རི་འདབས་དགོན་ནི་སྐུ་འབུམ་རུ་བར་སྡེ་བར་ཡོད།ཕྱག་འདེབས་མཁན་དང་བཏབ་སོགས་མི་གསལ།ཆོས་རྒྱུད་དགེ་ལུགས་ཡིན།
འདི་ལ་(རྒྱ་སྐད་དུ་ཧྲན་ཞ་ཟི་ཟེར)ད་ལྟའི་སྐུ་འབུམ་འདན་མ་ཞང་ནང་རི་བར་སྡེ་ཁྲོད་དུ་ཡོད། ལོ་རྒྱུས་གསལ་ཁ་ཅན་མི་འདུག དགོན་པའི་མིང་ཙམ་ལས་ཡོད་ཚོད་མི་འདུག་ལ། ཕལ་ཆེར་སྡེ་ཚོའི་ཞབས་བརྟན་པ་གྲྭ་བ་གཅིག་གཉིས་རེ་མ་གཏོགས་མེད་པར་བཤད། ལྷ་ཁང་ཞིག་ཡོད་པ་ལ་གཏོར་བཤིག་མ་ཐེབས་པར་ཡོད་
ཟེར།