དགུ་དགོན་ལས་ལོགས་སུ་གྱེས། སྤྱི་ལོ་༡༩༦༦ ལོ་ནས་ཆོས་སྒོ་བརྒྱབ་ཀྱང་དགོན་པའི་ཕྱིའི་འཛུགས་སྐྲུན་ལ་གཏོར་སྐྱོན་མ་བྱུང་ཟེར།

 

 

 

༢༡     ཨ་ལན་གེ་ཟི།

ཨ་ལན་གེ་ཟི་ནི་བཀའ་མ་ལོག་རྫོང་དུ་ཡོད།འདེབས་མཁན་དང་བཏབ་ལོ་སོགས་མི་གསལ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ལ་ཝན་ཧོ་ཟི་ཡང་ཟེར། བཀའ་མ་ལོག་གྲོང་བརྡལ་གྱི་ལྷོ་རྒྱུད་སྤྱི་ལེ་༥༢ ས་རྨ་འགྲམ་དུ་ཡོད། སྤྱི་ལོ་༡༩༥༨ ལོར་རྒྱ་གཞུང་གིས་དགོན་པ་བཤིག་སྟེ་ཆོས་སྒོ་བརྒྱབ། དགོན་ཤུལ་སྡེ་ཚོའི་སིལ་ར་བཟོས། ད་བར་བསྐྱར་གསོ་བྱ་ཐུབ་མེད།

 

 

 

༢༢       ཆི་ཀྱ་ཟི།

ཆི་ཀྱ་ཟི་ནི་བཀའ་མ་ལོག་རྫོང་དུ་ཡོད།འདེབས་མཁན་དང་བཏབ་ལོ་སོགས་མི་གསལ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་བཀའ་མ་ལོག་གྲོང་བརྡལ་གྱི་ལྷོ་རྒྱུད་སྤྱི་ལེ་༥༡ གི་སར་ཡོད། སྤྱི་ལོ་༡༩༥༨ ལོ་དང་རིག་གསར་སྐབས་དགོན་པ་བཤིག་སྟེ་ཆོས་སྒོ་བརྒྱབ། སྤྱི་ལོ་༡༩༨༦ཙམ་ནས་མང་ཚོགས་ཀྱིས་དང་བླང་བསྐྱར་གསོ་བྱས།

 

 

 

༢༣    ཕེ་ཀྱ་ཟི།

ཕེ་ཀྱ་ཟི་ནི་སྤྱི་ལོ་༡༨༨༡ལོར་བཀའ་མ་ལོག་རྫོང་དུ་ཕེ་ཀྱ་བླ་མས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ཡང་བཀའ་མ་ལོག་གྲོང་བརྡལ་གྱི་ལྷོ་རྒྱུད་སྤྱི་ལེ་༧༤ སར་ཡོད། དགོན་བདག་བླ་མ་ཕེ་ཀྱ་བྱ་བ་ཡིན་འདུག སྤྱི་ལོ་༡༩༦༧ ལོར་རྒྱས་བཤིག་སྟེ་ཆོས་སྒོ་བརྒྱབ།སྤྱི་ལོ་༡༩༨༤ ལོ་ནས་ཡུལ་མིས་བསྐྱར་གསོ་བྱས།

 

 

 

༢༤     བཀྲ་ཤིས་དགའ་ལྡན་བདེ་སྐྱིད་གླིང་།

བཀྲ་ཤིས་དགའ་ལྡན་བདེ་སྐྱིད་གླིང་ནི་སྤྱི་ལོ་༡༩༡༠ལོར་བཀའ་མ་ལོག་རྫོང་དུ་སྨོན་ལམ་ཧོ་ཐོག་ཐུ་ནས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

རྒྱ་རྣམས་ཀྱིས་འདི་ལ་ཀྲུའུ་ཀྱི་ཟི་ཞེས་འབོད་པ་འདྲ། བཀའ་མ་ལོག་གྲོང་བརྡལ་གྱི་ལྷོ་རྒྱུད་སྤྱི་ལེ་༨༠ སར་ཡོད། སྤྱི་ལོ་༡༩༥༨ ལོའི་ཡར་སྔོན་འདུ་ཁང་དང་གྲྭ་ཤག་བཅས་ཁང་མིག་༢༨༠ ལྷག་ཡོད་པ་སོགས་ཡུལ་མཐའ་ལ་ལྟོས་པས་དར་རྒྱས་གང་འཚམ་ལྡན་ཡང་། སྤྱི་ལོ་༡༩༦༦ ལོར་དགོན་པ་བཤིག་སྟེ་ཆོས་སྒོ་བརྒྱབ། སྤྱི་

ལོ་༡༩༨༣ ལོར་ཡུལ་མིས་འདུ་ཁང་བསྐྱར་བཞེངས་བྱས།།

 

 

 

