གཡན་རྒན་རི་ཁྲོད།

གཡན་རྒན་རི་ཁྲོད་ནི་སྐུ་འབུམ་ཆེ་ཤོས་སྤྲུལ་སྐུ་ནས་སྐུ་འབུམ་ཉེ་འཁྲིས་སྟོད་པ་གྲོང་བརྡལ་དུ་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ད་ལྟའི་སྐུ་འབུམ་ཉེ་འཁྲིས་སྟོད་པ་གྲོལ་བརྡལ་དུ་ཡོད་ཅིང་། སྐུ་འབུམ་ཆེ་ཤོས་སྤྲུལ་སྐུས་བཏབ། བཏབ་ལོ་གསལ་བའི་ཡིག་ཆ་མི་སྣང་། བར་སྐབས་ནས་ཉམས་ཀྱང་། སྤྱི་ལོའི་དུས་རབས་ཉི་ཤུའི་སྟོད་ཙམ་ལ་སླར་གསོ་དང་རྒྱ་བསྐྱེད་བཏང་།

སྤྱི་ལོ་༡༩༦༦ ལོར་རྒྱས་གཏོར་བཅོམ་བཏང་ནས་ད་བར་བསྐྱར་གསོ་བྱ་ཐུབ་མེད།

About རྩོམ་སྒྲིག་པ།