ར་ཁོ་རི་ཁྲོད།

ར་ཁོ་རི་ཁྲོད་ནི་དུས་རབས་༡༧པའི་ནང་ར་ཁོ་ཤེས་རབ་ཆོས་འཕེལ་ནས་སྐུ་འབུམ་རྒྱ་སྒོའི་ཉེ་འཁྲིས་སུ་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་སྔར་གྱི་སྐུ་འབུམ་རྒྱ་སྒོ་དང་ཉེ་བར་ཡོད་པར་བཤད།ར་ཁོ་ཕྲེང་དང་བོ་ཤེས་རབ་ཆོས་འབྱོར་གྱིས་བཏབ།འདི་བ་རབ་བྱུང་བཅུ་གཅིག་པའི་ཆུ་གླང་སྤྱི་ལོ་༡༦༧༣ལོར་འཁྲུངས་ཤིང་།དབུས་སུ་ཕེབས་ནས་ཀུན་མཁྱེན་འཇམ་དབྱངས་བཞད་པ་སོགས་བསྟེན་ཏེ་སློབ་གཉེར་མཛད་པས་མཁས་པ་ཆེན་པོར་གྱུར།ཕྱིས་མདོ་སྨད་དུ་ཕེབས་ཏེ་རི་ཁྲོད་འདི་བཏབ་ནས་བཞུགས་ཤིང་།དགུང་གྲངས་གྱ་གསུམ་བཞེས་པ་རབ་བྱུང་བཅུ་གསུམ་པའི་ཤིང་ཕག་སྤྱི་ལོ་༡༧༥༥ལོར་རི་ཁྲོད་དུ་འདས།དེས་ན་རི་ཁྲོད་འདི་ཁོང་གི་སྐུ་ཚེའི་སྨད་ཙམ་ལ་བཏབ་པར་མངོན།སྤྱི་ལོ་༡༩༥༨ལོར་དང་རིག་གསར་སྐབས་རྒྱས་བཅོམ།དེང་དུས་ཀྱི་གནས་སྟངས་གསལ་ཁ་ཅན་མ་རྙེད།

 

About རྩོམ་སྒྲིག་པ།