༢༥     བཀྲ་ཤིས་ཆོས་འཁོར་གླིང་།

བཀྲ་ཤིས་ཆོས་འཁོར་གླིང་ནི་བཀའ་མ་ལོག་རྫོང་དུ་ལིང་ཕན་ཞབས་དྲུང་གིས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་རྒྱ་རྣམས་ཀྱིས་ཧུ་ཀྱ་ཟི་ཞེས་འབོད། བཀའ་མ་ལོག་གྲོང་བརྡལ་གྱི་ལྷོ་རྒྱུད་སྤྱི་ལེ་༨༠ སར་ཡོད། ལེན་ཧྭ་ཐེ་དགོན་པའི་དགོན་ལག་ཡིན་ལ། ལིང་ཕན་ཞབས་དྲུང་བས་འཛིན་སྐྱོང་བྱས། སྤྱི་ལོ་༡༩༦༦ ལོར་རྒྱས་གཏོར་བཤིག་བཏང་། སྤྱི་ལོ་༡༩༨༡ ལོ་ནས་ཡུལ་མིས་བསྐྱར་བཞེངས་བྱས།

 

 

༢༦   བཀྲ་ཤིས་ཆོས་འཕེལ་གླིང་།

བཀྲ་ཤིས་ཆོས་འཕེལ་གླིང་ནི་བཀའ་མ་ལོག་རྫོང་དུ་ཆུ་བཟང་བླ་མས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ལ་རྒྱ་མི་དག་གིས་ན་ཀྱ་ཟི་ཞེས་འབོད། བཀའ་མ་ལོག་གྲོང་བརྡལ་གྱི་ལྷོ་རྒྱུད་སྤྱི་ལེ་༨༢ ཀྱི་སར་ཡོད། སྤྱི་ལོ་༡༩༥༨ ལོའི་ཡར་སྔོན་དགོན་པར་བློ་བཟང་ཟེར་བའི་ཧོར་རིགས་ཀྱི་བླ་མ་གཅིག་ཡོད་ཟེར། སྤྱི་ལོ་༡༩༦༧ ལོར་རྒྱ་གཞུང་གིས་དགོན་པ་བཤིག་སྟེ་ཆོས་སྒོ་བརྒྱབ། སྤྱི་ལོ་༡༩༨༥ ལོར་ཡུལ་མིས་འདུ་ཁང་སོགས་བཞེངས་ཏེ་སླར་གསོ་བྱས།

 

 

 

༢༧      བདེ་ཆེན་ཕུན་ཚོགས་གླིང་།

བདེ་ཆེན་ཕུན་ཚོགས་གླིང་ནི་སྤྱི་ལོ་༡༦༦༢།༡༦༧༢བར་བཀའ་མ་ལོག་རྫོང་དུ་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ལ་རྒྱ་མིས་ཝང་ཀྱ་ཟི་ཟེར།བཀའ་མ་ལོག་གྲོང་བརྡལ་གྱི་ལྷོ་རྒྱུད་སྤྱི་ལེ་༨༠སར་ཡོད།ཆིན་ཀུང་ཀྲོའུ་ཁྲི་ལོ་བཅུ་བཞི་སྐབས་ཞིག་གསོ་བྱས།བཀྲ་ཤིས་ཆོས་འཁོར་གླིང་གི་དགོན་ལག་ཡིན་པ་འདྲ།སྤྱི་ལོ་༡༩༥༨ལོའི་ཡར་སྔོན་དགོན་པར་འདུ་ཁང་ཀ་བར་༡༦ཅན་དང་།གྲྭ་ཤག་ཁང་མིག་༩༤།དགེ་འདུན་ཞལ་གྲངས་༦༥༤།བླ་བྲང་གཅིག་ཡོད་པས་ཡུལ་དུས་ལ་གཞིགས་པར་དར་རྒྱས་ཆེ།སྤྱི་ལོ་༡༩༦༦ལོར་རྒྱ་གཞུང་གིས་དགོན་པ་བཤིག་སྟེ་ཆོས་སྒོ་བརྒྱབ།སྤྱི་ལོ་༡༩༨༣ ལོ་ནས་ཡུལ་མིས་དང་བླང་བསྐྱར་བཞེངས་བྱས།

 

 

 

༢༨       ཀན་ཀྱ་ཟི།

ཀན་ཀྱ་ཟི་ནི་སྤྱི་ལོ་༡༩༠༩ལོར་བཀའ་མ་ལོག་རྫོང་དུ་ཡོད།ཆོས་རྒྱུད་དགེ་ལུགས་ཡིན།

ཡུལ་མིས་འདི་ལ་བཀན་ཀྱ་ཁྲོན་ཟི་ཡང་ཟེར། བཀའ་མ་ལོག་གྲོང་བརྡལ་གྱི་ལྷོ་རྒྱུད་སྤྱི་ལེ་༡༠༧ གྱི་སར་ཡོད། སྤྱི་ལོ་༡༩༥ པ ལོར་རྒྱ་གཞུང་གིས་གཏོར་བཅོམ་བྱས། སྤྱི་ལོ་༡༩༨༤ ལོ་ནས་ཡུལ་མིས་སླར་བཞེངས་བྱས།

 

 

