ནང་དོན་གསར་བ།

༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་མོ་མཆོག་གི་༧སྐུའི་གྱ་སྟོན་ཆེན་མོ།

འོད་སྡེར་དང་པོ།  ༧སྐུའི་གྱ་སྟོན་ཕྱོགས་སྒྲིག      འོད་སྡེར་གཉིས་པ།  ༧སྐུའི་གྱ་སྟོན་བརྟན་བཞུགས།     འོད་སྡེར་གསུམ་པ།  ༧སྐུའི་གྱ་སྟོན་མཛད་སྒོ། སྟོད་ཆ།      འོད་སྡེར་གསུམ་པ།  ༧སྐུའི་གྱ་སྟོན་མཛད་སྒོ། སྨད་ཆ།       འོད་སྡེར་བཞི་པ།  ༧སྐུའི་གྱ་སྟོན་དགོང་ཚོགས། གསེར་མདོག་གི་བཞུད་ལམ། སྟོད་ཆ།          འོད་སྡེར་བཞི་པ།  ༧སྐུའི་གྱ་སྟོན་དགོང་ཚོགས། གསེར་མདོག་གི་བཞུད་ལམ། སྨད་ཆ།        

མུ་མཐུད་ཀློག

མཛད་བརྒྱ་མཐོང་བ་དོན་ལྡན།

གཙོ་ཐང་། མཛད་བརྒྱ་མཐོང་བ་དོན་ལྡན་ལས་གཙོ་ཐང་། མཛད་ཐང་དང་པོ།མདོ་སྨད་སྟག་འཚེར་ཡུལ་དུ་སྐུ་བལྟམས་པ། མཛད་ཐང་གཉིས་པ།གསེར་ཁྲིར་མངའ་གསོལ་གྱི་མཛད་པ། མཛད་ཐང་གསུམ་པ།རིས་མེད་ཆོས་བརྒྱུད་ལ་གསན་བསམ་ཉམས་བཞེས་ཀྱི་མཛད་པ། མཛད་ཐང་བཞི་པ།རྒྱལ་སྲིད་ཆོས་སྲིད་ཀྱི་མཛད་པ། མཛད་ཐང་ལྔ་པ། བཙན་བྱོལ་བོད་གཞུང་གསར་འཛུགས་དང་མང་གཙོར་བསྒྱུར་པའི་མཛད་པ། མཛད་ཐང་དྲུག་པ། གཉིས་ཕན་དབུ་མའི་ལམ་གྱི་དགོངས་པ་བཏོན་པའི་མཛད་པ། མཛད་ཐང་བདུན་པ། རྒྱལ་སྤྱིའི་གནད་ཡོད་མི་སྣར་མཇལ་འཕྲད་གནང་བའི་མཛད་པ། མཛད་ཐང་བརྒྱད་པ། ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་གསུང་ཆོས་གནང་བའི་མཛད་པ། མཛད་ཐང་དགུ་པ། དུས་འཁོར་དབང་ཆེན་གྱིས་མཚོན་པའི་དབང་ལུང་མན་ངག་གནང་བའི་མཛད་པ། མཛད་ཐང་བཅུ་པ། འཛམ་གླིང་ཞི་བདེའི་ཆེད་བསྐྱངས་པའི་མཛད་པ། མཛད་ཐང་བཅུ་གཅིག འཛམ་གླིང་གི་ཆོས་ལུགས་ཁག་དང་མཐུན་སྒྲིལ་གནང་བའི་མཛད་པ། མཛད་ཐང་བཅུ་གཉིས། གཟེངས་རྟགས་དང་ཕྱག་ཁྱེར་གྲགས་ཅན་འབུལ་བཞེས་ཀྱི་མཛད་པ། མཛད་ཐང་བཅུ་གསུམ། ཐུན་མོང་མ་ཡིན་པའི་གསར་གཏོད་ཀྱི་མཛད་པ།  མཛད་ཐང་བཅུ་བཞི། ཡང་སྤྲུལ་ངོས་འཛིན་དང་བསླབ་སྡོམ་བསྩལ་པ། ཐུན་མིན་ཉམས་རྟོགས་བཅས་ཀྱི་མཛད་པ།    

མུ་མཐུད་ཀློག

༄༅།མདོ་སྨད་དབུས་སྤྱི་ཁྱབ་རྒྱན་ལས་ཁང་གི་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི།

