༄༅། །ལང་ཇུ་སྡེ་བཞིའི་ཁུལ་དུ་བྱུང་བའི་བོད་ཀྱི་དགོན་སྡེ་ཁག

༡    ལྷོ་བ་རི་ཁྲོད།།

ལྷོ་བ་རི་ཁྲོད་ནི་ལང་ཇུའི་ཁོངས་སུ་ཡོད།འདེབས་མཁན་དང་བཏབ་ལོ་སོགས་མི་གསལ།ཆོས་རྒྱུད་དགེ་ལུགས་ཡིན།

རྒྱ་རྣམས་ཀྱིས་འདི་ལ་ཆན་ཕང་ཟི་ཟེར། འདི་ཁུལ་དུ་ཨོ་རྒྱན་གྱི་སྒྲུབ་ཁང་དུ་གྲགས་པ་དང་། དེ་ཉིད་གཤེགས་བཞུགས་མཛད་པའི་ཤུལ་ཡིན་ཟེར་བ་སོགས་ངག་རྒྱུན་ཚན་ཚོགས་ཅན་གྱི་ལྷ་ཁང་དང་སྐུ་བརྙན་མང་བོ་ཡོད་པར་བཤད།

 

 

༢     ཀརྨ་རི་ཁྲོད།

ཀརྨ་རི་ཁྲོད་ནི་སྤྱི་ལོ་༡༧༤༧ལོར་ལང་ཇུའི་ཁོངས་སུ་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

ཀྱི་འདི་སྔར་གྱི་དགོན་རྙིང་ཞིག་ཡིན་ལ། སྤྱི་ལོའི་དུས་རབས་བཅུ་གསུམ་པའི་ནང་ཀརྨ་བ་འདི་ཕྱོགས་སུ་བྱོན་པ་ནས་ཀརྨའི་བླ་མ་དག་གིས་བཟུང་མཛད་ནས་མི་རབས་ཁ་ཤས་སོང་བས་ཀརྨ་རི་ཁྲོད་དུ་གྲགས་པ་བྱུང་། གནའ་དུས་འདིར་རྣམ་འབྱོར་བ་བཞིས་སྒོམ་སྒྲུབ་བྱས་པས་གསུམ་ནམ་མཁར་འཕུར་ཅིང༌། གཅིག་འཕུར་

མ་ཐུབ་པར་བྲག་ལ་བབ་ཚུལ་སོགས་གསལ། ད་ལྟའི་གནས་སྟངས་མ་ཤེས།

 

 

༣     གྲོ་ཚང་རི་ཁྲོད།

གྲོ་ཚང་རི་ཁྲོད་ནི་ལང་ཇུའི་ཁོངས་སུ་ཡོད།ཆོས་རྒྱུད་དགེ་ལུགས་ཡིན།

རྒྱ་རྣམས་ཀྱིས་འདི་ལ་ཤང་ཕད་ཟི་ཟེར། འདིར་གྲོ་ཚང་བྲག་སྐུ་ཕྲེང་གསུམ་གྱི་གདུང་རྟེན་དང་། དུས་གསུམ་སངས་རྒྱས་ཀྱི་སྐུ་བརྙན་བཞུགས་པ་སོགས་ཡོད།ལོ་རྒྱུས་གཞན་མི་གསལ། ད་ལྟའི་གནས་སྟངས་མ་ཤེས། པོ་ ཀ་

 

 

 

༤     བཀྲ་ཤིས་ཆོས་གླིང་།

བཀྲ་ཤིས་ཆོས་གླིང་ནི་ཀན་གྲུའུ་ཁོངས་སུ་ཧོར་སྒོམ་པས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

 

འདི་ཉིད་བོད་དགོན་ཞིག་ཡིན་འདུག་ཀྱང་། མདོ་སྨད་ཆོས་འབྱུང་དུ་མིང་ཙམ་ལས་མ་བྱུང༌། སྒོམ་གྲྭ་འཇིག་ཤུལ་གྱི་ཉེ་ལོགས་ཤིག་ཏུ་ཡོད་པར་སྣང༌། ལོ་རྒྱུས་གཞན་མ་རྙེད། ད་ལྟའི་གནས་སྟངས་མ་ཤེས།