༢༩       མང་ལ་ཟི།

མང་ལ་ཟི་ནི་བཀའ་མ་ལོག་རྫོང་དུ་ཡོད།འདེབས་མཁན་དང་བཏབ་ལོ་སོགས་མི་གསལ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ལ་ཧོང་གྲོང་ཟི་ཡང་ཟེར། བཀའ་མ་ལོག་གྲོང་བརྡལ་གྱི་ལྷོ་རྒྱུད་སྤྱི་ལེ་༢༩ སར་ཡོད། ལུང་བླ་མ་ཚེ་རིང་བྱ་བས་འཛིན་ཁུར་བྱས། སྤྱི་ལོ་༡༩༦༧ ལོར་རྒྱ་གཞུང་གིས་དགོན་པ་གཏོར་བཅོམ་བྱས། སྤྱི་ལོ་༡༩༨༥ ལོར་ཡུལ་མིས་བསྐྱར་བཞེངས་བྱས།

 

 

 

༣༠      ཐེག་ཆེན་ཆོས་འཁོར་གླིང་།

ཐེག་ཆེན་ཆོས་འཁོར་གླིང་ནི་སྤྱི་ལོ་༡༦༩༡ལོར་བཀའ་མ་ལོག་རྫོང་དུ་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

 

འདི་ལ་ཀྲང་ཀྱ་དགོན་ཡང་ཟེར། བཀའ་མ་ལོག་གྲོང་བརྡལ་གྱི་ལྷོ་རྒྱུད་སྤྱི་ལེ་༦༢ ཀྱི་སར་ཡོད། ཐང་རིང་དགོན་པའི་དགོན་ལག་ཡིན། སྤྱི་ལོ་༡༩༦༦ ལོར་རྒྱ་གཞུང་གིས་དགོན་པ་གཏོར་བཅོམ་གྱིས་ཆོས་སྒོ་བརྒྱབ། སྤྱི་ལོ་༡༩༨༡ ལོར་ཡུལ་མིས་བསྐྱར་བཞེངས་བྱས།།

 

 

 

༣༡      སྐྱིད་ཞིང་ཟི།

སྐྱིད་ཞིང་ཟི་ནི་བཀའ་མ་ལོག་རྫོང་དུ་ཡོད།འདེབས་མཁན་དང་བཏབ་ལོ་སོགས་མི་གསལ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་བཀའ་མ་ལོག་གྲོང་བརྡལ་ལྷོ་ཤར་སྤྱི་ལེ་༤ ༥ སར་ཡོད། སྤྱི་ལོ་༡༩༥༨ལོར་དགོན་པ་གཏོར་བཅོམ་བྱས་པ་ནས་ད་བར་སླར་གསོ་བྱས་མེད།

 

༣༢         ཡོན་ཐུང་པོ་ཟི།

ཡོན་ཐུང་པོ་ཟི་ནི་བཀའ་མ་ལོག་རྫོང་དུ་ཡོད།འདེབས་མཁན་དང་བཏབ་ལོ་སོགས་གསལ་ཁ་མེད།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ལ་པ་ཏ་རི་བོའི་དགོན་ཡང་ཟེར། བཀའ་མ་ལོག་གྲོང་བརྡལ་ལྷོ་ཤར་སྤྱི་ལེ་༡༠༠ ཡི་སར་ཡོད། སྤྱི་ལོ་༡༩༦༧ ལོར་རྒྱ་གཞུང་གིས་དགོན་པ་གཏོར་བཅོམ་གྱིས་ཆོས་སྒོ་བརྒྱབ། སྤྱི་ལོ་༡༩༨༣ ལོར་ཡུལ་མིས་རང་འགུལ་གྱིས་བསྐྱར་གསོ་བྱས།

 

 

 

༣༣       སེང་གེ་རི་ཁྲོད།

སེང་གེ་རི་ཁྲོད་ནི་བཀའ་མ་ལོག་རྫོང་དུ་ཡོད།འདེབས་མཁན་དང་བཏབ་ལོ་སོགས་མི་གསལ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ཡང་བཀའ་མ་ལོག་གྲོང་བརྡལ་གྱི་ལྷོ་ཤར་སྤྱི་ལེ་༡༠༠ ཡི་སར་ཡོད། སྤྱི་ལོ་༡༨༩༥ ལོར་དམག་འཁྲུག་གིས་འཇིག སྤྱི་ལོ་༡༩༢༡ ལོར་སླར་གསོ་བྱས། སྤྱི་ལོ་༡༩༥༨ ལོའི་ཡར་སྔོན་འདུ་ཁང་གཅིག་ཀ་བར་༨ ཅན་དང་། གྲྭ་ཤག་ཁང་མིག་༡༩༡། བླ་སྤྲུལ་གཅིག གྲྭ་གྲངས་༦ ༠ ལྷག་ཡོད་པ་བཅས་ཡུལ་དུས་ལ་ལྟོས་པས་འགྲིག་ཙམ་ཡོད་འདུག་ཀྱང་། སྤྱི་ལོ་༡༩༥༨ ལོར་རྒྱ་གཞུང་གིས་དགོན་པ་གཏོར་བཅོམ་བཏང་ནས་ཆོས་སྒོ་བརྒྱབ། སྤྱི་ལོ་༡༩༨༣ ལོ་ནས་ཡུལ་མིས་སླར་གསོ་བྱས།

 

 

