ཆེ་ཤོས་རི་ཁྲོད།

ཆེ་ཤོས་རི་ཁྲོད་ནི་དུས་རབས་༡༧ནང་ར་ཁོ་ཤེས་རབ་ཆོས་འཕེལ་ནས་སྐུ་འབུམ་རྒྱ་སྒོའི་ཉེ་འཁྲིས་སུ་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ཙོང་ཆུའི་རྒྱབ་ངོས་སུ་ཡོད་ཅིང་།དགོན་མིང་ཆ་ཚང་ལ་ཆེ་ཤོས་རི་ཁྲོད་བསམ་གཏན་གླིང་ཟེར།བཏབ་ལོ་སོགས་གསལ་བའི་ཡིག་ཆ་མ་རག་ཀྱང་།རྒྱའི་ཡིག་ཆ་ཞིག་ཏུ་ར་ཁོ་སྐུ་ཐོག་དང་བོ་ཤེས་རབ་ཆོས་འཕེལ་གྱིས་བཏབ་པར་བཤད།དེས་ན་ར་ཁོ་སྐུ་ཐོག་དང་བོ་སྤྱི་ལོ་༡༦༧༣འཁྲུངས་ཤིང་།སྤྱི་ལོ༡༧༥༥ལོར་འདས་པ་ཡིན་སྟབས།རི་ཁྲོད་འདི་སྤྱི་ལོའི་དུས་རབས་བཅུ་བདུན་པའི་སྨད་དང་།བཅོ་བརྒྱད་པའི་སྟོད་ཙམ་ལ་བཏབ་པ་རྗེས་སུ་དཔོག་ཐུབ་པ་ཡིན།

སྤྱི་ལོ་༡༩༤༩ལོར་རྒྱ་དམར་བོད་དུ་སླེབས་སྐབས་རི་ཁྲོད་པ་༨ཙམ་བཞུགས་ཀྱང་།སྤྱི་ལོ༡༩༦༦ལོར་རྒྱ་གཞུང་གིས་གཏོར་བཅོམ་བཏང་།ད་ལྟའང་སླར་གསོ་བྱས་ཡོད་ཚོད་མི་འདུག

About རྩོམ་སྒྲིག་པ།