 

 

༥    ལྷོ་བ་ནང་སོའི་ལྷ་ཁང་།

ལྷོ་བ་ནད་སོའི་ལྷ་ཁང་ནི་ཀན་གྲུའུ་ཁོངས་སུ་ལྷོ་བ་ནང་སོས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ཉིད་བོད་དགོན་ཡིན་ཞིང་། མདོ་སྨད་ཆོས་འབྱུང་དུ་མིང་ཙམ་ལས་མ་བྱུང་། སྒོམ་གྲྭ་འཇིག་ཤུལ་གྱི་ཉེ་ལོགས་ཤིག་ཏུ་ཡོད་པར་སྣང་། ལོ་རྒྱུས་གཞན་མ་རྙེད། ད་ལྟའི་གནས་སྟངས་མ་ཤེས།།

 

 

༦    ཀོ་ཀྱ་ཞབས་དྲུང་གི་ལྷ་ཁང་།

ཀོ་ཀྱ་ཞབས་དྲུང་གི་ལྷ་ཁང་ནི་ཀན་གྲུའུ་ཁོངས་སུ་ཀོ་ཀྱ་ཞབས་དྲུང་ནས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ཉིད་ཀྱང་བོད་དགོན་ཡིན་ཞིང་། མདོ་སྨད་ཆོས་འབྱུང་དུ་མིང་ཙམ་ལས་མ་བྱུང་། སྒོམ་གྲྭ་འཇིག་ཤུལ་གྱི་ཉེ་ལོགས་ཤིག་ཏུ་ཡོད་པར་སྣང་། ལོ་རྒྱུས་གཞན་མ་རྙེད། ད་ལྟའི་གནས་སྟངས་མ་ཤེས། །

 

 

༧    ཧས་ཟི་རི་ཁྲོད།

ཧས་ཟི་རི་ཁྲོད་ནི་ཀན་གྲུའུ་ཁོངས་སུ་ཡོད།ཆོས་རྒྱུད་དགེ་ལུགས་ཡིན།

མདོ་སྨད་ཆོས་འབྱུང་དུ་མིང་ཙམ་ལས་མ་བྱུང༌། སུས་བཏབ་སོགས་ལོ་རྒྱུས་གཞན་མ་རྙེད། ད་ལྟའི་གནས་སྟངས་མ་ཤེས།

 

 

༨   ལུང་སྐྱ་དགོན་པ།

ལུང་སྐྱ་དགོན་ནི་ཀན་གྲུའུ་ཁོངས་སུ་འགུ་ཞབས་དྲུང་ནས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་འདེབས་པོ་འགུ་ཞབས་དྲུང་ནི་དཔའ་རིས་འགུའི་རུས་རྒྱུད་དུ་བྱོན་པའི་མཁས་པ་ཞིག་ལ། ལོ་རྒྱུས་རྒྱས་པ་དཔའ་རིས་ལོ་རྒྱུས་དཀྱུས་སུ་བྲིས་ཡོད། འདི་ཉིད་བྱུང་ཚ་ཞབས་དྲུང༌། རོང་འགད་ཞབས་དྲུང་སོགས་རིམ་བྱོན་གྱིས་བསྐྱངས།ལོ་རྒྱུས་གཞན་མ་རྙེད། ད་ལྟའི་གནས་སྟངས་མ་ཤེས།

 

 

༩     བེ་རིན་རི་ཁྲོད།

བེ་རིན་རི་ཁྲོད་ནི་ཀན་གྲུའུ་ཁོངས་སུ་ཆོས་རྗེ་ངག་དབང་བློ་བཟང་ནས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ཉིད་ཆོས་རྗེ་ངག་དབང་བློ་བཟང་གིས་བཏབ་ཅིང་། ཡིལ་གེར་ཞབས་དྲུང་སྐུ་ཕྲེང་རིམ་བྱོན་གྱིས་བསྐྱངས། ལོ་རྒྱུས་གཞན་མ་རྙེད། ད་ལྟའི་གནས་སྟངས་མ་ཤེས།།

 

 