༣༤      དགའ་ལྡན་ལྷུན་གྲུབ་གླིང་

དགའ་ལྡན་ལྷུན་གྲུབ་གླིང་ནི་བཀའ་མ་ལོག་རྫོང་དུ་ཡོད།འདེབས་མཁན་དང་བཏབ་ལོ་སོགས་མི་གསལ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ལ་ཡུལ་མིས་ཏ་ཙི་གྲོང་ཟི་ཟེར། བཀའ་མ་ལོག་གྲོང་བརྡལ་གྱི་ལྷོ་ཤར་སྤྱི་ལེ་༡༠༠ ཡི་སར་ཡོད། ཁཱ་ཏི་ཁ་དགོན་པའི་དགོན་ལག་ཡིན། སྤྱི་ལོ་༡༩༥༧ ལོར་ཨེ་ཀི་ལིན་ཟི་དགོན་པ་དང་མཉམ་བསྲེས་བྱས། སྤྱི་ལོ་༡༩༥༨ ལོར་དགོན་པ་གཏོར་བཅོམ་བྱས། སྤྱི་ལོ་༡༩༨༡ ལོར་ཡུལ་མིས་བསྐྱར་བཞེངས་བྱས།

 

༣༥       ཨེ་ཀི་ཟིན་ཟི།

ཨེ་ཀི་ཟིན་ཟི་ནི་བཀའ་མ་ལོག་རྫོང་དུ་ཡོད།འདེབས་མཁན་དང་བཏབ་ལོ་སོགས་མི་གསལ།ཆོས་རྒྱུད་དགེ་ལུགས་ཡིན།

བཀའ་མ་ལོག་གྲོང་བརྡལ་གྱི་ཤར་རྒྱུད་སྤྱི་ལེ་༤ ༥ སར་ཡོད། སྤྱི་ལོ་༡༩༥༧ལོར་ཏ་ཙི་གྲོང་དགོན་པ་དང་མཉམ་བསྲེས་བྱས། སྤྱི་ལོ་༡༩༥༨ ལོར་རྒྱས་ཆོས་སྒོ་བརྒྱབ། ད་ལྟ་བསྐྱར་བཞེངས་བྱས་ཡོད་མེད་མ་ཤེས།

 

 

 

༣༦      མདོ་བ་དགོན་དགའ་ལྡན་ཆོས་འཁོར་གླིང་།

མདོ་བ་དགོན་དགའ་ལྡན་ཆོས་འཁོར་གླིང་ནི་སྤྱི་ལོ་༡༦༦༣།༡༧༢༡བར་བཀའ་མ་ལོག་རྫོང་དུ་ཐང་རིང་དགོན་རྒྱལ་བ་བླ་མས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་བཀའ་མ་ལོག་གྲོང་བརྡལ་གྱི་ལྷོ་ཤར་སྤྱི་ལེ་༡༠༠ མཚམས་སུ་ཡོད།ཐང་རིང་དགོན་པའི་དགོན་ལག་ཡིན། ཨན་མཁན་པོས་དགོན་པ་སྐྱོང་ཁུར་བྱས།སྤྱི་ལོ་༡༩༥༨ ལོའི་ཡར་སྔོན་དགོན་པར་གྲྭ་ཤག་ཁང་མིག་༣༤༡ ཡོད། སྤྱི་ལོ་༡༩༦༢ལོར་རྒྱ་གཞུང་གིས་དགོན་པ་གཏོར་ཏེ་ཆོས་སྒོ་བརྒྱབ། སྤྱི་ལོ་༡༩༨༢ ལོ་ནས་ཡུལ་

མིས་བསྐྱར་བཞེངས་བྱས།

 

 

 

༣༧   བཀྲ་ཤིས་ཆོས་འཁོར་གླིང་།

བཀྲ་ཤིས་ཆོས་འཁོར་གླིང་ནི་སྤྱི་ལོ་༡༤༠༣།༡༤༢༥བར་བཀའ་མ་ལོག་རྫོང་དུ་ཆོ་བླ་མས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ལ་འཕགས་པ་ཟི་ཡང་ཟེར། བཀའ་མ་ལོག་གྲོང་བརྡལ་གྱི་ལྷོ་རྒྱུད་སྤྱི་ལེ་༣༡ སར་ཡོད། ཐང་རིང་དགོན་གྱི་དགོན་ལག་ཡིན། སྤྱི་ལོ་༡༧༣༣ ལོའི་ཆུ་ཡོས་དུས་འཁྲུག་སྐབས་དགོན་པ་ཆིན་དམག་གིས་གཏོར་བཅོམ་བཏང་། སྤྱི་ལོ་༡༩༡༨ ལོར་ལྷ་ཁང་ཀ་བར་༢༠ བསྐྱར་བཞེངས་བྱས། སྤྱི་ལོ་༡༩༦༧ ལོར་རྒྱ་གཞུང་གིས་ཆོས་

སྒོ་བརྒྱབ། ད་ལྟ་ཉམས་གསོ་བྱས་ཡོད་སྐད་མ་ཐོས།

 

