བྲག་དམར་ལུང་བའི་དགོན་པ།

བྲག་དམར་ལུང་བའི་དགོན་པ་འདེབས་མཁན་དང་བཏབ་ལོ་སོགས་ཁ་གསལ་མེད།བཏབ་ཡུལ་ནི་སྐུ་འབུམ་བྲག་དམར་ལུང་ཡིན་ཞིང་།ཆོས་རྒྱུན་དགེ་ལུགས་ཡིན།

མཚོ་སྔོན་ནང་བསྟན་དགོན་སྡེའི་ལོ་རྒྱུས་རྒྱ་ཡིག་མར།རྒྱ་དམར་བོད་དུ་མ་ཡོང་ཡར་སྔོན་འདུ་ཁང་མིག་གསུམ་ཅན་དང་།སྐུ་འབུམ་དགོན་ལག་ཏུ་གཏོགས་ཚུལ་སོགས་ལས་ལོ་རྒྱུས་གཞན་མ་བྱུང་།སྤྱི་ལོ་༡༩༥༨ལོ་ནས་དགོན་པའི་འདུ་ཁང་སྡེ་གཞུང་གི་འབྲུ་མཛོད་བྱས།སྤྱི་ལོ༡༩༨༡ལོའི་རྗེས་ཙམ་ལ་ཡུལ་མིས་བསྐྱར་བཞེངས་བྱས་ཚུལ་བཀོད་འདུག

 

About རྩོམ་སྒྲིག་པ།