༄༅།།བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི། ལེའུ་དང་པོ།  སྔོན་འགྲོ། དོན་ཚན་དང་པོ།   སྒྲིག་གཞིའི་མིིང་། སྒྲིག་གཞི་འདི་ལ་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་བོད་རྒྱལ་ལོ་༢༡༤༦ཕྱི་ལོ་༢༠༡༩ ཞེས་འབོད་རྒྱུ། དོན་ཚན་གཉིས་པ།  ཆ་རྐྱེན། སྒྲིག་གཞི་འདི་བོད་ལྗོངས་མདོ་སྨད་ཆོལ་ཁའི་རྩ་འཛིན་སྒྲིག་གཞིའི་ལེའུ་དྲུག་པ་དོན་ཚན་ཉེར་བཞིའི་འབྲུ་དོན་ལྟར་བཀོད་སྒྲིག་བྱས་པ་ཡིན། དོན་ཚན་གསུམ་པ།   འགོ་འཛུགས། ཕྱི་ལོ་ ༢༠༡༩ ཟླ་ ༤ པའི་ཚེས་ ༡ ནས་ལག་ལེན་བསྟར་རྒྱུ། དོན་ཚན་བཞི་པ།  ཁྱབ་ཚད། མདོ་སྨད་དབུས་རྒྱུན་ལས་སུ་འདེམས་ཐོན་ཐོག་དམ་འབུལ་ཁས་ལེན་ཞུས་ཟིན་པ་ཡོངས་ལ་ཁྱབ་པ་ཡིན། དོན་ཚན་ལྔ་པ།   ལས་འཁུར་དམ་བཅའ། དབུས་རྒྱུན་འདེམས་ཐོན་བྱུང་བ་རྣམས་ཀྱིས་ལས་ཁུར་མ་ཞུས་གོང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་ ༸ སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་ལས་འཁུར་དམ་བཅའམ་ཁས་ལེན་ཞུ་དགོས། དམ་བཅའམ་ཁས་ལེན་མ་ཟིན་གྱི་བར་སྐབས་དེའི་ཚོགས་གཙོས་དམ་འབུལ་ལས་རིམ་རང་ཁོངས་སྤྱི་འཐུས་རྒྱུན་ལས་ལ་སྙན་གསེང་ཞུ་དགོས། ལེའུ་གཉིས་པ།  ཚོགས་འདུ། དོན་ཚན་དྲུག་པ། འཆར་འཕར་ཚོགས་འདུ། ༡༽ ཛ་དྲག་དམིགས་བསལ་གྱིས་འཚོགས་དགོས་རིགས་ཕུད།  ལོ་འཁོར་གཅིག་ནང་དབུས་རྒྱུན་ལྷན་ཚོགས་ཐེངས་གཉིས་ངེས་པར་འཚོགས་དགོས། ཚོགས་འདུ་སྔ་རྗེས་དབར་ཟླ་གྲངས་དྲུག་ལས་མ་བརྒལ་བ་དགོས། ༢༽ཚོགས་ཚེས་དང་ཚོགས་ཡུལ། གྲོས་གཞི་བཅས་པ་དབུས་རྒྱུན་རྣམ་པས་གོ་བསྡུར་གྱིས་དྲུང་ཆེས་ཉིན་གྲངས་ ༢༡ ནང་ཚུན་ཚོགས་བརྡ་གཏོང་དགོས། ༣༽ཛ་དྲག་དམིགས་བསལ་ཚོགས་འདུ་བསྡུ་སྐོང་བྱ་དགོས་བྱུང་ཚེ་ཉིན་གྲངས་༡༠ ལས་མ་ཉུང་བའི་སྔོན་བརྡའི་ཐོག་བསྡུ་སྐོང་བྱ་དགོས། ༤༽འཆར་འཕར་གྱི་ཚོགས་འདུའི་ཚིག་ཐོ་གྲོས་ཆོད་བཅས་པ་དབུས་རྒྱུན་དྲུང་ཆེས་བཀོད་ཉར་དགོས།  ཚོགས་ཆེན་སྐབས་ཚོགས་དྲུང་ཟུར་དུ་གོ་སྒྲིག་བྱ་འཐུས། ༥༽ ལུགས་མཐུན་དགོངས་པ་ཞུ་འཁྲོལ་མ་བྱུང་བར་དབུས་རྒྱུན་ཚོགས་འདུར་བསྟུད་མར་ཐེངས་གཉིས་ལ་བཅར་ཞུགས་མ་བྱས་ཚེ་དབུས་རྒྱུན་ནས་རང་བཞིན་གྱིས་བུད་པ་ཡིན། ལེའུ་གསུམ་པ། དབུས་རྒྱུན་གྱི་འོས་འགན་དང་། ཐོབ་ཐང་། དོན་ཚན་བདུན་པ། …

མུ་མཐུད་ཀློག