༣༨    ཕན་ལུང་ཟི།

ཕན་ལུང་ཟི་ནི་སྤྱི་ལོ་༡༩༠༠ཡས་མས་སུ་བཀའ་མ་ལོག་རྫོང་དུ་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་བཀའ་མ་ལོག་གྲོང་བརྡལ་གྱི་ཤར་ལྷོའི་སྤྱི་ལེ་༡༩ སར་ཡོད། སྤྱི་ལོ་༡༩༥༨ལོར་རྒྱས་གཏོར་བཅོམ་བྱས་པ་ནས་ད་བར་སླར་གསོ་བྱས་མེད།།

 

 

༣༩    ལུང་ཆོན་ཟི།

ལུང་ཆོན་ཟི་ནི་སྤྱི་ལོ་༡༨༢༡།༡༨༥༠བར་བཀའ་མ་ལོག་རྫོང་དུ་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ལ་དཔའ་ཡོན་ཟི་ཡང་ཟེར། བཀའ་མ་ལོག་གྲོང་བརྡལ་གྱི་ལྷོ་རྒྱུད་སྤྱི་ལེ་ཞཞ ཀྱི་སར་ཡོད། སྤྱི་ལོ་༡༩༥༨ ལོར་རྒྱས་གཏོར་བཅོམ་བྱས་པ་ནས་ད་བར་སླར་གསོ་བྱས་མེད།

 

 

 

༤༠     ཀྲའོ་ཀྱ་ཟི།

ཀྲའོ་ཀྱ་ཟི་ནི་སྤྱི་ལོ་༡༦༦༢།༡༧༢༢བར་བཀའ་མ་ལོག་རྫོང་དུ་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ལ་པོ་ཨན་ཟི་ཡང་ཟེར། བཀའ་མ་ལོག་གྲོང་བརྡལ་གྱི་ཤར་ལྷོའི་སྤྱི་ལེ་༣༦ སར་ཡོད། སྤྱི་ལོ་༡༨༩༥ ལོར་རྒྱ་དམག་གིས་གཏོར་བཅོམ་བཏང༌། ཕྱིས་སླར་གསོ་བྱས་ཀྱང་སྤྱི་ལོ་༡༩༥༨ ལོར་རྒྱ་གཞུང་གིས་གཏོར་བཤིག་བཏང༌། སྤྱི་ལོ་༡༩༨༦ལོར་ཡུལ་མིས་རང་འགུལ་གྱིས་འདུ་ཁང་བསྐྱར་བཞེངས་བྱས།

 

 

 

༤༡        ཀོང་ཇོ་ཟི།

ཀོང་ཇོ་ཟི་ནི་སྤྱི་ལོ་༡༨༧༤ལོར་བཀའ་མ་ལོག་རྫོང་དུ་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ལ་ཀོང་ཅི་ཟི་ཡང་ཟེར། བཀའ་མ་ལོག་གྲོང་བརྡལ་གྱི་ཤར་ལྷོའི་སྤྱི་ལེ་༣༢ སར་ཡོད། ལེན་དཔའི་ཟི་ཡི་དགོན་ལག་ཡིན། སྤྱི་ལོ་༡༩༥༨ ལོར་རྒྱ་གཞུང་གིས་དགོན་པ་གཏོར་བཅོམ་གྱིས་ཆོས་སྒོ་བརྒྱབ། སྤྱི་ལོ་༡༩༧༦ ལོར་ཡུལ་མིས་རང་འགུལ་ངང་འདུ་ཁང་སླར་གསོ་བྱས།

 

 

 

༤༢      ཟན་ཀྱ་ཟི།

ཟན་ཀྱ་ཟི་ནི་སྤྱི་ལོ་༡༧༣༦།༡༨༥༠བར་བཀའ་མ་ལོག་རྫོང་དུ་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་བཀའ་མ་ལོག་གྲོང་བརྡལ་གྱི་ཤར་ལྷོའི་སྤྱི་ལེ་༣༠ སར་ཡོད། ཐང་རིང་དགོན་པའི་དགོན་ལག་ཡིན། སྤྱི་ལོ་༡༩༥༨ ལོའི་ཡར་སྔོན་སྐལ་བཟང་ཐུབ་བསྟན་ཉི་མ་བྱ་བའི་བླ་མ་གཅིག་བཞུགས་ཀྱང༌། སྤྱི་ལོ་༡༩༥༨ ལོར་རྒྱ་གཞུང་གིས་དགོན་པ་བཤིག་སྟེ་ཆོས་སྒོ་བརྒྱབ་ཅིང་། སྤྱི་ལོ་༡༩༨༤ ལོར་ཡུལ་མིས་རང་འགུལ་གྱིས་དགོན་

པ་བསྐྱར་གསོ་བྱས་ཡོད་ཚོད་ཀྱང་། སྐྱོང་ཁུར་བྱེད་མཁན་གྱི་བླ་སྤྲུལ་འདྲ་ཡོད་མེད་མ་ཤེས།

 

 

 

