ཁྲི་ཀ་རྫོང་གི་ངོ་སྤྲོད་མདོར་བསྡུས།

ཁྲི་ཀ་རྫོང་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཤར་ལྷོའི་རྒྱུད་དུ་གནས་ཤིང་། སའི་གོ་ལའི་བྱང་གི་འཕྲེད་ཚད་༣༥།༢༩་༤༥་ནས་༣༦།༢༣་༣༥་ཡི་མཚམས་དང་། ཤར་གྱི་གཞུང་ཚད་༡༠༠།༥༨་༨ནས་༡༠༡།༤༧་༥༠་ཡི་མཚམས་ན་ཡོད། འདིའི་ཤར་ཕྱོགས་ནི་དཔའ་ལུང་རྫོང་དང་གཙན་ཚ་རྫོང་། ལྷོ་ཕྱོགས་ནི་ཐུན་རིང་རྫོང་དང་རྩེ་ཁོག་རྫོང་། ནུབ་ཕྱོགས་ནི་ཀོས་ནན་རྫོང་(མང་རྫོང་)དང་གུང་ཧོ་རྫོང་།(གསེར་ཆེན་རྫོང་།)བྱང་ཕྱོགས་ནི་སྟོང་འཁོར་རྫོང་དང་ཧོང་ཀྲུང་རྫོང་བཅས་ལ་འབྲེལ་ཡོད། རྫོང་མི་དམངས་སྲིད་གཞུང་ནི་རྨ་སྲིབ་གྲོང་རྡལ་དུ་ཆགས་ཡོད། དེ་ནས་ཁུལ་སྲིད་གཞུང་གི་གནས་ཡུལ་ཆབ་ཆ་གྲོང་རྡལ་གྱི་བར་དུ་སྤྱི་ལེ་༡༥༨དང་། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་༣༥༠༤ དང་མི་གྲངས་༡༠༢༥༢༩བཅས་ཡོད། (༢༠༠༩ལོའི་རྩིས་གྲངས་ཡིན།)འདིའི་མངའ་འོག་ན་རྨ་སྲིབ་དང་། འཕྲང་དམར། ཆུ་ནུབ། ལ་ཟེ་བ་བཅས་གྲོང་རྡལ་༤དང་། ཆུ་ཤུར་དང་། ཀབ་རོན་གཞུང་། ཀ་རིང་བཅས་ཡུལ་ཚོ་༣ཡོད། རྫོང་འདིའི་ས་བབ་ཀྱི་ཆེས་མཐོ་ས་ནི་རྫ་དཀར་རི་རྒན་གྱི་དབུ་རྩེ་ཡིན་ཏེ། དེའི་མཐོ་ཚད་མཚོ་ངོས་ལས་སྨི་༥༠༡༡ཡོད། ཆེས་དམའ་ས་ནི་རྨ་ཆུའི་བྱང་འགྲམ་གྱི་སམ་བྷ་འགག་གོང་མ་ཡིན་ཞིང་། དེའི་མཐོ་ཚད་ལ་མཚོ་ངོས་ལས་སྨི་༢༡༧༠ཡོད། འདིའི་ས་བབ་ཧྲིལ་པོའི་ཆ་སྙོམས་ཀྱི་མཐོ་ཚད་ལ་མཚོ་ངོས་ལས་སྨི་༢༢༠༠ཡོད།

