མི་སྣ་གལ་ཆེན་ངོ་སྤྲོད་།

ཀུན་མཁྱེན་འཇམ་དབྱངས་བཞད་པ་དབལ་ཤུལ་ངག་དབང་བརྩོན་འགྲུས།

ཀུན་མཁྱེན་འཇམ་དབྱངས་བཞད་པ་དབལ་ཤུལ་ངག་དབང་བརྩོན་འགྲུས་དཔལ་བཟང་པོ་ནི། སྤྱི་ལོ་༡༦༤༨པ། བོད་རབ་བྱུང་བཅུ་གཅིག་པའི་ས་བྱི་ལོའི་ཧོར་ཟླ་དང་པོའི་ཚེས་བརྒྱད་ཉིན་ཡུལ་བསང་ཆུའི་རྒན་གྱ་བྱ་བར་ཡབ་དཔལ་འབུམ་རྒྱལ་དང་ཡུམ་ཐར་མོ་བྱམས་གཉིས་ཀྱི་སྲས་སུ་སྐུ་བལྟམས།

མུ་མཐུད་ཀློག

མཁས་དབང་ཆེན་མོ་ཚེ་རིང་ཐར་མཆོག་གི་མཛད་རྣམ།

གཤེན་གྱི་འབྱུང་ལྡན་སུམ་བརྒྱ་དང་གཅིག་སྟེ། ཕྱི་ལོ་༡༩༥༨ལོར་མཚོ་སྔོན་ཁྲི་གཤོག་རྒྱལ་མོའི་ལྷོ་ངོས་རྨ་ཡུལ་ཁྲི་ཀ་རྫོང་སྟོང་ཆེ་ལུང་བའི་སྟོང་སྐོར་ཚང༌དུ་སྐུ་འཁྲུངས། ད་ལྟ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་སློབ་དཔོན་གྱི་ཕྱག་ལས་གནང་བཞིན་ཡོད།

མུ་མཐུད་ཀློག

དགེ་བཤེས་ཁྲི་གཡུང་དྲུང་གི་ངོ་སྤྲོད་གནད་བསྡུས།

ཡུལ་མདོ་སྨད་མཚོ་སྔོན་པོའི་ལྷོ་ཕྱོགས་སུ་སྐྱེས། ཆུང་དུས་སུ་ས་གནས་སློབ་ཆུང་དུ་འགྲིམས་ཤིང་ཕྱིས་སུ་ཁྲི་ཀ་ཁྱུང་མོ་དགོན་པར་རབ་ཏུ་བྱུང་། (2003)ལོར་བྱེས་ཀྱི་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེར་ཞུགས་ནས་གཞུང་བཀའ་པོད་དྲུག་ལ་སློབ་གཉེར་བྱས།

མུ་མཐུད་ཀློག