༤༣      ཧ་ཀྱི་ཟི།

ཧ་ཀྱི་ཟི་ནི་སྤྱི་ལོ་༡༦ ༦༢།༡༧༢༢ བར་བཀའ་མ་ལོག་རྫོང་དུ་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ལ་ཁེ་དཔའ་ཟི་ཡང་ཟེར། བཀའ་མ་ལོག་གྲོང་བརྡལ་གྱི་ཤར་རྒྱུད་སྤྱི་ལེ་༣༥ སར་ཡོད། དགོན་འདི་ཐང་རིང་དགོན་པའི་དགོན་ལག་ཡིན། སྤྱི་ལོ་༡༩༥༨ལོར་རྒྱ་གཞུང་གིས་དགོན་པ་བཤིག་སྟེ་ཆོས་སྒོ་བརྒྱབ། སྤྱི་ལོ་༡༩༨༡ ལོར་ཡུལ་མིས་དང་བླང་གིས་འདུ་ཁང་བསྐྱར་བཞེངས་བྱས།

 

 

 

༤༤  ཝུའུ་ཀྱ་ཟི།

ཝུའུ་ཀྱ་ཟི་སྤྱི་ལོ་༡༦༦༢།༡༧༢༢ བར་བཀའ་མ་ལོག་རྫོང་དུ་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ལ་པེ་ཝུའུ་ཀྱ་ཟི་ཡང་ཟེར། བཀའ་མ་ལོག་གྲོང་བརྡལ་གྱི་ཤར་ལྷོའི་སྤྱི་ལེ་༢༥ སར་ཡོད། སྤྱི་ལོ་༡༩༥༨ ལོར་རྒྱས་དགོན་པ་བཤིག་སྟེ་ཆོས་སྒོ་བརྒྱབ། སྤྱི་ལོ་༡༩༨༣ ལོར་ཡུལ་མིས་རང་འགུལ་གྱིས་འདུ་ཁང་བསྐྱར་བཞེངས་བྱས།

 

 

༤༥    ཧོང་ཐན་ཟི།

ཧོང་ཐབ་ཟི་ནི་སྤྱི་༡༨༦༢བཀའ་མ་ལོག་རྫོང་དུ་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ལ་ལིའི་ཅ་ཟི་ཡང་ཟེར། བཀའ་མ་ལོག་གྲོང་བརྡལ་གྱི་ཤར་ལྷོའི་སྤྱི་ལེ་༡༩ སར་ཡོད། བ་ཇོའི་དགོན་བསྟན་པ་དར་རྒྱས་གླིང་གི་དགོན་ལག་ཡིན། སྤྱི་ལོ་༡༩༥༨ ལོར་རྒྱས་དགོན་པ་གཏོར་བཅོམ་གྱིས་ཆོས་སྒོ་བརྒྱབ། སྤྱི་ལོ་༡༩༨༨ ལོར་ཡུལ་མིས་རང་འགུལ་གྱིས་འདུ་ཁང་བསྐྱར་བཞེངས་བྱས།

 

 

 

༤༦     ཐིས་ཀྱི་ཟི།

ཐིས་ཀྱི་ཟི་ནི་སྤྱི་ལོ༡༧༣༦ །༡༨༥༠ བར་བཀའ་མ་ལོག་རྫོང་དུ་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

 

འདི་བཀའ་མ་ལོག་གྲོང་བརྡལ་གྱི་ཤར་ལྷོའི་སྤྱི་ལེ་༢༧ སར་ཡོད། བ་ཇོའི་དགོན་གྱི་དགོན་ལག་ཡིན། སྤྱི་ལོ་༡༩༥༨ ལོར་རྒྱས་དགོན་པ་གཏོར་བཅོམ་གྱིས་ཆོས་སྒོ་བརྒྱབ། སྤྱི་ལོ་༡༩༨༦ ལོར་ཡུལ་མིས་རང་འགུལ་གྱིས་བསྐྱར་བཞེངས་བྱས།

 

 

 

༤༧     རྒྱ་སྐྱིད་དགོན་བཀྲ་ཤིས་ཆོས་གླིང་།

རྒྱ་སྐྱིད་དགོན་བཀྲ་ཤིས་ཆོས་གླིང་ནི་སྤྱི་ལོ༡༩༢་ལོ་བཀའ་མ་ལོག་རྫོང་དུ་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་བཀའ་མ་ལོག་གྲོང་བརྡལ་གྱི་ཤར་ལྷོའི་སྤྱི་ལེ་༣༤ སར་ཡོད། བ་ཇོའི་དགོན་པའི་དགོན་ལག་ཡིན། སྤྱི་ལོ་༡༩༥༨ ལོར་རྒྱ་གཞུང་གིས་དགོན་པ་བཤིག་སྟེ་ཆོས་སྒོ་བརྒྱབ། སྤྱི་ལོ་༡༩༨༡ ལོར་ཡུལ་མིས་དང་བླང་གིས་འདུ་ཁང་སོགས་བསྐྱར་བཞེངས་བྱས།

 

 

 

༤༨    སུའུ་ཧུའུ་ཟི།

སུའུ་ཧུའུ་ཟི་ནི་སྤྱི་ལོ་༡༦༦༢།༡༧༢༢ བར་བཀའ་མ་ལོག་རྫོང་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

 