༡༠    བླན་ཕོ་ལུང་གི་སྒྲུབ་སྡེ།།

བླན་ཕོ་ལུང་གི་སྒྲུབ་སྡེ་ནི་ཀན་གྲུའུ་ཁོངས་སུ་དཀའ་བཅུ་ཤེས་རབ་ནས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ཉིད་དཀའ་བཅུ་ཤེས་རབ་བྱ་བ་ཞིག་གིས་བཏབ་པའི་སྒྲུབ་སྡེ་ཞིག་ཡིན་འདུག་ཀྱང་། ལོ་རྒྱུས་གཞན་མ་རྙེད། ད་ལྟའི་གནས་སྟངས་མ་ཤེས།

 

 

༡༡    སྨན་ཆུ་དགོན།

སྨན་ཆུ་དགོན་ནི་ཀན་གྲུའུ་ཁོངས་སུ་སྨོན་ནེ་བླ་མས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདིར་སྨོན་ནེ་བླ་མ་དང༌། བཟང་རིན་ཞབས་དྲུང་། ཡིལ་གེར་ཞབས་དྲུང་བཅས་ཀྱི་སྤྲུལ་སྐུ་རྣམས་བཞུགས། ལོ་རྒྱུས་གཞན་མ་རྙེད། ད་ལྟའི་གནས་སྟངས་མ་ཤེས།

 

 

༡༢     ལུང་སེར་རི་ཁྲོད།

ལུང་སེར་རི་ཁྲོད་ནི་ཀན་གྲུའུ་ཁོངས་སུ་བཏབ།འདེབས་མཁན་དང་བཏབ་ལོ་སོགས་མི་གསལ།

མདོ་སྨད་ཆོས་འབྱུང་དུ་འདིའི་མིང་ཙམ་ལས་མ་བྱུང་ལ། ལོ་རྒྱུས་གཞན་ཡང་མ་རྙེད། ད་ལྟའི་གནས་སྟངས་མ་ཤེས།།

 

 

༡༣     ཧོ་ཡོར་ཨེ་ཁིའི་རི་ཁྲོད།

ཧོ་ཡོར་ཨེ་ཁིའི་རི་ཁྲོད་ནི་ཀན་གྲུའུ་ཁོངས་སུ་བཏབ་ཡོད།འདེབས་མཁན་དང་བཏབ་ལོ་སོགས་མི་གསལ།ཆོས་རྒྱུད་དགེ་ལུགས་ཡིན།

མདོ་སྨད་ཆོས་འབྱུང་དུ་འདིའི་མིང་ཙམ་ལས་མ་བྱུང་ལ། ལོ་རྒྱུས་གཞན་ཡང་མ་རྙེད། ད་ལྟའི་གནས་སྟངས་

 

 

༡༤    རྟ་མགོ་དགོན།

རྟ་མགོ་དགོན་ནི་ཀན་གྲུའུ་ཁོངས་སུ་སོ་ཀྱ་བླ་མས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

མདོ་སྨད་ཆོས་འབྱུང་དུ་འདིའི་མིང་ཙམ་ལས་མ་བྱུང་ལ། ལོ་རྒྱུས་གཞན་ཡང་མ་རྙེད། ད་ལྟའི་གནས་སྟངས་མ་ཤེས། དགོན་སྡེ་ཕྱི་མ་འདི་གསུམ་གྱི་མཆོད་གཞིས་སུ། ཡིལ་གེར་ཚོ་བ་དང༌། རོང་འགང་ཚོ་བ་བརྒྱ་དང་ལྔའི་དཔོན་འབངས་རྒྱ་ཆེ་ཞེས་མདོ་སྨད་ཆོས་འབྱུང་དུ་གསུངས། ལོ་རྒྱུས་གཞན་མ་རྙེད། ད་དུང་འདི་

ཕྱོགས་སུ་བོད་ཀྱི་དགོན་སྡེ་དང་རི་ཁྲོད་མང་བོ་ཡོད་པར་གསུངས་པ་ཙམ་ལས་མིང་ཙམ་ཡང་མ་བྱུང་སྟབས། འདིར་འགོད་པའི་རེ་བ་མ་བྱུང༌།

 

 