རྫོང་འདིའི་མངའ་ཁོངས་སུ་འཚོ་སྡོད་བྱེད་པའི་རྨ་ཆུའི་ལྷོ་རྒྱུད་ཀྱི་བོད་མིའི་སྡེ་ཤོག་གི་སྐོར་ལ། འཕྲང་དམར་གྲོང་རྡལ་ཁོངས་རོལ་དུ་ལན་འགྲོ་གོང་ཞོལ་དང་། འཕྲང་དམར་ཚོ་བ་བཅུ་གཉིས་ཀྱི་ནང་ཚུན་ཏེ་རྐང་ཚ་གོང་ཞོལ་ཚོ་སྒོ་དྲུག་དང་། ཆོས་ཚ། བདུད་ཤུལ་བཅས་དང་། ཆུ་ནུབ་གྲོང་རྡལ་གྱི་ཁོངས་རོལ་དུ་སྟོང་ཆེ་དང་རུ་སྔུན། རྨ་སྲིབ་གྲོང་རྡལ་གྱི་ཁོངས་རོལ་དུ་མི་ཉག་ཚོ་བ། ཆུ་ཤར་ཡུལ་ཚོའི་ཁོངས་རོལ་དུ་སྐེ་བ་ཚོ་སྒོ་དྲུག་བཅས་ཡོད། རྫོང་འདིའི་མཁའ་ཁོངས་སུ་འཚོ་སྡོད་བྱེད་པའི་རྨ་ཆུའི་བྱང་རྒྱུད་ཀྱི་བོད་མིའི་སྡེ་ཤོག་གི་སྐོར་ལ། ལ་ཟེ་བ་གྲོང་རྡལ་གྱི་མངའ་ཁོངས་ཧྲིལ་པོ་དང་། ཆུ་ནུབ་གྲོང་རྡལ་ཁོངས་གཏོགས་ཀྱི་ཧོར་རྒྱལ་སྡེ་བ་སོགས་སུ་སྒོ་མེ་བར་མ་དང་། གཡུ་ཚ། མཁར་ནག ལྕང་ར། སམ་བྷ། ཨ་སྐུང་སོགས་ཀྱིས་མཚོན་པའི་ཀ་རིང་ཡུལ་ཚོའི་མངའ་ཁོངས་ཧྲིལ་པོར་ཁྱབ་པའི་སྒོ་མེད་ཞོལ་མ་བཅས་ཡོད།

འབྲེལ་ཡོད་དཔྱད་ཡིག་ལྟར་ན། ཡོན་རྒྱལ་རབས་ཀྱི་ཀྲི་ཡོན་ཁྲི་ལོ་བརྒྱད་པར་(སྤྱི་ལོ༡༢༧༡)ཀོས་ཏེ་ཀྲོའུ་་་་་་་་་ཞེས་པ་བཅུགས་པ་དང་། མིང་རྒྱལ་རབས་ཀྱི་ཧུང་ཝུའུ་ཁྲི་ལོ་གསུམ་པར་(སྤྱི་ལོ ༡༣༧༠)་་་་་་་་་ཞེས་པ་་་་་་་་་་་་རུ་བསྒྱུར། མིང་རྒྱལ་རབས་ཀྱི་ཧུང་ཝུའུ་ཁྲི་ལོ་བརྒྱད་པར་(སྤྱི་ལོ ༡༣༧༥)་་་་་་་་ཞེས་པ་་་་་་་ཞེས་པར་བསྒྱུར་ཅིང་།  ལིན་ཐའོ་(བོད་སྐད་དུ་ཡུལ་འདིའི་མིང་ལ་འབུ་ཤིང་ཀུན་དང་། བསྡུས་མིང་ལ་ཤིང་ཀུན་ཟེར།)ཧྥུ་ཡི་ཧོ་ཀྲོའུ་ཝེའི་(བོད་སྐད་དུ་འདི་ལ་ཀ་ཆུ་ཟེར། ད་ལྟ་རྒྱ་སྐད་དུ་ལིན་ཞ་རུ་འབོད་པ་དེའོ།)མངའ་ཁོངས་སུ་གཏོགས། ཆིང་རྒྱལ་རབས་ཀྱི་ཆན་ལུང་ཁྲི་ལོ་གསུམ་པར་(ཕྱི་ལོ༡༧༣༨)ཟི་ལིང་ཧྥུ་ཡི་མངའ་ཁོངས་སུ་སྦྱར། ཆན་ལུང་ཁྲི་ལོ་ཉེར་དྲུག་པར་་་་་་་ཞེས་པ་དེ་སླར་ཡང་་་་་ཞེས་པར་བསྒྱུར། ཆན་ལུང་ཁྲི་ལོ་ང་བདུན་པར་་་་་ཞེས་པ་བཙུགས། ཀྲུང་ཧྭ་མིན་གོའི་སྲིད་ལོ་༢པར་ཐིན་ནི་རྫོང་དུ་བསྒྱུར། ༡༩༤༩ ལོའི་ཟླ་༩པའི་ཚེས་༡༨ཉིན་རྫོང་མི་དམངས་སྲིད་གཞུང་བཙུགས་རྗེས་ཀྱང་རྫོང་མིང་རྙིང་པ་དེ་སོར་བཞག་སྟབས་ད་ལྟའི་བར་རྒྱུན་འབྱམས་སུ་གྱུར།