འདི་བཀའ་མ་ལོག་གྲོང་བརྡལ་གྱི་ནུབ་སྤྱི་ལེ་༨ ཀྱི་མཚམས་སུ་ཡོད། སྤྱི་ལོ་༡༩༦༧ ལོར་རྒྱས་དགོན་པ་བཤིག་སྟེ་ཆོས་སྒོ་བརྒྱབ། སྤྱི་ལོ་༡༩༨༥ ལོར་བསྐྱར་བཞེངས་བྱས་འདུག་ཀྱང་། དགོན་པར་སྡོད་མཁན་གྲྭ་གྲངས་གཅིག་ཀྱང་མེད་པར་བཤད།

 

 

 

༤༩     ཀོང་ལུང་ཟི།

ཀོང་ལུང་ཟི་ནི་སྤྱི་ལོ་༡༤ ༠༣།༡༤ ༢༥ བར་བཀའ་མ་ལོག་རྫོང་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

 

འདི་བཀའ་མ་ལོག་གྲོང་བརྡལ་གྱི་བྱང་གི་སྤྱི་ལེ་བ།༤ སར་ཡོད། ལེན་དཔའ་དགོན་ལག་ཡིན། སྤྱི་ལོ་༡༧༢༣ ལོར་ཆིན་དམག་གིས་གཏོར་བཅོམ་བཏང། ས་གནས་ཡུལ་མི་ཚོས་སྦྱིན་བདག་བྱས་ཏེ་སླར་གསོ་བྱས། སྤྱི་ལོ་༡༨༩༥ ལོར་སླར་ཡང་གཏོར་བཅོམ་བཏང༌། སྤྱི་ལོ་༡༩༢༧ ལོར་ཡུལ་དཔོན་གྱིས་སྦྱིན་བདག་ལྟ་བ་ཁུར་ཏེ་སླར་གསོ་བྱས་ཀྱང་། སྤྱི་ལོ་༡༩༦༦ ལོར་རྒྱ་གཞུང་གིས་དགོན་པ་བཤིག སྤྱི་ལོ་༡༩༨༢ ལོར་ཡུལ་མིས་བསྐྱར་བཞེངས་བྱས།

 

 

 

༥༠      ཧིན་ཐན་ཟི།

ཧིན་ཐན་ཟི་ནི་སྤྱི་ལོ་༡༤ ༠༣།༡༤ ༢༥ བར་བཀའ་མ་ལོག་རྫོང་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ལ་ལུང་ཧྲན་ཟི་ཡང་ཟེར། བཀའ་མ་ལོག་གྲོང་བབརྡལ་གྱི་ཤར་བྱང་སྤྱི་ལེ་༢།། སར་ཡོད། ལེན་དཔའ་ཐེ་དགའ་ལྡན་གནས་བཅུ་འཕེལ་རྒྱས་གླིང་གི་དགོན་ལག་ཡིན། སྤྱི་ལོ་༡༩༢༦ ལོར་ཁ་ཆེ་མཱ་པུའུ་ཧྥང་ཇག་དམག་སྒར་གྱི་དམག་ཆས་མེ་རྫས་མཛོད་ཁང་ལ་མེ་ཁང་ལ་མེ་སྐྱོན་ཤོར་བའི་ཞོར་ལ་དགོན་པ་གཏོར་བཅོམ་བྱས་པས་ཧིན་ཐན་ལྷ་ཁང་དུ་གནས་སྤོས་བྱས། སྤྱི་ལོ་༡༩༥༨ ལོར་ཆོས་སྒོ་བརྒྱབ། སྤྱི་ལོ་༡༩༨༣ལོར་ས་གནས་མང་ཚོགས་རང་འགུལ་གྱིས་འདུ་ཁང་བསྐྱར་བཞེངས་བྱས། །

 

 

 

༥༢     ཟི་ན་ཟི།

ཟི་ན་ཟི་ནི་སྤྱི་ལོ་༡༤ ༠༣།༡༤༢༥ བར་བཀའ་མ་ལོག་རྫོང་དུ་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་བཀའ་མ་ལོག་གྲོང་བརྡལ་གྱི་ནུབ་ལྷོའི་སྤྱི་ལེ་༤།༡ གི་སར་ཡོད།ལེན་དཔའ་ཐེ་དགའ་ལྡན་གནས་བཅུ་འཕེལ་རྒྱས་གླིང་གི་དགོན་ལག་ཡིན། སྤྱི་ལོ་༡༨༩༥ ལོར་ཆིན་དམག་གིས་དགོན་པར་གཏོར་སྐྱོན་ཐེབས། སྤྱི་ལོ་༡༩༥༨ ལོར་རྒྱ་གཞུང་གིས་ཆོས་སྒོ་བརྒྱབ། སྤྱི་ལོ་༡༩༨༣ ལོར་ཡུལ་མིས་རང་འགུལ་གྱིས་འདུ་ཁང་དང་གྲྭ་ཤག་བཅས་གསར་བཞེངས་བྱས།

 

 

 

