སེང་གེ་རྫོང་དགེ་འཕེལ་ཆོས་འཁོར།

སེང་གེ་རྫོང་དགེ་འཕེལ་ཆོས་འཁོར་ནི་ཟི་ན་ཆོས་རྗེ་ལེགས་པ་རྒྱལ་མཚན་ནས་སྐུ་འབུམ་ཚོ་དྲུག་ཁོངས་སུ་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

རི་ཁྲོད་འདི་འདེབས་པོ་ནི།སྐུ་འབུམ་རྒྱུད་གྲྭ་ཐོག་མར་འཛུགས་མཁན་ཟི་ན་ཆོས་རྗེ་ལེགས་པ་རྒྱལ་མཚན་ཡིན་ལ།ཐོག་མར་རི་ཁྲོད་ཙམ་ལས་མེད་ཀྱང་།ཕྱིས་རབ་བྱུང་བཅུ་གསུམ་པའི་མེ་གླང་སྟེ་སྤྱི་ལོ༡༧༥༧ལོར་ཨ་ཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་འདུ་ཁང་གསར་བཞེངས་མཛད།

འདི་སྔར་ཧོར་སོག་གི་དཔོན་སེང་གེ་ཞེས་པ་བསྡད་པའི་མཁར་ཤུལ་དུ་ཆགས་པ་ཡིན།སྐུ་འབུམ་ཨ་ཀྱཱ་སྐུ་ཕྲེང་དང་།དུང་དཀར་སྤྲུལ་སྐུ་ཚངས་དབྱངས་འབྲུག་སྒྲ།ཆུ་རུ་ཁ་བ་བློ་བཟང་དར་རྒྱས་སོགས་སྐྱེས་ཆེན་མང་བོ་བཞུགས་ཤིང་།བྱ་ཁྱུང་མཁན་ཟུར་ཟི་ན་ཆོས་རྗེ་ཁུ་དབོན་གཉིས་དང་།ཟི་ན་ཨེརྟི་ནི་ནང་སོ་བཅས་ཀྱིས་མཐུན་རྐྱེན་སྦྱར།སྤྱིལོ་༡༩༥༨ལོ་དང་རིག་གསར་སྐབས་རྒྱས་བཅོམ།དེང་དུས་ཀྱི་གནས་སྟངས་གསལ་ཁ་ཅན་མ་རྙེད།

About རྩོམ་སྒྲིག་པ།