ཁྲི་ཀ་ཞེས་པའི་མིང་གི་བྱུང་བ།

གནའ་ནས་བཟུང་ཡུལ་གྲུ་འདི་ནི་བོད་ཀྱི་མི་བུ་རིགས་བཞིའི་རིགས་རྒྱུད་གང་ལས་མཆེད་པའི་ཆཱང་རིགས་ཀྱི་ཕ་ས་ཕ་ཡུལ་ཡིན་པར་བཤད་ཅིང་། བོད་བཙན་པོའི་སྐབས་དེར། མདོ་སྨད་འདི་འདི་རུ་འ་ཞ་སྟོང་སྡེ་དྲུག་དང་མཐོང་ཁྱབ་ཁྲི་སྡེ་ཟེར་བ་བཙུགས་པའི་དུས་སུ། མཐོང་ཁྱབ་ཁྲི་སྡེའི་ཁྲི་དཔོན་གྱི་གཞིས་ཀའམ་སྲིད་འཛིན་ལྟེ་གནས་ནི། ད་ལྟའི་ཁྲི་ཀ་རྫོང་སྲིད་གཞུང་གི་གནས་ཡུལ་འདིར་བཙུགས་མྱོང་བར་གྲགས་པས་ན། རྫོང་འདིའི་མིང་ལའང་ཁྲི་ཀ་རུ་ཐོགས་པར་བཤད། མིང་འདི་ཐོག་མར་ཏུན་ཧོང་ཡིག་སྙིང་དུ་བྱུང་ཡོད་པ་སྟེ། ཡེ་ཤེས་དབྱངས་ཀྱིས་མདོ་སྨད་དུ་བསྟན་པ་སྤེལ་བའི་གནས་ཚུལ་འཁོད་པའི་ནང་ཁྲི་ཀའི་མིང་བྱུང་ཡོད་པར་བརྗོད། བཤད་རྒྱུན་གཞན་ཞིག་ལ། བོད་བཙན་པོའི་རྒྱལ་རབས་ཀྱི་རྒྱལ་ཐོག་ཞེ་གཅིག་པ་སྟེ། བོད་ཀྱི་རྒྱལ་པོ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་ནམ་མངའ་བདག་ཁྲི་རལ་དུ་གྲགས་པ་དེ་ཉིད། སྐབས་དེར་མདོ་སྨད་ཀྱི་དམག་དོན་ལ་གཟིགས་ཞིབ་ཏུ་ཕེབས་དུས། ཡུལ་འདི་གའི་བོད་སྔ་རབས་པ་དག་གིས་གནས་འདིར་ཁྲི་བརྒྱབ་ནས་ཁོང་ལ་གསོལ་སྟོན་བཤམས་མྱོང་བས་ན་འདི་ལ་ཁྲི་ཀ་རུ་ཐོགས་ཀྱང་ཟེར་རོ། །

