ཕ་བཞི་རི་ཁྲོད།

ཕ་བཞི་རི་ཁྲོད་ནི་སྤྱི་ལོ་༡༥༧༨ཡས་མས་ཤིག་ལ་གཙན་ཚ་བསོད་ནམས་བཀྲ་ཤིས་ཀྱིས་སྐུ་འབུམ་ཚོ་དྲུག་ཁོངས་སུ་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདིའི་དགོན་མིང་ཆ་ཚང་ལ་བསྟན་ལུང་དར་རྒྱས་དགོན་ཟེར།གཅན་ཚ་བ་བསོད་ནམས་བཀྲ་ཤིས་བྱ་བས་བཏབ།ཕྱག་འདེབས་མཛད་པའི་ལོ་ཚིགས་མི་གསལ་ཡང་།རྒྱལ་བ་བསོད་ནམས་རྒྱ་མཚོའི་སྐུ་རིང་ལ།ཀླུ་འབུམ་ཚོ་བརྒྱད་ཡོན་བདག་ཏུ་བསྐུལ་ནས་བཏབ་ཚུལ་མདོ་སྨད་ཆོས་འབྱུང་དུ་གསལ་བ་ལ་གཞིགས་ན།རབ་བྱུང་བཅུ་བའི་ས་སྟག་སྤྱི་ལོ་༡༥༧༨ལོར་རྒྱལ་དབང་གསུམ་པ་བསོད་ནམས་རྒྱ་མཚོ་དགུང་ལོ་བཞི་བཅུའི་སྟེང་མདོ་སྨད་དུ་བྱོན་ཏེ་སྐུ་འབུམ་དགོན་པ་བཏབ་པ་ཡིན་སྟབས།བསྟན་ལུང་དགོན་འདི་རབ་བྱུང་བཅུ་བའི་ས་སྟག་སྤྱི་ལོ༡༥༧༨ནས།རབ་བྱུང་བཅུ་བའི་ས་བྱི་་སྤྱི་ལོ་༡༥༨༨བར་གྱི་ལོ་ངོ་བརྒྱད་ཀྱི་ནང་ཞིག་ལ་བཏབ་པར་ཚོད་དཔག་བྱེད་ཐུབ་པ་ཡིན།སྤྱི་ལོ༡༩༥༨ལོ་དང་རིག་གསར་སྐབས་རྒྱས་བཅོམ།དེང་དུས་ཀྱི་གནས་སྱངས་གསལ་ཁ་ཅན་མ་རྙེད།

About རྩོམ་སྒྲིག་པ།