ས་བཟང་ལ་ཁའི་རི་ཁྲོད།

ས་བཟང་ལ་ཁའི་རི་ཁྲོད་ནི་སྤྱི་ལོ་༡༧༩༣ལོར་ཀ་བུག་ཞབས་དྲུང་ནས་སྐུ་འབུམ་ས་བཟང་ལ་ཁར་ཕྱག་བཏབས་ཤིང་།ཆོས་རྒྱུད་དགེ་ལུགས་ཡིན

སྐུ་འབུམ་དང་ཉེ་བར་ཟ་བསང་ལ་ཁའམ་རྒྱ་སྐད་དུ་ཧྭང་ཟི་སྒང་ཟེར་བའི་རི་ཁྲོད་ཅིག་འདུག་པ་ཐུའུ་བཀྭན་རིན་པོ་ཆེས་ཆུ་གླང་ལོར་བྱ་ཁྱུང་ཀ་བུག་ཞབས་དྲུང་ལ་འདེབས་སུ་བཅུག་ཚུལ་མདོ་སྨད་ཆོས་འབྱུང་དུ་གསལ་ཡང་།ཐུའུ་བཀྭན་སྐུ་ཕྲེང་གང་ཡིན་ཤེས་མི་ཐུབ།གསུང་བཀོད་གནང་མཁན་གྱི་ཐུའུ་བཀྭན་དེ་ཐུའུ་ཆོས་ཀྱི་ཉི་མ་ཡིན་ན།རི་ཁྲོད་བཏབ་ལོ་ཆུ་གླང་ནི་རབ་བྱུང་བཅུ་གསུམ་པའི་ཆུ་གླང་སྤྱི་ལོ༡༧༩༣ལོར་འབབ་ཅིང་།ཀུན་མཁྱེན་འཇིགས་མེད་དབང་བོས་འདས་པའི་ལོ་གཉིས་པ་ཡིན་དགོས་པས་དཔྱད།གང་ལྟར་འགག་བྱང་བྲག་རྒྱབ་སྔགས་རམས་པའི་སློབ་མ་རྒྱར་རྩང་སྒོམ་ཆེན་དུ་གྲགས་པ་དང་།ཨ་ཀྱཱ་ཡོངས་འཛིན་བློ་བཟང་ཉི་མ་སོགས་སྐྱེས་ཆེན་མང་བོ་འདིར་བཞུགས་ནས་སྒོམ་སྒྲུབ་དང་གསུང་ཆོས་གནང་ནས་བསྐྱངས་པ་ཡིན་འདུག

སྤྱི་༡༩༥༨ལོ་དང་རིག་གསར་སྐབས་རྒྱས་བཅོམ།དེང་དུས་ཀྱི་གནས་སྟངས་གསལ་ཁ་ཅན་མ་རྙེད།

About རྩོམ་སྒྲིག་པ།