ཡང་ཡུལ་འདིའི་རྒན་པོ་རྣམས་ཀྱི་ངག་རྒྱུན་ལ། དེང་སང་ཁྲི་རྫོང་ལ་ཀོས་ཏེ་རུ་འབོད་པ་འདིའི་སྒྲ་གདངས་ཀྱི་ཐོག་མའི་ཡོངས་ཁུངས་ནི་བོད་སྐད་ཡིན་པར་གྲགས་པ་སྟེ། དེ་ཡང་དུས་རབས་དགུ་པའི་ནང་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་ཕྱི་མ་མངའ་བདག་ཁྲི་རལ་པ་ཅན་མདོ་སྨད་ཀྱི་ཡུལ་གྲུ་སོ་སོའི་དམག་དོན་གཟིགས་ཞིབ་ལ་བྱོན་ནས། སྐབས་ཤིག་ལ་ཁྲི་ཀ་རུ་ཞལ་བཞུགས་དུས། ཁོང་གི་ཞབས་འབྲང་དམག་དཔུང་གིས་ད་ལྟའི་ཁྲི་ཀ་རྫོང་མཁར་ཉེ་འདབས་ཀྱི་རྨ་ཆུའི་འགྲམ་ངོགས་སུ་ལྭ་བ་སོགས་འཁྲུད་སྐབས། རྒྱུན་དུ་གོས་འདང་འཐེན་ནས་གྱོན་ཆས་སྐེམ་པར་གྲགས་ཤིང་། མངའ་བདག་ཁྲི་རལ་གྱི་ཞབས་འབྲངས་དམག་དཔུང་གི་བྱ་སྤྱོད་དེས། སྐབས་དེར་ཡུལ་འདི་གའི་བོད་པ་རྣམས་ལ་བག་ཆགས་ཟབ་མོ་ཞིག་བཞག་པས་ན། རྗེས་སོར་ཡུལ་འདིའི་མིང་ལའང་གོས་གདང་དུ་ཐོགས་པ་ད་ལྟའི་བར་དུ་ངག་རྒྱུན་དུ་གྲགས། དུས་ཕྱིས་བོད་སྐད་གོས་གདང་ཟེར་བའི་སྒྲ་ཚབ་ཏུ་ཐོག་མར་རྒྱ་ཡིག་གི་་་་་་་དང་རྗེས་སུ་་་་་ཞེས་བྲིས་པ་རེད་ཟེར། བོད་རིག་པའི་ཆེས་མཁས་ཁག་ཅིག་གིས་གོང་འདང་ཞེས་པའི་སྒྲ་ཚབ་རུ་རྒྱ་ཡིག་གི་ངེས་གཏན་མེད་པའི་འབྲི་ཚུལ་གཉིས་བྱུང་ཡོད་གཤིས། ཀོས་ཏེ་ཞེས་པ་དེ་ནི་དང་པོ་ཉིད་ནས་རྒྱ་སྐད་མ་ཡིན་པར་མི་རིགས་གཞན་གྱི་སྐད་བརྡ་འགྱུར་མ་ཞིག་ཡིན་པ་ཤེས་ཐུབ་པར་བཞེད་པ་དེ་དོན་ལ་གནས་མིན་ཇི་ལྟར་ཡང་དཔྱད་པའི་གཞིར་བཟུང་ན་མི་རུང་བ་མེད་པར་སེམས་སོ། །

གནས་ཁམས་ཆེན་དང་རྟེན་འགངས་ཆེན་གྱི་སྐོར་ལ་མི་ཉག་མཆོད་རྟེན་དང་གདོང་སྣའི་ཐུགས་རྗེ་ཆེན་པོ། ལྷ་དཀར་པོ། ཁྲི་ཀའི་ཇོ་ཇོ་ལྷ་ཁང་། རའ་ག་ཨ་སྱས་རིན་པོ་ཆེའི་རིང་བསྲེལ་མཆོད་རྟེན། མི་ཉག་མགོན་ཁང་། རྒོད་རྩེ་རི་ཁྲོད་དགའ་ལྡན་བཀྲ་ཤིས་ཐེག་ཆེན་གླིང་། མཆོད་རྟེན་དྲིལ་གསིལ་མ། ཀརྨ་པའི་ཁྲི། སུམ་པའམ་སམ་བྷའི་སྒྲུབ་གནས་སོ།།

ལོ་རྒྱུས་རིག་གནས་ཀྱི་རྗེས་ཤུལ་གྲགས་ཅན་གྱི་སྐོར་ལ་ཆོས་རྒྱལ་ལྷ་ཁང་ངམ་མི་ཉག་དགུ་ཐོག་དང་། ཁྲི་ཀའི་གནའ་མཁར། མཛོ་མོ་རི་རྫོང་མཁར། (ཀ་རིང་གནའ་མཁར།)གཙང་དགེ་གནའ་མཁར། དཀར་བརྗོད་ཞིང་རྒན། ཕོ་རོག་ཚང་སྣ། མཁར་ནག་མཁར། གཡུ་ཚའི་མཁར་ཐོག ཐང་སྐྱ་རིས་སོགས་ཡོད།

གླིང་གེ་སར་རྒྱལ་པོའི་ཤུལ་རྟེན་ངག་རྒྱུན་གྱི་སྐོར་ལ་གེ་སར་རྒྱལ་པོའི་འཆམ་དང་རྡོ་གཤགས་གོང་ཁ། བྲག་མདའ་བསྒྱིངས་སོགས་ཡོད།