༡༥    མ་ཐིས་དགོན། །

མ་ཐིས་དགོན་ནི་ཀན་གྲུའུ་ཁོངས་སུ་ཁྱུང་ཚ་དགེ་བཤེས་རབ་བརྟན་ནས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདིའི་དགོན་མིང་དངོས་ལ་བོད་དགོན་དགའ་ལྡན་དམ་ཆོས་གླིང་དུ་འབོད། ཀན་གྲུའུ་མཁར་ནས་ཉིན་ལམ་ཙམ་གྱི་ས་ན་གཡུ་ཡི་སྒྲོལ་མ་རང་ང་བྱོན་དུ་གྲགས་པ་དང་། དེའི་གཡས་ཟུར་དུ་མ་་མ་ཐོས་སམ་མ་ཐེལ་དགོན་པ་དགོན་འདི་ཉིད་ཡོད་འདུག

འདི་གླིང་གེ་སར་གྱི་རྟའི་རྨིག་རྗེས་བྲག་ལ་ཕབ་པས་རྟ་རྗེས་དགོན་དང་། རྗེ་ས་པཎ་བྱོན་སྐབས་རྡོ་འོག་ནས་ཐེལ་ཙེ་ཞིག་རྙེད་པའི་ངོས་སུ་མ་ཡིག་ཞིག་གསལ་བ་ལ་བརྟེན་ནས། མ་ཐེལ་དགོན་ཟེར་རྒྱུ་ལ། ཕྱིས་རྒྱལ་རྣམས་ཀྱིས་མ་ཐེལ་ཞེས་པ་རྒྱ་སྐད་ཀྱི་རྟ་རྗེས་ལ་གོ་ནས་མ་ཐིས་ཟིར་འབོད་པ་བྱུང་ཚུལ་སོགས་བཤད་ཚུལ་དུ་མ་སྣང་།ཁྱུང་ཚ་དགེ་བཤེས་སྐུ་ཕྲེང་གིས་བསྐྱངས། ཚོགས་ཆེན་དང་རྒྱུད་པ་གྲྭ་ཚང་གཉིས་ཡོད་ཅིང༌། བདེ་རྒུ་ཞབས་དྲུང་ངག་དབང་དགེ་ལེགས་རྒྱ་མཚོ་དང༌།ལྷ་རམས་པ་ངག་དབང་ཤེས་རབ། འབྲིང་ཤོས་དཀའ་བཅུ་བ་དཔལ་ལྡན་ཚུལ་ཁྲིམས། ཐུའུ་བཀྭན་ཆོས་ཀྱི་ཉི་མ་རྣམས་ཁྲིར་བཞུགས་ཏེ་སྐྱོང་ཁུར་མཛད། དེ་མིན་གྱི་མཁས་དབང་སྐྱེས་ཆེན་དུ་མས་སྐྱོང་ཁུར་མཛད་པར་གྲགས་ཀྱང་། སུ་ཡིན་ངོས་མ་ཟིན། ད་ལྟའི་གནས་སྟངས་མ་ཤེས།

 

 

༡༦    མདུང་ནག་འཇམ་དབྱངས་དགོན།

མདུང་ནག་འཇམ་དབྱངས་དགོན་ནི་སྤྱི་ལོ་༡༦༧༤ལོར་སུག་ཇུ་རུ་འགུ་ཆོས་རྗེ་ཆོས་རྒྱ་མཚོས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

དགོན་འདི་འགུ་ཆོས་རྗེ་ལ་སུག་ཇུའི་རྒྱ་བོད་ཀྱི་དཔོན་འབངས་རྣམས་ནས་དགོན་པ་འདེབས་པར་ཞུས་ཤིང་།ཁོང་དང་།ཐུན་ཏཱ་ལོ་ཡེ་གཉིས་ཀྱིས་རྒྱལ་བ་ཡབ་སྲས་ལ་ཞུ་ཤོག་ཕུལ་བ་ལྟར།ལྔ་བ་ཆེན་པོས་དགོན་མིང་དགའ་ལྡན་ཚོགས་བསགས་གླིང་ཞེས་བཏགས་པ་དང་བཀའ་ཤོག་ཕྱག་ཐམ་བཅས་གནང་།རྒྱལ་སྲས་རིན་པོ་ཆེས་བཅའ་ཡིག་ཀྱང་མཛད།

About རྩོམ་སྒྲིག་པ།