༥༣     ཧྲུལ་ཅ་ཧྥ་ཟི།

ཧྲུལ་ཅ་ཧྥ་ཟི་ནི་སྤྱི་ལོ་༡༩༨༧ལོར་བཀའ་མ་ལོག་རྫོང་དུ་ཧྲི་དཔུང་དཔའ་ཡིས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ལ་ཧྲི་ཀྱའི་མཆོད་ཁང་ཡང་ཟེར། བཀའ་མ་ལོག་གྲོང་རྡལ་གྱི་ཤར་རྒྱུད་སྤྱི་ལེ་༤ སར་ཡོད།། སྤྱི་ལོ་༡༩༨༧ ལོར་ཁུལ་འདིར་ཞིང་བ་ཧྲི་དཔུང་དཔའ་ཞེས་པའི་མ་རྩ་བསྡུས་ནས་རང་གི་སྡོད་ཁང་གི་སྟེང་ཞོལ་དུ་དགེ་ལུགས་པའི་ལྷ་ཁང་གཅིག་བཞེངས།

༥༤     ཞང་ཧྲུའུ་ཇི།

ཞང་ཧྲུའུ་ཇི་ནི་སྤྱི་ལོ་༡༦ ༦༢།༡༧༢༢ བར་བཀའ་མ་ལོག་རྫོང་དུ་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

 

འདི་བཀའ་མ་ལོག་གྲོང་བརྡལ་གྱི་ཤར་ལྷོའི་སྤྱི་ལེ་༡༡།༥ སར་ཡོད། ལེན་དཔའ་ཐེ་དགའ་ལྡན་གནས་བཅུ་འཕེལ་རྒྱས་གླིང་གི་དགོན་ལག་ཡིན། སྤྱི་ལོ་༡༩༥༨ལོར་རྒྱ་གཞུང་གིས་དགོན་པ་བཤིག་སྟེ་ཆོས་སྒོ་བརྒྱབ། སྤྱི་ལོ་༡༩༨༦ ལོར་ཡུལ་མིས་རང་འགུལ་ངང་འདུ་ཁང་དང་གྲྭ་ཤག་སོགས་བཞེངས།

 

 

 

༥༥     མཐུན་སྒྲིལ་ཟི།

མཐུན་སྒྲིལ་ཟི་ནི་སྤྱི་ལོ་༡༤ ༠༣།༡༤ ༢༥ བར་བཀའ་མ་ལོག་རྫོང་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

 

འདི་བཀའ་མ་ལོག་གྲོང་བརྡལ་གྱི་ཤར་རྒྱུད་སྤྱི་ལེ་༨ ཀྱི་སར་ཡོད། ལེན་དཔའ་ཐེ་དགོན་པའི་དགོན་ལག་ཡིན། སྤྱི་ལོ་༡༩༥༢ ལོར་དགོན་པ་སླར་གསོ་ཐེངས་གཅིག་བྱས། སྤྱི་ལོ་༡༩༥༨ ལོར་རྒྱ་གཞུང་གིས་དགོན་པ་བཤིག་སྟེ་ཆོས་སྒོ་བརྒྱབ།སྤྱི་ལོ་༡༩༨༣ ལོར་ཡུལ་མིས་འདུ་ཁང་དང་གྲྭ་ཤག་གསར་བསྐྲུན་བྱས།

 

 

 

༥༦    ཀོའུ་ཀོའུ་ཟི།

ཀོང་ཀོའུ་ཟི་ནི་སྤྱི་ལོ༡༦༦༢།༡༧ ༢༢ བར་བཀའ་མ་ལོག་རྫོང་ཕྱག་བཏབ།ཆསོ་རྒྱུད་དགེ་ལུགས་ཡིན།

 

འདི་བཀའ་མ་ལོག་གྲོང་བརྡལ་ནུབ་བྱང་གི་སྤྱི་ལེ་༡༥ ཡི་སར་ཡོད། ལེན་དཔའ་ཐེ་དགོན་པའི་དགོན་ལག་ཡིན། སྤྱི་ལོ་༡༩༦༧ ལོར་རྒྱ་གཞུང་གིས་དགོན་པ་གཏོར་བཅོམ་བཏང་། སྤྱི་ལོ་༡༩༨༣ ལོར་མང་ཚོགས་རང་འགུལ་གྱིས་འདུ་ཁང་དང་གྲྭ་ཤག་སོགས་བསྐྱར་བཞེངས་བྱས།

༥༧     ཀྲུང་ཚི་ཀུའུ་ཟི།

ཀྲུང་ཚི་ཀུའུ་ཟི་ནི་སྤྱི་ལོ་༡༩༡༦ལོར་བཀའ་མ་ལོག་རྫོང་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

 

འདི་བཀའ་མ་ལོག་གྲོང་རྡལ་གྱི་ནུབ་བྱང་སྤྱི་ལེ་༡༧།༥ སར་ཡོད། ལེན་དཔའ་དགོན་པའི་དགོན་ལག་ཡིན། སྤྱི་ལོ་༡༩༥༨ ལོར་རྒྱ་གཞུང་གིས་ཆོས་སྒོ་བརྒྱབ། ད་ལྟའང་སྔར་གྱི་འདུ་ཁང་གི་སྒྲོམ་གཞི་ལྷག་ལུས་བྱུང་ཡོད་ཀྱང་། དགོན་ནང་དུ་སྡོད་མཁན་གྱི་གྲྭ་གྲངས་སུ་ཡང་མེད་ཟེར།

About རྩོམ་སྒྲིག་པ།