གནས་རི་དང་གཞི་བདག་གྲགས་ཅན་གྱི་སྐོར་ལ་རྨ་སྲིབ་གྲོང་རྡལ་དུ་མི་རྩེ་སྒང་དང་། ཀབ་རོན་གཞུང་ཡུལ་ཚོ་རུ་བལ་བོ་སྤུན་གསུམ། ཆུ་ནུབ་གྲོང་རྡལ་དུ་ཁྲི་ཀའི་ཡུལ་ལྷའི་ལྷ་ཁང་། ཨ་མྱེས་འབའ་ཙེ། ཨ་མྱེས་རྟ་ཁ་སྒང་། འཕྲང་དམར་གྲོང་རྡལ་དུ་ཨ་མྱེས་སྲིན་པོ་དང་། རྫ་དཀར་རི་རྣ། དགེ་བསྙེན་བློ་བཟང་བསྟན་སྐྱོང་། གཡུ་བཟང་དེའུ་སེར། ཨ་མྱེས་སེ་བོ། མགར་གྲོང་ཨ་མྱེས་བསྟན་སྐྱོང་། ཨ་མྱེས་བྱེ་མ། ཨར་བརླན་རྨོག་རྒན། ཨ་མྱེས་རི་ལང་ལྷ་ཁང་། ལ་ཟེ་བ་གྲོང་རྡལ་དུ་བྲག་དཀར་རྫ་དང་། རྒྱ་སྐྱིད་སྒང་། ཧོར་མོ་སྒང་། ཟི་དྲང་སྒང་། ར་ལམ་སྒང་། སྒྱོ་སྒང་། རི་འགོག་སྒང་། ཀ་རིང་ཡུལ་ཚོར་ཨ་མྱེས་རྒོད་རྩེ་དང་། ཨ་མྱེས་འགྱིང་ལ། ཨ་མྱེས་གུར་སྐྱོང་། ཨ་མྱེས་ལྡོང་རི། ཨ་མྱེས་དཀར་རིས། ཨ་མ་མཚོ་འཁྱིལ་སོགས་ཡོད།

མཚོ་དང་མཚེའུ་ཆུ་མིག་བཅས་ཀྱི་སྐོར་ལ་ཀོ་སྦྲའི་མཚོ་དམར། ཀླུ་མ་དཀར་མོ་མཚོ། རྫ་དམར་གཡུ་མཚོ། བདེ་སྐྱིད་ཆུ་ཚན། གཙང་དགེ་ཆུ་ཚན། ཁིས་རྒྱབ་ཆུ་མིག་བཅས་ཡོད།

ཐང་གཞོངས་དང་ཆུ་བོ་གྲགས་ཅན་སོགས་ཀྱི་སྐོར། གཡུ་ཚའི་ཆུ་ཆེན། དགོ་མང་ལ། ཝ་ལུང་སྒང་དུར་ཁྲོད། ཤ་འབུམ་གདོང་སྣ། འོམ་བུ་གདོང་སྣ། སྟོང་ཆེ་ལུང་པ། གོ་ར་ལུང་པ། ལྕང་ར་ལུང་པ། རྡར་ཆེ་ཆུང་། གནས་བརྟན་གྲམ་པ་སོགས་ཡོད།

རི་སྐྱེས་སྲོག་ཆགས་ལ། གཡི་དང་། སྦྲེ། གནའ། རྒོ་བ། གཟིག། འཕར་བ། སྤྱང་ཀི ཝ་དམར། བྲག་སྲམ། ཆུ་སྲམ། གླ། གྲུམ་པ། ཏེའུ་ལོ། སྐྱ་ག རྒོད། ཁྲ། ཁུག་རྟ། ཤིང་རྟ་མོ། ཁུ་བྱུག འུག་པ། ཁྲུང་ཁྲུང་། པུ་ཤུ་སྟག་རིས། རྫ་ཁའི་གོའུ་ཡག་སོགས་ཡོད། གཏེར་རྫས་ཀྱི་རིགས་ལ། ཟངས་དང་། ལྕགས། ཞ་ཉེ། མན། མོལ། ནིག རྡོ་ཐལ་བྲག ཅུ་གང་སོགས་ཡོད།

About རྩོམ་སྒྲིག་པ།