བོད་ཀྱི་ལྷ་རིས་སྒྱུ་རྩལ་པ་ཆེན་མོ་ཨ་མདོ་བྱམས་པ།

བོད་ཀྱི་རི་མོ་སྒྱུ་རྩལ་པ་ཆེན་མོ་ཨ་མདོ་བྱམས་པ་ནི་ཕྱི་ལོ་ 1914 ལོར་མདོ་སྨད་གཅན་ཚར་འཁྲུངས། ཕྱི་ལོ་ 1921 ལོར་ཁོང་ངང་རུང་དགོན་པར་ཞུགས་ནས་རབ་ཏུ་བྱུང༌། སྐབས་དེ་ནས་བཟུང་དགོན་པའི་ལྡེབས་རིས་དང་ལྷ་སྐུ་དག་ལ་བརྟེན་ཏེ་བོད་ཀྱི་སྲོལ་རྒྱུན་རི་མོ་རང་སྦྱོང་བྱས། སྔ་རྗེས་སུ་ལ་མོ་བདེ་ཆེན་དང་། བླ་བྲང་བཀྲ་ཤིས་འཁྱིལ་དང་འབྲས་སྤུངས་དགོན་པའི་ཆོས་གྲྭར་ཞུགས།ཕྱི་ ལོ 1942 ལོར་དགུང་ལོ 28 སྟེང་ལྷ་སར་གནས་མཇལ་དུ་སོང་སྟེ་འབྲས་སྤུངས་དགོན་པའི་ཆོས་གྲྭར་ཞུགས། ཕྱི་ལོ1955 ལོར་དགུང་ལོ41སྟེང་ཕོ་བྲང་པོ་ཏ་ལར་སླེབས་ནས་དེ་གའི་རི་མོ་བའི་འགན་བཞེས། 1956ལོར་ནོར་བུ་གླིང་གའི་མི་འགྱུར་རྟག་བརྟན་ཕོ་བྲང་ནང་ལྡེབས་རིས་བཞེངས། སྟོན་པས་ཆོས་འཁོར་བསྐོར་བ་དང་། ཁམས་གསུམ་ཟིལ་མནོན་སོགས་ཕྱག་བྲིས་གནང༌། 1981ལོར་རིག་རྫས་དོ་དམ་ཨུ་ཡོན་ལྷན་ཁང་དུ་ཕྱག་ལས་གནང་ཞིང༌། སྐབས་དང་པོའི་བོད་རང་སྐྱོང་ལྗོངས་མཛེས་རྩལ་ལྷན་ཚོགས་ཀྱི་འགན་འཛིན་དགེ་རྒན་གྱི་ཕྱག་ལས་གནང་། 1981ལོར་རྒྱ་གར་ནས《བོད་ཀྱི་བཙན་པོ་རྣམ་གསུམ》ཞེས་པའི་རི་མོ་ཕྱག་བྲིས་གནང་། 1999 ལོར་ལྷ་སའི་ཨ་མདོ་བྱམས་པའི་སྒེར་བཙུགས་མཛེས་རྩལ་སློབ་གྲྭ་གསར་དུ་བཙུགས་པ་དང༌། 2002 ལོའི་ཟླ 3 པའི་ཚེས 28 ཉིན་ལྷ་སར་ཕེབས་པའི་ལམ་བར་ནས་སྐུ་གཤེགས།
ཁོང་གི་རི་མོ་དག་ལས་བོད་ཀྱི་ཆོས་ལུགས། ཁོར་ཡུག མི་སྣའི་ལས་དབང་བཅས་མངོན་སུམ་དུ་ཚོར་ཐུབ་ཅིང་། བོད་ཀྱི་པིས་ཅའ་སའོ་ཞེས་པའི་མཚན་སྙན་ལྡན།

རྗེས་མ། སྔོན་མ།
པར། ༡ |
པར། ༣ |
པར། ༣ |
པར། ༤ |
པར། ༥ |
རྗེས་མ། སྔོན་མ།

About ལས་འབྱེད།